ས་ཡོམ་དང་ས་ཡོམ་གྱི་གནོད་འཚེ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-06-07
ཀློག་གྲངས།:
སའི་གོ་ལ་ནི་འགྲོ་བ་མིའི་རིགས་འཚོ་སྡོད་བྱེད་སའི་ཕ་གཞིས་དྲོན་མོ་ཡིན་པ་དང་། ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་ཆེ་གྲས་ཤིག་ཀྱང་ཡིན། དེ་དུས་ཚོད24རེའི་ནང་རང་འཁོར་རེ་རྒྱག་པས། ང་ཚོར་ཉིན་དཀར་དང་མཚན་མོའི་དབྱེ་བ་ཁྱེར་ཡོང་ལ། ད་དུང་ཉི་མ365རེའི་ནང་དུ་ཉི་མར་སྤྱི་འཁོར་ཐེངས་ཤིག་རྒྱག་བཞིན་ཡོད་པས། ང་ཚོར་དབྱར་དགུན་སྟོན་དཔྱིད་དེ་དུས་ཚིགས་བཞིའི་འགྱུར་བའང་གནང་བ་ཡིན། དེ་དང་ལྷན་དུ། ཚེ་སྲོག་གི་རྒྱུ་བས་ཁེངས་པའི་སའི་གོ་ལའི་གྲུ་གཟེངས་ཆེན་པོ་འདི་ཉི་མའི་ཁྱིམ་རྒྱུད་དང་ལྷན་དུ་དགུ་ཚིགས་བསྐོར་ཏེ་སྐྱོད་བཞིན་ཡོད་པར་མ་ཟད། དགུ་ཚིགས་དང་འགྲོགས་ཏེ་འཇིག་རྟེན་གྱི་ཁམས་ཆེན་པོའི་ཁྲོད་འཕུར་བཞིན་ཡོད། འདིའི་ཐད་ནས་བཤད་ན། སའི་གོ་ལའི་སྟེང་གི་མི་རེ་རེ་ནི་འཇིག་རྟེན་ཁམས་ཆེན་པོ་འདིའི་ལྗོངས་རྒྱུ་པ་རེ་རེ་ཡིན།
སའི་གོ་ལར་འགུལ་སྐྱོད་བྱེད་ཚུལ་སྣ་ཚོགས་ཤིག་ཡོད། ཕྱོགས་གཅིག་ནས་སའི་གོ་ལ་ནི་འཇིག་རྟེན་ཁམས་ཆེན་པོ་རུ་མགྱོགས་མྱུར་སྒོས་འཕུར་བཞིན་ཡོད་ལ། ཕྱོགས་གཞན་ཞིག་ནས་སའི་གོ་ལའི་ནང་ཁུལ་དུའང་འགུལ་སྐྱོད་ཀྱི་འགྱུར་ལྡོག་བར་མེད་དུ་འབྱུང་བཞིན་ཡོད། སའི་གོ་ལའི་འགུལ་སྐྱོད་མང་ཆེ་བ་ཞིག་མིའི་རིགས་ཀྱི་ཚོར་ཡུལ་དུ་མངོན་མི་སྲིད། དཔེར་ན། ང་ཚོ་བོད་མི་རིགས་འདུས་སྡོད་བྱེད་སའི་མཐོ་སྒང་འདི་དལ་བུར་ཡར་འབུར་བ་ལྟ་བུའོ།། ཡིན་ནའང་སའི་གོ་ལའི་འགུལ་སྐྱོད་ཁ་ཤས་ཤིག་འགྲོ་བ་མིའི་ཚོར་ཡུལ་དུ་མངོན་ཐུབ་སྟེ། དཔེར་ན། ས་ཡོམ་དང་མེ་རི་འཕྱུར་བ་ལྟ་བུའོ།།
