འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་ཏེ་ཨ་ཆེན་གངས་རྒྱབ་ཀྱིས་དངོས་རིགས་རྩ་ཆེན་གྱི་བདེ་འཇགས་སྲུང་བ།
རྩོམ་པ་པོ།:ལྷ་སྒྲོན་མཚོ་ཡིས་བསྒྱུར།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2023-06-13
ཀློག་གྲངས།:
ཟླ6པའི་ཚེས10ཉིན་ནི་ཀྲུང་གོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”ཐེངས་བདུན་པ་ཡིན། ཉེ་བའི་ལོ་འགའི་རིང་སྲིད་གཞུང་དང་དམངས་ཁྲོད་སྟོབས་ཤུགས་ཀྱི་སྲུང་སྐྱོང་བརྒྱུད། འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་ཏེ་ཨ་ཆེན་གངས་རྒྱབ་དུ་ལོ10རིང་ལ་རི་དྭགས་རྔོན་པའི་མེ་མདའ་ཡི་སྒྲ་མེད་པས། གཙོད་དང་འབྲོང་སོགས་ཀྱི་མདོ་དབུས་མཐོ་སྒང་གི་རྩ་ཆེའི་དངོས་རིགས་ལ་སྲུང་སྐྱོང་ནུས་ལྡན་ཐོབ།
གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་ལ། གཙང་གསུམ་འབྱུང་ཡུལ་ལྟེ་གནས་སུ་ཆགས་པའི་ཨ་ཆེན་གངས་རྒྱབ་ནི་གཙོད་འཚོ་སྡོད་བྱེད་ས་ཡིན་པ་མ་ཟད། གཙོད་ཁྱུའི་གཙོད་ཕྲུག་བཙའ་ས་ཡིན། ལོ་ངོ་སྟོང་ཕྲག་གི་རིང་ལ་རི་སྐྱེས་སྲོག་ཆགས་གཙོད་རྒྱ་ཆེ་བའི་སའི་གོ་ལའི“སྣེ་གསུམ་པར”རང་དགར་འཚོ་བ་དང་རིགས་རྒྱུད་སྤེལ་བཞིན་ཡོད།
གསར་འགོད་པ་ཐེངས་མང་པོར་རུ་མི་དང་མཉམ་དུ་སྐོར་ཞིབ་བྱེད་དུ་ཕྱིན་པ་དང་། ཨ་ཆེན་གངས་རྒྱབ་སུ་བསྐྱོད་ཚེ་སྐོར་ཞིབ་རུ་མི་ཚོས་མཐོ་གྲང་དབྱང་དཀོན་དང་། ནམ་ཟླ་འགྱུར་ལྡོག་ཆེ་ཞིང་ས་བབ་རྙོག་འཛིང་ཆེ་བའི་རང་བྱུང་ཁོར་ཡུག་ངན་པའི་དཀའ་ངལ་སེལ་དགོས།
ལི་ཁྲི་གྲོང་ཚོ་ནི་གཙོད་ཁྱུ་འཚོ་སྡོད་བྱེད་ས་གཙོ་བོ་ཡིན་ལ། ལོ་རེའི་ཟླ5བར་གཙོད་ཁྱུ་འདི་ནས་མགོ་བརྩམས་ནས་ཨ་ཆེན་གངས་རྒྱབ་ཕྱོགས་སུ་གཙོད་ཕྲུག་བཙའ་རུ་བསྐྱོད་བཞིན་ཡོད། 2008ལོར་སྐལ་བཟང་གིས་གཙོད་ཁྱུ་ལ་སྲུང་སྐྱོང་བྱེད་པའི་རུ་ཁག་ཅིག་བཙུགས་ནས་གྲོང་ཚོ་དེར་འཚོ་སྡོད་བྱེད་པའི་གཙོད་ཁྱུ་ལ་མཚོ་བོད་གཞུང་ལམ་བརྒལ་བར་སྲུང་སྐྱོང་བྱས།
