logo

མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་ཆ་འཕྲིན་གསར་ཤོས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2023-10-20 ཀློག་གྲངས།:
       མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ནས་རྒྱུས་ལོན་བྱས་པ་ལྟར་ན། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་དེ་ཐོག་མར་སྤྱི་ལེ་ངོས་གྲུ་བཞི་མ་ཁྲི1.16གཏན་འཁེལ་བྱས་ཡོད་ཅིང་། དེ་ལས་ལྟེ་བའི་སྲུང་སྐྱོང་ཁུལ་ལ་སྤྱི་ལེ་ངོས་གྲུ་བཞི་མ་ཁྲི0.51དང་། སྤྱིར་བཏང་ཚོད་འཛིན་ཁུལ་ལ་སྤྱི་ལེ་ངོས་གྲུ་བཞི་མ་ཁྲི0.65ཡོད་པས44.3%དང55.7%སོ་སོར་བཟུང་ཡོད།
       མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་དོན་སྤེལ་ཚུན། མཚོ་སྔོན་ཞིང་ཆེན་གྱིས་འདམ་ར་དང་། ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོ་སོགས་སྐྱེ་ཁམས་སྲུང་སྐྱོང་ལས་གཞི་སྔ་རྗེས་སུ་ལག་བསྟར་བྱས་པ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་མཚོན་བྱེད་རང་བཞིན་དང་། ཆུ་གནས་འཕར་བའི་རྣམ་པ། ཆུའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན། མཛེས་ལྗོངས་ཁུལ་དང་དེ་བཞིན་ཉེ་འཁོར་གྱི་ཡུལ་སྐོར་འདེབས་འཛུགས་དང་གསོ་ཚགས་ཐོན་ལས་ཀྱིས་མཚོ་སྔོན་པོའི་ཆུ་སྤུས་ལ་ཤུགས་རྐྱེན་ཐེབས་ཚད་སོགས་ལ་ཆེད་དོན་ཞིབ་འཇུག་བྱས་པར་མ་ཟད། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཆེད་དོན་བརྟག་དཔྱད་སྙན་ཞུ་དང་། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རི་ཆུ་ནགས་དང་། ཞིང་ལས། མཚེའུ། རྩྭ་བྱེ་འཁྱགས་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་འདུ་འགོད་ཀྱི་ཕྱོགས་སྟོན་སོགས་གྲུབ་འབྲས་ཁག8བླངས་པ་དང་། དེ་ལ་བརྟེན་ནས་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རི་ཆུ་ནགས་དང་། ཞིང་ལས། མཚེའུ། རྩྭ་བྱེ་འཁྱགས་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་འདུ་འགོད་ཀྱི་ཕྱོགས་སྟོན་དང་། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྲུང་སྐྱོང་དོ་དམ་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་རགས་ཙམ་ཆགས་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་རྩྭ་ཕྱུགས་དོ་སྙོམས་ཀྱི་ཇུས་གཞི་བཟོ་བཞིན་ཡོད།
       གཞི་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཡུལ་སྐོར་བར་མཐོངས་བཀོད་སྒྲིག་དང་། དམིགས་བསལ་ཆོག་འཐུས་གཉེར་སྐྱོང་། སྡེ་ཁུལ་འཕེལ་རྒྱས། རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཉམས་ལེན་སོགས་ཀྱི་འཆར་འགོད་བཟོ་བ་དང་འཐུས་ཚང་དུ་བཏང་ནས་རང་བྱུང་སློབ་གསོ་དང་སྐྱེ་ཁམས་མྱོང་རོལ་གཏིང་ཟབ་བྱ་རྒྱུ་རེད། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་སྡེ་ཁུལ་མཉམ་སྐྲུན་མཉམ་སྤྱོད་ཀྱི་ཕྱོགས་སྟོན་དང་མཚོ་སྔོན་པོའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་ལས་གནས་བཀོད་སྒྲིག་གི་ཇུས་གཞི་སོགས་བཟོས་ནས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་གི་ཕན་འབྲས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་རེད། དེ་དང་ཆབས་ཅིག་མཚོ་སྐོར་མཛེས་ལྗོངས་ཁུལ12བཙུགས་ནས་འབྲེལ་ཡོད་སྡེ་ཚན་དང་མཚོ་སྐོར་ས་གནས་སྲིད་གཞུང་བར་ཡུལ་སྐོར་སྒྲིག་ལམ་རྒྱུན་མཐུད་ངང་ཚད་ལྡན་དུ་གཏོང་བ་དང་། ཡུལ་སྐོར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། བཅོས་སྒྲིག་གྲུབ་འབྲས་སྲ་བརྟན་དང་ཇེ་ལེགས་སུ་བཏང་།
       མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཏུང་ཕུའུ་ཧའེ་ཡིས་འདི་སྐད། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཆར་འགོད་མ་ལག་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། «མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད»བཟོས་ཏེ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་དང་ཡན་ལག་ཁུལ་མགྱོགས་མྱུར་གཏན་འཁེལ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དང་། ཐོན་སྐྱེད། འཚོ་བ་བཅས་ཀྱི་བར་མཐོངས་ཚན་རིག་དང་མཐུན་པའི་ངང་དབྱེ་འབྱེད་བཅས་བྱས་ནས2024ལོར་དུས་བཀག་ལྟར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་སྙན་ཞུ་ལ་བརྩོན་ལེན་བྱ་འཆར་ཡོད་ཅེས་ངོ་སྤྲོད་བྱས།
འབྲེལ་ཡོད་འོས་སྦྱོར།