ས་ཡོམ་ནི་སའི་གོ་ལའི་ནང་རོལ་གྱི་འགུལ་སྐྱོད་མངོན་སྟངས་ཤིག་ཡིན། དེས་གཏོར་བརླག་བཟོས་པ་ཤིན་ཏུ་ཚབས་ཆེན་ཡིན་པས་གནའ་དེང་ཀུན་ཏུ་དེར་དོ་སྣང་བྱེད་བཞིན་ཡོད། འགྲོ་བ་མིའི་རིགས་ཀྱི་ཤེས་རིག་ལོ་རྒྱུས་རིང་མོའི་ཁྲོད། མི་རྣམས་ཀྱིས་རྒྱུན་ཆད་མེད་པར་ས་ཡོམ་གྱི་འབྱུང་རྐྱེན་འཚོལ་བཞིན་ཡོད་ལ། ས་ཡོམ་གྱི་གསང་བ་དེ་ཤེས་པར་འདོད་མོད། ཡིན་ནའང་ཤེས་རྟོགས་ལ་ཚད་བཀག་ལྡན་པས། རང་སྣང་ཙམ་ལ་བརྟེན་ནས་ས་ཡོམ་གྱི་སྣང་ཚུལ་འགྲེལ་བཞིན་ཡོད། གནའ་མི་བོད་ཀྱི་ཁ་རྒྱུན་ལ། རི་རབ་ཆུ་ཀླུང་ཀུན་ཏུ་ལྷ་ཀླུ་གཉན་གསུམ་བཞུགས་པས། རི་ཆུ་སོགས་ལ་གནོད་པ་བྱས་ཚེ་དེ་དག་ཁྲོས་དུས་ས་ཡོམ་འབྱུང་ཟེར། ཡང་ལ་ལས། འཇིག་རྟེན་གྱི་ཁམས་ཆེན་པོ་འདིར། རི་ཆུ་ནགས་བྲག་སོགས་གང་རུང་བརླགས་ན་རང་བྱུང་གི་ཁམས་འཁྲུགས་ཤིང་། ཁམས་མ་བདེ་ན་ས་དགྲ་མེ་དགྲ་ཆུ་དགྲ་སོགས་འབྱུང་བས་ས་ཡོམ་ཡང་དེ་དེ་བཞིན་ནོ་ཟེར། གནའ་དུས་སུ་རྒྱ་ལའང་བཤད་སྲོལ་འདི་འདྲ་ཞིག་ཡོད་དེ། ས་འོག་ན་ཆུ་སྲིན་ཆེན་པོ་ཞིག་ཡོད་པ་དེས་ས་གཞི་འདི་སྒལ་བས་བཏེགས་ཡོད་པ་དང་། དུས་ཡུན་རིང་བོ་ཞིག་གི་རྗེས་སུ་འགྲེ་ལྡོག་རེ་རྒྱག་པས། དེ་ལ་ས་ཡོམ་བྱུང་བར་བརྗོད། ཉི་ཧོང་གི་ལོ་རྒྱུས་དེབ་ཐར་ཁྲོད་དུའང་དེ་དང་འདྲ་བར“ས་ཡོམ་འབུ”ཞེས་སའི་གོ་ལའི་འོག་ཉ་ཆེན་པོ་ཞིག་ཉལ་འདུག་པ་དེ་ཁོང་ཁྲོ་ལངས་སྐབས་ལུས་ཡོངས་འགུལ་བས་ས་ཡོམ་བྱུང་བར་བརྗོད། གནའ་བོའི་རྒྱ་གར་པས། ས་འོག་ཏུ་ཡོད་པའི་གླང་ཆེན་ཁོང་ཁྲོ་ལངས་པས་ས་ཡོམ་བྱུང་བར་བཤད། གནའ་བོའི་ཡོ་རོབ་པ་རྣམས་ཀྱིས་ཀྱང་ས་ཡོམ་ནི་ལྷས་འགྲོ་བ་མིའི་རིགས་ཀྱི་ཀུན་སྤྱོད་མི་གཙང་བར་བཀའ་ཆབ་ཕབ་པ་ཞིག་ཡིན་པར་འདོད།
རང་བྱུང་ཚན་རིག་གོང་ནས་གོང་དུ་འཕེལ་བ་དང་བསྟུན། འགྲོ་བ་མིའི་རིགས་ཀྱིས་ས་ཡོམ་ལ་རྒྱུས་ལོན་བྱེད་པ་ལྷ་སྒྲུང་དང་གཏམ་རྒྱུད་ཙམ་མ་ཡིན་པར། དུས་རབས19པའི་མཇུག་ཏུ། ས་ཡོམ་ལ་བརྟག་དཔྱད་འཇལ་ཆས་ཞིབ་ཚགས་ལྡན་པ་ཞིག་གསར་གཏོད་བྱས་པས། དཔྱད་