རྨ་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ནང་མཚོ་སྔོན་ཚུད་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2023-07-26
ཀློག་གྲངས།:
“རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་ཞིང་། རླབས་ཆེ་བའི་ཀྲུང་ཧྭའི་དཔལ་ཡོན་མ་ཡུམ་ཆུ་བོ་འདི་ལ་བརྟེན་ནས་མཚར་ལོངས་བྱུང་བ་ཡིན། ཆུ་བོ་འདིའི་གཞུང་གི་རིང་ཚད་ལ་ལེ་དབར5464ཡོད་ཅིང་། ཞིང་ཆེན་དང་ལྗོངས9བརྒྱུད་ནས་འབབ་པ་དང་། འབབ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི79.5ཡོད་་་་་་”ཅེས་རྨ་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང་དྲིལ་སྒྲོག་བརྙན་ཐུང་ཞིག་དེ་ལྟར་རྔམ་བརྗིད་དང་བཅས་མིག་ལམ་བསྟན་བྱུང་། ཉེ་ལམ་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་རིག་དངོས་ཅུས་སོགས་སྡེ་ཚན་དུ་མས་མཉམ་འབྲེལ་ཐོག«རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་དང་སྲུང་སྐྱོབ་འཆར་འགོད»ཞེས་པ་པར་འགྲེམས་བྱས་འདུག མཚོ་སྔོན་ནི་རྨ་ཆུ་འབབ་རྒྱུད་དུ་ཆགས་པའི་ཞིང་ཆེན་ཡིན་པས། གོང་གི«འཆར་འགོད»ནང་བླངས་ཡོད་པ་རེད།
«རྨ་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་དང་སྲུང་སྐྱོབ་འཆར་འགོད»ལས་རྨ་ཆུ་འབབ་རྒྱུད་ཀྱི་མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། ཉིང་ཞ། ནང་སོག ཧྲའན་ཞི། ཧྲན་ཞི། ཧོ་ནན། ཧྲན་ཏུང་བཅས་ཞིང་ཆེན་དང་ལྗོངས་དགུ་དང་། རྨ་ཆུ་གཞུང་རྒྱུད་དང་ཡན་ལག་གི་འབབ་རྒྱུད་པའི་ཆགས་པའི་རྫོང་རིམ་པའི་སྲིད་འཛིན་ཁུལ་བཅས་སྤྱི་གླིང་གི་ལྟེ་གནས་ཁུལ་གྱི་ཁོངས་སུ་བླངས་ཡོད་པ་རེད། དེས་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ལེགས་གོང་སྤེལ་སྐུལ་འདེད་ལ་སྣེ་ཁྲིད་དེ། «རྨ་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་སྲུང་སྐྱོབ་འཆར་འགོད»དང་། རྨ་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང་གི“ཁྱམས་གཅིག་ཁུལ་བདུན་རྒྱུད་བརྒྱད”ཀྱི་བར་སྟོང་གི་སྤྱིའི་བློ་བཀོད་བཟོས། འཛུགས་སྐྲུན་གྱི་ཆ་ནས་དོ་དམ་ཚོད་འཛིན་དང་སྲུང་སྐྱོབ། བརྗོད་སྙིང་ཅན་གྱི་འགྲེམ་སྟོན། རིག་གནས་ཡུལ་སྐོར་མཉམ་བསྲེས། སྲོལ་རྒྱུན་བེད་སྤྱོད་ལ་སོགས་བྱེད་ནུས་ཁུལ་གལ་ཆེན་རིགས་བཞི་བགོས་ཏེ། རིག་གནས་ཤུལ་བཞག་འཛིན་སྐྱོང་སྤེལ་གསུམ་ལ་ཤུགས་སྣོན་དང་། རྨ་ཆུ་རིག་གནས་ཞིབ་འཇུག་དང་སྔོག་འདོན། ཁོར་ཡུག་གི་སྒྲིག་ཆས་དང་ཞབས་ཞུ་ཆ་ཚང་བ། རྨ་ཆུ་རིག་གནས་ཡུལ་སྐོར་མཉམ་བསྲེས་ལ་སྐུལ་འདེད། གྲངས་ཀའི་རྨ་ཆུ་ཡི་རིག་ཤེས་ངོམ་སྟོན་ལ་ཤུགས་སྣོན་བཅས་འོས་འགན་གཙོ་ཆེ་ལྔ་ལག་བསྟར་ནས་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