ད་ལོར། སྐལ་བཟང་དང་སྲུང་སྐྱོང་རུ་ཁག་གིས་གཙོད་ཁྲི་ལྷག་སྲུང་སྐྱོང་བྱས་ནས་གྲོང་ཚོ་བརྒལ་བ་རེད། ད་ལྟ་སྲུང་སྐྱོང་རུ་ཁག་གི་རུ་མི55སླེབས་ཡོད་ལ། ཆུ་དམར་ལེབ་ཤང་གི་ཏང་ཨུ་ཧྲུའུ་ཅི་རྡོ་རྗེ་དགྲ་འདུལ་གྱིས་བཤད་རྒྱུར། སྔོན་ཆད་མི་ཡིས་ཁུར་ཞིང་རྟ་ཐོག་ནས་སྐྱེལ་བ་ནས་ད་ལྟའི་སྦག་སྦག་འཁོར་ལོས་སྐྱེལ་བ། ལོ་ངོ་སྟོང་ཕྲག་གི་རིང་ལ་མི་དང་གཙོད་ཁྱུ་མཉམ་དུ་འཚོ་ཞིང་འཆམ་མཐུན་མཉམ་གནས་བྱེད་བཞིན་ཡོད་པས། “གཙོད་ནི་ང་ཚོའི་ཁྱིམ་མི་དང་འདྲ་ལ། གཙོད་ཕྲུག་སྲུང་རྒྱུ་ནི་ང་ཚོའི་འགན་ཁུར་ཡིན”ཟེར། །
མིག་སྔར། ཨ་ཆེན་གངས་རྒྱབ་ཀྱི་རི་སྐྱེས་སྲོག་ཆགས་གཙོད་ཀྱིས་གཙོད་ཕྲུག་བཙའ་བའི་དུས་སུ་སླེབས་པས། ཉེ་ཆར་གསར་འགོད་པས་མཚོ་བོད་གཞུང་ལམ་གྱི་སྤྱི་ལེ3001བར་ཐག་ཏུ་གཙོད་ཁྱུ་མཉམ་དུ་འདུས་ཤིང་ལས་དོན་མི་སྣས་ཡར་མར་རྒྱུ་བཞིན་པའི་རླངས་འཁོར་ལ་གནས་སྐབས་ཀྱི་འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱེད་བཞིན་ཡོད་པ་དང་། མགོ་ཁྲིད་མཁན་གཙོད་ཀྱིས་ཡང་ཡང་ཚོད་ལྟ་བྱས་རྗེས་ཉེན་ཁ་མེད་པ་རྟོགས་རྗེས་གཙོད་ཁྱུ་མྱུར་དུ་གཞུང་ལམ་བརྒལ་ནས་ཨ་ཆེན་གངས་རྒྱབ་ཕྱོགས་སུ་བསྐྱོད་པ་མཐོང་།
འདི་ནི་བྲག་ནག་མཚོ་ཕྱོགས་སུ་བསྐྱོད་བཞིན་པའི་གཙོད་ཁྱུ་རེད།
ལོ་རེའི་ཟླ5བ་ནས7པའི་བར་དུ། མཚོ་སྔོན་གཙང་གསུམ་འབྱུང་ཡུལ་དང་བོད་ལྗོངས་བྱང་ཐང་། ཞིན་ཅིང་ཨར་ཅིན་རི་བོ་སོགས་ནས་ཡོང་བའི་གཙོད་ཁྱུ་རིམ་བཞིན་ཨ་ཆེན་གངས་རྒྱབ་ཀྱི་ལྟེ་གནས་བྲག་ནག་མཚོ་རུ་གཙོད་ཕྲུག་བཙའ་བར་བསྐྱོད་པ་དང་། ལོ་རེར་བྲག་ནག་མཚོ་རུ་འདུས་ནས་གཙོད་ཕྲུག་བཙའ་བའི་གཙོད་ཀྱི་གྲངས་འབོར་ཁྲི3.5ལྷག་ལ་ཟིན་ཡོད།གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་ལ། གཙང་གསུམ་འབྱུང་ཡུལ་ལྟེ་གནས་སུ་ཆགས་པའི་ཨ་ཆེན་གངས་རྒྱབ་ནི་གཙོད་འཚོ་སྡོད་བྱེད་ས་ཡིན་པ་མ་ཟད། གཙོད་ཁྱུའི་གཙོད་ཕྲུག་བཙའ་ས་ཡིན། ལོ་ངོ་སྟོང་ཕྲག་གི་རིང་ལ་རི་སྐྱེས་སྲོག་ཆགས་གཙོད་རྒྱ་ཆེ་བའི་སའི་གོ་ལའི“སྣེ་གསུམ་པར”རང་དགར་འཚོ་བ་དང་རིགས་རྒྱུད་སྤེལ་བཞིན་ཡོད།
ཨ་ཆེན་གངས་རྒྱབ་ཀྱི་ཆ་སྙོམས་ས་བབ་སྨི4600ལས་བརྒལ་ཞིང་དྲོད་ཚད་ཆེས་དམའ་བ་ཀོར་ཐིག་མན་གྱི་ཏུའུ40ཡིན།
འདི་ནི་གཙོད་ཁྱུ་མཚོ་བོད་གཞུང་ལམ་བརྒལ་བཞིན་པའི་ཚུལ་རེད།
ལོ་རབས20པའི་དུས་རབས90ནང་དུ་ཀྲུང་གོས་མདོ་དབུས་མཐོ་སྒང་དུ་རི་དྭགས་རྔོན་པར་འགོག་རྒོལ་བྱེད་པའི་དྲག་ཆས་འཐབ་རྩོད་སྤེལ་ནས། སྲིད་གཞུང་གི་བྱེད་ཐབས་མཁྲེགས་པོས་གཙོད་ཁྱུའི་ཁྲག་རྒྱུན་སྲུང་བ་རེད། 1996ལོར་ཨ་ཆེན་གངས་རྒྱབ་ལ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྒོ་བྱང་བཀལ་བ་དང་། ལོ་གཉིས་པར་སྲུང་སྐྱོང་ཁུལ་དེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བདམས། རྗེས་སུ་ཀྲུང་གོ་སྲིད་གཞུང་གིས་མུ་མཐུད་དུ་ཨ་ཆེན་གངས་རྒྱབ་ཀྱི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། མཚོ་བོད་གཞུང་ལམ་འགྲམ་རྒྱུད་ཀྱི་སྲུང་སྐྱོང་ས་ཚིགས་རིམ་བཞིན་འཐུས་ཚང་དུ་གྱུར་ནས“རི་དྭགས་རྔོན་པར་འགོག་རྒོལ”བྱེད་པའི་སྐོར་ཞིབ་ལམ་ལུགས་གཏན་འབེབས་བྱས།གསར་འགོད་པ་ཐེངས་མང་པོར་རུ་མི་དང་མཉམ་དུ་སྐོར་ཞིབ་བྱེད་དུ་ཕྱིན་པ་དང་། ཨ་ཆེན་གངས་རྒྱབ་སུ་བསྐྱོད་ཚེ་སྐོར་ཞིབ་རུ་མི་ཚོས་མཐོ་གྲང་དབྱང་དཀོན་དང་། ནམ་ཟླ་འགྱུར་ལྡོག་ཆེ་ཞིང་ས་བབ་རྙོག་འཛིང་ཆེ་བའི་རང་བྱུང་ཁོར་ཡུག་ངན་པའི་དཀའ་ངལ་སེལ་དགོས།
