མཚོ་ལྷོ་ཁུལ་གྱིས2025ལོའི་བྱང་གསུམ་བཟོ་སྐྲུན་རྒྱལ་ཁོངས་ལྗང་བསྒྱུར་དང་འོས་འགན་སྡོང་འཛུགས་ཀྱི་མགོ་རྩོམ་ཚོགས་ཆེན་བསྡུས་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2025-04-10
ཀློག་གྲངས།:
ཉེ་སྔོན། མཚོ་ལྷོ་ཁུལ་གྱིས2025ལོའི་བྱང་གསུམ་བཟོ་སྐྲུན་རྒྱལ་ཁོངས་ལྗང་བསྒྱུར་དང་འོས་འགན་སྡོང་འཛུགས་མགོ་རྩོམ་ཚོགས་ཆེན་བསྡུས་པ་དང་བསྟུན་ནས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་མགོ་བརྩམས་པ་ཁྱབ་སྒྲོག་བྱས་ཏེ་ཁུལ་ཡོངས་ཀྱི2025ལོའི་རྒྱལ་ཁོངས་ལྗང་བསྒྱུར་ཁྱོན་ཡོངས་ནས་མགོ་བརྩམས་པའི་བརྡ་བཏང་བ་རེད།
མགོ་བརྩམས་ཚོགས་འདུའི་སྟེང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་སྐུལ་སློང་གཏམ་བཤད་སྤེལ་ཏེ། ཚད་གཞི་སྔར་ལས་མཐོ་བ་དང་རེ་བ་སྔར་ལས་ནན་མོ། བྱེད་ཐབས་སྔར་ལས་ནུས་ལྡན་བཅས་བཏོན་ནས། ཕྱོགས་ཡོངས་ནས་བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་དང་འོས་འགན་སྡོང་འཛུགས་བྱ་བར་སྐུལ་འདེད་བཏང་སྟེ། ཁུལ་ཡོངས་ཀྱི་གོང་འོང་ཚང་མ་རྒྱལ་ཁོངས་ལྗང་བསྒྱུར་ཁྲོད་ཞུགས་དགོས་པའི་འབོད་སྐུལ་བཏང་། ཞིང་ཆེན་ནགས་ལས་ཅུའུ་ཡི་ཏང་ཙུའུ་ཁོངས་མིའམ་ཅུའུ་ཀྲུང་གཞོན་པ་བསྟན་འཛིན་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་དང་། མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད་པར་ཁས་ལེན་གང་ལེགས་བྱས་ཤིང་། མ་འོངས་པར་རེ་བ་ཆེན་པོ་བཅངས་ཡོད། ཁུལ་ཨུའི་རྒྱུན་ཨུའམ་གུང་ཧོ་རྫོང་ཨུའི་ཧྲུའུ་ཅི་དགེ་འདུན་རྒྱལ་གྱིས་མགོ་རྩོམ་ཚོགས་འདུར་མགོ་འཛིན་བྱས་ཤིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚེ་རིང་དང་ཆབ་ཆར་སྡོད་པའི་ཁུལ་རིམ་པའི་མགོ་ཁྲིད་དང་གུང་ཧོ་རྫོང་གི་སྡོང་འཛུགས་ཁྲོད་ཞུགས་པའི་ལས་བྱེད་མང་ཚོགས། ཁུལ་གཏོགས་ལས་བྱེད་ལས་བཟོ་བ། ལས་རིགས་ཁག་སོ་སོའི་འཐུས་ཚབ་བཅས་མི500ལྷག་ལྷན་དུ་འཛོམས་ནས་ཐུན་མོང་ཐོག་སྡོང་འཛུགས་ནགས་སྐྲུན་གྱི་བྱ་བའི་ཁྲོད་ཞུགས་པ་རེད།
ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ནང་། རང་ཁུལ་གྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར26.09བཏང་ནས་ས་མུའུ་ཁྲི267.33ལ་སྡོང་བོ་བཙུགས་པ་དང་། ས་མུའུ་ཁྲི735.35ཡི་རྩྭ་ས་ལེགས་བསྒྱུར། ས་མུའུ་ཁྲི1110.84ཡི་རྩྭ་སར་ལྕགས་ར་སྐོར་བ་དང་། བྱེ་འགྱུར་གྱི་ས་ཞིང་མུའུ་ཁྲི200.63བཅོས་སྐྱོང་བྱས་ནས་ས་རྒོད་དང་བྱེ་ཐང་དུ་འགྱུར་བའི་གནད་དོན་ཐག་གཅོད་བྱས་ཏེ་སྔོ་ཁེབས་ཚད་མངོན་གསལ་གྱིས་ཇེ་བཟང་དུ་ཕྱིན་ཡོད། 2025ལོར་རང་ཁུལ་གྱིས་བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་ལ་ཤུགས་བཏོན་ནས་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ཀྱི་བྱ་འགུལ་སྤེལ་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་མཐུད་ངང་བརྟན་པོར་བཏང་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལེའུ་གསར་པ་རྩོམ་པར་འབད་བརྩོན་བྱེད་བཞིན་ཡོད། །

འབྲེལ་ཡོད་འོས་སྦྱོར།