མཚོ་སྔོན་ནི་རྨ་ཆུའི་འགོ་ཁུངས་ཡོད་ས་ཡིན་པར་མ་ཟད། རྨ་ཆུ་གཞུང་འབབ་ས་ཁུལ་ཡང་ཡིན། དེ་ཡང་གཞུང་འབབ་ཀྱི་རིང་ཚད་ལ་ལེ་དབར1694ཡོད་ཅིང་། ཞིང་ཆེན་ནང་ཁུལ་གྱི་རྫོང་དང་གྲོང་ཁྱེར། ཆུས35བརྒྱུད་ནས་འབབ་པ་དང་། འབབ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི15.23ཡོད་པ་རེད། དེ་ལས་རྨ་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང(མཚོ་སྔོན་ཁོངས)ཀྱི་འཛུགས་སྐྲུན་ལ་མཚོན་ན། རྨ་ཆུ་འབབ་རྒྱུད་དུ་ཆགས་པའི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་རིག་གནས་ལ་སྔར་ལས་ཁས་ལེན་དང་། སྲུང་སྐྱོབ་དང་རྒྱུད་འཛིན་བེད་སྤྱོད། རིག་གནས་སློབ་གསོ། སྤྱི་གཞུང་ཞབས་ཞུ། སྤྲོ་གསེང་རོལ་རྩེད། ཚན་རིག་ཞིབ་འཇུག་བཅས་ཀྱི་གོ་རིམ་ཁྲོད་ཀྲུང་ཧྭ་མི་རིགས་ཐུན་མོང་འདུ་ཤེས་བརྟན་པོ་འཛུགས་པར་དོན་སྙིང་གལ་ཆེན་ལྡན། རྨ་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་དང་བཀོལ་སྤྱོད་བརྒྱུད་དེ། གླིང་ཁུལ་གྱི་དགེ་མཚན་མི་འདྲ་བ་ཕན་ཚུན་ཁ་གསབ་དང་། ཐུན་མོང་ཁེ་ཕན་མཉམ་ཐོབ། མཉམ་བསྐྲུན་མཉམ་སྤྱོད་བཅས་ལ་སྐུལ་འདེད་དང་། འཛམ་གླིང་གི་ཆུ་བོ་ཆེན་པོའི་དཔལ་ཡོན་གྱི་རིག་གཞུང་རིག་གནས་བརྗེ་སྤེལ་གྱི་སྡིངས་ཆ་གསར་གཏོད་ལ་བརྟེན་ནས་རྨ་ཆུ་རིག་གནས“ཕྱི་རུ་བསྐྱོད”པ་དང་། འཛམ་གླིང་གི་གྲགས་ཆེ་བའི་ཆུ་བོའི་དཔལ་ཡོན“ནང་འདྲེན”ལ་སྐུལ་འདེད་གཏང་རྒྱུ་མ་ཟད། མཚོ་སྔོན་གྱི་རྨ་ཆུ་འབབ་རྒྱུད་ཀྱི་རིག་གནས་ཐོན་ཁུངས་དང་སྐྱེ་ཁམས་ཐོན་ཁུངས་ཀྱི་ཁྱད་ཆོས་ཕྱོགས་ཡོངས་ནས་ལེགས་སྒྲིག་དབྱེ་ཞིབ་ཐོག རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས་འཛུགས་སྐྲུན་དང་། རྨ་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་གྱི་དགོས་མཁོ་དམིགས་སུ་བཟུང་སྟེ། གནས་ངོས་རྒྱུད་གསུམ་མཉམ་འབྲེལ་གྱི་ལམ་ནས“རྒྱུད་གཅིག་ཁྱམས་ཅིག་ཚན་གཉིས་གླིང་དགུ”ཀྱི་བར་སྟོང་ཇུས་འགོད་བྱ་རྒྱུའོ། །
འབྱུང་འགྱུར་རྨ་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་དེ་འཛམ་གླིང་དུ་སྙན་གྲགས་འབར་བའི་ཆུ་ཆེན་རིག་གནས་ངོམ་སྟོན་ཁུལ་དང་། རིག་གནས་རང་རློམ་བརྟན་པོ་དང་། མི་རིགས་ཀྱི་སྙིང་སྟོབས་གཅིག་སྡུད། རྒྱལ་ཁབ་ལ་ཁས་ལེན་ཆེན་པོ་བྱེད་པའི་གཞི་རྟེན་གལ་ཆེན་དུ་འགྱུར་ངེས།

འབྲེལ་ཡོད་འོས་སྦྱོར།