མི་རབས་ནས་མི་རབས་བར་གྱི་ཨ་ཆེན་གངས་རྒྱབ་མི་ཡིས་མདོ་དབུས་མཐོ་སྒང་དུ་སྐྱེ་ཁམས་དཔལ་ཡོན་གྱི་དར་ཆ་བསྒྲེངས་ནས་ཨ་ཆེན་གངས་རྒྱབ་སྲུང་བཞིན་ཡོད། 2017ལོའི་ཟླ7པའི་ཚེས7ཉིན་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་དུ་བདམས་པ་དང་། འདི་ནི་མཚོ་སྔོན་གྱིས་འཛམ་གླིང་ལ་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་དམ་བཅའ་བཞག་པ་མཚོན་ཡོད།
འདི་ནི་གཙོད་གཅིག་ཡུས་ཧྲུའུ་མངའ་ཁོངས་སུ་བརྒྱུད་བཞིན་པའི་ཚུལ་རེད།
ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་མིང་རྟགས་ཇེ་ཆེར་སོང་བ་དང་བསྟུན། སྔར་ལས་མང་བའི་མཐོ་སྒང་གི་འབྲོག་མི་ཚོ་ཡང་སྐྱེ་ཁམས་སྲུང་སྐྱོང་དཔུང་སྡེ་ནང་ཞུགས་པ་རེད།ལི་ཁྲི་གྲོང་ཚོ་ནི་གཙོད་ཁྱུ་འཚོ་སྡོད་བྱེད་ས་གཙོ་བོ་ཡིན་ལ། ལོ་རེའི་ཟླ5བར་གཙོད་ཁྱུ་འདི་ནས་མགོ་བརྩམས་ནས་ཨ་ཆེན་གངས་རྒྱབ་ཕྱོགས་སུ་གཙོད་ཕྲུག་བཙའ་རུ་བསྐྱོད་བཞིན་ཡོད། 2008ལོར་སྐལ་བཟང་གིས་གཙོད་ཁྱུ་ལ་སྲུང་སྐྱོང་བྱེད་པའི་རུ་ཁག་ཅིག་བཙུགས་ནས་གྲོང་ཚོ་དེར་འཚོ་སྡོད་བྱེད་པའི་གཙོད་ཁྱུ་ལ་མཚོ་བོད་གཞུང་ལམ་བརྒལ་བར་སྲུང་སྐྱོང་བྱས།
ད་ལོར། སྐལ་བཟང་དང་སྲུང་སྐྱོང་རུ་ཁག་གིས་གཙོད་ཁྲི་ལྷག་སྲུང་སྐྱོང་བྱས་ནས་གྲོང་ཚོ་བརྒལ་བ་རེད། ད་ལྟ་སྲུང་སྐྱོང་རུ་ཁག་གི་རུ་མི55སླེབས་ཡོད་ལ། ཆུ་དམར་ལེབ་ཤང་གི་ཏང་ཨུ་ཧྲུའུ་ཅི་རྡོ་རྗེ་དགྲ་འདུལ་གྱིས་བཤད་རྒྱུར། སྔོན་ཆད་མི་ཡིས་ཁུར་ཞིང་རྟ་ཐོག་ནས་སྐྱེལ་བ་ནས་ད་ལྟའི་སྦག་སྦག་འཁོར་ལོས་སྐྱེལ་བ། ལོ་ངོ་སྟོང་ཕྲག་གི་རིང་ལ་མི་དང་གཙོད་ཁྱུ་མཉམ་དུ་འཚོ་ཞིང་འཆམ་མཐུན་མཉམ་གནས་བྱེད་བཞིན་ཡོད་པས། “གཙོད་ནི་ང་ཚོའི་ཁྱིམ་མི་དང་འདྲ་ལ། གཙོད་ཕྲུག་སྲུང་རྒྱུ་ནི་ང་ཚོའི་འགན་ཁུར་ཡིན”ཟེར། །
འབྲེལ་ཡོད་འོས་སྦྱོར།