མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དོན་གྲོས་ཚོགས་བསྡུས།
རྩོམ་པ་པོ།:
ཡོང་ཁུངས།:ཉིན་རེའི་གངས་ལྗོངས།
དུས་ཚོད།:2023-11-08
ཀློག་གྲངས།:
ཟླ11པའི་ཚེས6ཉིན། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དོན་གྲོས་ཚོགས་བསྡུས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྲུང་སྐྱོབ་ཆེན་མོ་མཉམ་འཛིན་དང་གསར་སྤེལ་མི་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཚོ་སྔོན་གྱི་རྒྱུགས་ལན་སྤྲོད་དགོས་པ་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་གཏམ་བཤད་སྤེལ་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད།
གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་ལ་མཐོང་ཆེན་བྱེད་ཅིང་། ཉེ་བའི་ལོ་འགའི་རིང་ལ་རང་ཞིང་གིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱེད་སའི་མཚོ་སྔོན་པོའི་དཔེ་སྟོན་ས་ཁུལ་གསར་འཛུགས་བྱེད་པ་གནད་དུ་བཟུང་སྟེ། བསྟུད་མར་སྲུང་སྐྱོབ་དང་སླར་གསོ། བཅོས་སྐྱོང་བཅས་ཀྱི་ཤུགས་ཚད་ཇེ་ཆེར་བཏང་བས། མཚོ་སྔོན་པོར་འཕར་བ་གསུམ་དང་འཕྲི་བ་གསུམ། མི་འགྱུར་བ་གཅིག་བཅས་ཀྱི་རྣམ་པ་བཟང་བོ་མངོན་ཡོད་ལ། རྩྭ་ཆུ་མཚོ་གསུམ་དང་ཉ་དང་བྱ་བཅས་མཉམ་གནས་བྱེད་པའི་སྐྱེ་ཁམས་དོ་མཉམ་བྱུང་ནས། སྐྱེ་ཁམས་ཁོར་ཡུག་བསྟུད་མར་ཇེ་བཟང་དུ་འགྲོ་བཞིན་ཡོད།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། མཚོ་སྔོན་པོའི་སྐྱེ་ཁམས་གོ་གནས་གལ་ཆེན་ཡིན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་དོ་མཉམ་ཡོང་བ་འཚོལ་ཞིབ་བྱས་ཏེ། མིག་སྔར་འཕྲད་པའི་དཀའ་ཁག་མང་བོ་ཐག་གཅོད་བཟང་བོ་བྱེད་པ་ནི་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཁག་ཁུར་དང་ནུས་པའི་སྤྱོད་ཚུལ་ལ་ཉམས་སད་བྱེད་པའི་བརྟག་རྡོ་ལྟ་བུ་ཞིག་ཡིན་ལ། ནན་ཏན་གྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་སྒྲིག་འཛུགས་གཏན་འབེབས་བྱེད་དགོས་པ་དང་། སྐྱེ་ཁམས་གཙོར་འཛིན་དང་ལྷད་མེད་འཕེལ་རྒྱས་འདུ་ཤེས་བརྟན་པོར་བཙུགས་ནས། བསྟུད་མར་ཆེ་ཕྱོགས་ཀྱི་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ་དང་གཅིག་གྱུར་སྦྲེལ་མཐུད་དང་བྱེད་ནུས་ཁ་གསབ། ཕན་ཚུན་མཐུན་སྦྱོར་བཅས་ཀྱི་འཆར་འགོད་མ་ལག་ཆགས་པར་བྱེད་དགོས། དོ་དམ་སྒྲིག་ལུགས་རྐྱེན་སྲོལ་ལེགས་སྒྲིག་བྱེད་པ་དང་། ནན་ཏན་གྱིས་ཉམས་མྱོང་སྤྱི་བསྡོམས་དང་ལེགས་བཅོས་ཁ་ཕྱོགས་འཚོལ་ཞིབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་མཉམ་དུ་འཛིན་པའི་བསམ་བློ་བཅངས་ནས་མཉམ་དུ་དོ་དམ་བྱེད་པའི་བྱ་བའི་རྣམ་པ་ཆགས་པར་བྱེད་དགོས། མཚོ་རྩྭའི་གནད་དོན་ལ་མཐོང་ཆེན་བྱས་ཤིང་། ཞིབ་འཇུག་ལ་ཤུགས་སྣོན་དང་གནད་འཁེལ་ཇུས་བསྟར། ཚན་རིག་བཅོས་སྐྱོང་བཅས་ལ་མཐོང་ཆེན་བྱས་ཏེ། