སའི་གོ་ལའི“མཁལ་མ”རུ་འབོད་པའི་བརླན་ས་སྲུང་བ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-03-12
ཀློག་གྲངས།:
བརླན་སར་སའི་གོ་ལའི“མཁལ་མ”ཞེས་བསྔགས་བཞིན་ཡོད་ཅིང་། གཙང་པོའི་ཆུ་རྒྱུན་དང་མཚེའུ་ཡི་ཆུ་རྒྱུན། རི་ལས་འབབ་པའི་ཆུ་མིག་སོགས་གཙང་མར་བསྒྱུར་ཏེ་སྐྱེ་དངོས་ཡོད་དོ་ཅོག་ལ་ཚེ་སྲོག་གི་རྒྱུ་བ་བསྩལ་དང་སྩོལ་བཞིན་ཡོད། གནའ་ནས་ད་རག་བར་དུ། མིའི་རིགས་ཀྱིས་ཆུ་བོ་དེད་ནས་གཞིས་ཆགས་ཤིང་། ཤེས་རིག་ཀྱང་ཆུ་བོ་དང་འགྲོགས་ནས་འཁྲུངས་པས་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་དེ་བརླན་ས་དང་འབྲེལ་བ་དམ་ཟབ་ཡོད། ཉི་ཟླའི་འཆར་ནུབ་དང་། རྩི་ཤིང་སྐྱེ་བ་དང་འདབ་ཆགས་འཕུར་བ། དུས་ཚོད་དང་དུས་ཚིགས་ཀྱི་འགྱུར་ལྡོག་ཁྲོད། བརླན་ས་ཡིས་སའི་གོ་ལའི་སྟེང་གི་ཆེས་མཛེས་སྡུག་ལྡན་པའི་རི་མོར་མཛེས་རྒྱན་སྤྲས།
མཚོ་སྔོན་ལ་མཚོན་ན་བརླན་ས་ནི་སྐྱེ་ཁམས་ཐོན་ཁུངས་གལ་ཆེན་ཞིག་ཡིན་ལ་སྐྱེ་ཁམས་ཀྱི་རྨང་གཞི་གལ་ཆེན་ཞིག་ཀྱང་ཡིན། བརླན་སར་སྲུང་སྐྱོབ་བྱ་རྒྱུ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། མཚོ་སྔོན་གྱིས་བརླན་ས་སྲུང་སྐྱོབ་དང་ཉམས་གསོ། དོ་དམ་བཅས་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་བས། ཞིང་ཆེན་ཡོངས་ཀྱི་བརླན་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི712ཟིན་ཏེ། རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
ཙོང་ཆུའི་འགྲམ་ནས་མཚོ་སྔོན་པོའི་འགྲམ་བར་དང་། མདོ་ལ་རིང་མོའི་འདབས་རོལ་ནས་གཙང་གསུམ་འབྱུང་ཡུལ་གྱི་ལྟེ་བའི་བར་ཕུན་སུམ་ཚོགས་པའི་བརླན་སའི་ཐོན་ཁུངས་ཀྱིས་ཆུ་ཁུངས་གསོ་སྐྱོང་དང་། ཆུའི་སྤུས་ཚད་གཙང་སྒྱུར། ཆུ་ལོག་སྙོམ་སྒྲིག་དང་གསོག་ཉར། གནམ་གཤིས་སྙོམས་སྒྲིག་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སོགས་ཀྱི་ཐད་ལ་སྐྱེ་ཁམས་ཀྱི་ནུས་པ་གལ་ཆེན་བཏོན་ཏེ། སྐྱེ་དངོས་ཐམས་ཅད་འཚོ་གནས་བྱེད་པར་འཚམ་པའི་སྐྱེ་ཁམས་ཁོར་ཡུག་བསྐྲུན་ཡོད། །
འབྲེལ་ཡོད་འོས་སྦྱོར།