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་ལ་འགན་སྲུང་བྱེད་དགོས། བཙོག་ཆུའི་འགོག་བཅོས་བྱ་བ་དེ་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ། ཕྱོགས་ཡོངས་ནས་མཚོ་དཔོན་འགན་འཁྲི་དངོས་འབེབ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་རྟོག་ཞིབ་བཤེར་ནུས་པ་འདོན་སྤེལ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་གསང་སྤྱོད་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། མཐའ་གཅིག་ཏུ་འཚོ་བ་དང་ཐོན་སྐྱེད་ཀྱི་བཙོག་ཆུ་སོགས་ལས་སྐྱེ་ཁམས་ཁོར་ཡུག་ལ་ཡང་བསྐྱར་གནོད་པ་བཟོ་བའི་གནད་དོན་སྔོན་འགོག་བྱེད་དགོས། ཉེན་ཁར་དོགས་ཟོན་བྱེད་པའི་གྲ་སྒྲིག་ཡོད་པའི་བྱ་བ་བཟང་བོར་སྒྲུབ་སྟེ། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་གླེང་ཕྱོགས་ཀྱི་ཚད་འཇལ་ཁྲིད་སྟོན་ལ་མཐོང་ཆེན་བྱས་ནས། འབུར་ཐོན་གནད་དོན་འཕྲལ་དུ་སྒྲུབ་པའི་ནུས་པ་མཐོར་འདེགས་བྱེད་དགོས། ཟོལ་མེད་ཀྱིས་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་བྱ་བ་དམ་འཛིན་དང་བསྟུད་མར་ལྐོག་རྔོན་བྱ་སྤྱོད་ལ་ཆམ་ཕབ་བཏང་སྟེ། ཉ་རིགས་དག་ཕྱིར་ཆུ་མགོར་བསྐྱོད་པ་དང་འདབ་ཆགས་ཀྱི་གནས་སྤོར་རྒྱུ་ལམ་ལ་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ནས་དྲིལ་སྒྲོག་དང་ཁྲིད་སྟོན་བྱ་བ་རྒྱ་ཆེར་སྤེལ་དགོས། མུ་མཐུད་དུ་བྱེ་འགོག་བྱེ་བཅོས་བྱས་ནས་བཅོས་སྐྱོང་རྐྱེན་སྲོལ་ལེགས་སྒྱུར་བྱེད་པ་དང་། མཚོ་སྐོར་བྱེ་འགོག་ཕན་ནུས་སྲ་བརྟན་དུ་བཏང་ནས་རྩྭ་ཕྱུགས་དོ་མཉམ་པའི་བྱ་བ་བཟང་བོར་བསྒྲུབ་དགོས། སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་བཅད་བཟང་བོ་བྱེད་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་མ་མཐའི་ཚད་ཐིག་བརྟན་པོར་སྲུང་བ་དང་ལུགས་མཐུན་གྱིས་གནས་སྐོར་ཐོན་ཁུངས་གསར་སྤེལ་བྱེད་པ། ཞིང་ལས་ལ་མཉམ་འབྲེལ་སྐུལ་ཁྲིད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཟོལ་མེད་ཀྱིས་སྲུང་སྐྱོབ་ཁྲོད་ནས་འཕེལ་རྒྱས་སུ་འགྲོ་བ་དང་འཕེལ་རྒྱས་ཁྲོད་ནས་སྲུང་སྐྱོབ་བྱེད་པ་མངོན་འགྱུར་བྱེད་དགོས།
གྲོས་ཚོགས་ནས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཆར་འགོད་མ་ལག་གི་འཛུགས་སྐྲུན། མཚོ་རྩྭའི་བཅོས་སྐྱོང་སོགས་བྱ་བའི་གནས་ཚུལ་ལ་ཉན། ཚོགས་འདུ་མ་བསྡུས་གོང་ཁྲིན་ཀང་གིས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་རྟོག་ཚད་འཇལ་ལྟེ་གནས་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་རྟོག་ཞིབ་བཤེར་གཞུང་སྒྲུབ་ཁང་། ཞིང་ཆེན་འཕྲོ་འགྱེད་ཁོར་ཡུག་དོ་དམ་ས་ཚིགས་བཅས་སུ་རྟོག་ཞིབ་བྱས།
ཞིང་ཆེན་གྱི་མགོ་ཁྲིད་པ་ཀྲུའུ་ཞང་ཧྥུན་དང་། ལོའུ་ཀང་། ལིའུ་ཐའོ། ཧི་ལུའུ་ཁྲུན་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

འབྲེལ་ཡོད་འོས་སྦྱོར།