ཆས་དེེར་བརྟེན་ནས་ས་ཡོམ་ལ་བརྟག་དཔྱད་དང་ཉམས་ཞིབ་བྱེད་པའི་ཚན་རིག་གི་དུས་སྐབས་སུ་ཕྱིན་ཅིང་། ས་ཡོམ་གྱི་ཁྱད་ཆོས་དང་འགུལ་སྐྱོད་རང་བཞིན་ལ་རྒྱུས་ལོན་བྱེད་པ་ཇེ་ཟབ་ཏུ་ཕྱིན་པ་དང་བསྟུན། ས་ཡོམ་ནི་རླུང་གཡུགས་པ་དང་ཆར་འབབ་པ། མཚོ་རླབས་འཕྱུར་བ་ལྟར་རང་བྱུང་སྣང་ཚུལ་ཞིག་ཡིན་པར་ངོས་འཛིན་བྱེད་པ་དང་། དེ་དག་ཚང་མ་སའི་གོ་ལའི་འགུལ་སྐྱོད་དང་འབྲེལ་བ་ཡོད་པའང་ཤེས།
བརྟག་དཔྱད་ལྟར་ན། སའི་གོ་ལའི་སྟེང་དུ་ལོ་རེར་ས་ཡོམ་ཐེངས་ས་ཡ5ལྷག་འབྱུང་བཞིན་ཡོད་པ་དང་། དེ་ལས་ས་ཡོམ་མང་ཆེ་བ་ཞིག་ཡོམ་རིམ་ཤིན་ཏུ་དམའ་བས་མིའི་ཚོར་ཡུལ་དུ་མངོན་མི་སྲིད་ལ། འགྲོ་བ་མིའི་རིགས་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་ས་ཡོམ་ཧ་ཅང་ཉུང་། ཐང་ཧྲན་ས་ཡོམ་ཆེན་པོ་དང་ཁྲི་ཚང་ས་ཡོམ་ཆེན་པོ། ཉི་ཧོང་ས་ཡོམ་ཆེན་པོ་སོགས་གནོད་འཚེ་དང་གྱོང་གུད་ཚབས་ཆེན་གཏོང་བའི་ས་ཡོམ་དེ་ལྟ་བུ་ནི་རྒྱུན་དུ་འབྱུང་བ་ཞིག་མིན། གལ་ཏེ་ཟིན་ཐོར་འཁོད་ཐེངས་རེར་ས་ཡོམ་ཚང་མ་འཛམ་གླིང་གི་ས་ཁྲའི་སྟེང་བཀོད་ན། ས་ཡོམ་ནི་ཆ་སྙོམས་ཀྱིས་ཁྱབ་ཡོད་པ་ཞིག་མིན་པར་ས་ཆ་ལ་ལར་མང་བ་དང་ས་ཆ་ལ་ལར་ཉུང་བ་དེ་ཤེས་ཐུབ་ལ། ཁྱབ་སྟངས་ཀྱི་ཐད་ནས་ཀྱང་ཆོས་ཉིད་ངེས་ཅན་ཞིག་ཡོད།
ས་ཡོམ་བྱུང་བའི་གནས་དེར་ཡོམ་ཁུངས་ཟེར་བ་དང་། ས་ངོས་ནས་ཡོམ་ཁུངས་ལ་ཁ་གཏད་པའི་གནས་དེར་ཡོམ་ལྟེ་ཟེར། ཡོམ་ཁུངས་ནས་ས་ངོས་ཀྱི་ཐད་དུ་དྲང་མོར་འཕྱང་བའི་བར་ཐག་ལ་ཡོམ་ཁུངས་ཀྱི་ཟབ་ཚད་ཅེས་བརྗོད། གལ་ཏེ་ས་ཆ་ག་གེ་མོ་ཞིག་ཏུ་བསྡད་དེ་ས་ཡོམ་དང་རྒྱང་ཐག་ཅི་ཙམ་རིང་བ་ཤེས་འདོད་ཚེ། ཡོམ་ལྟེའི་བར་ཐག་ཅེས་པ་འདི་བཀོལ་ཏེ་དཔྱད་ཆོག
ཡོམ་ལྟེའི་བར་ཐག་ཅེས་པ་ནི་ས་ཆ་ག་གེ་མོ་ཞིག་ནས་ཡོམ་ལྟེའི་བར་གྱི་བར་ཐག་དེར་གོ་བ་ཡིན། སྤྱིར་ཡོམ་ལྟེའི་བར་ཐག་ལ་སྟོང་སྨི100ལས་ཐུང་བའི་ས་ཡོམ་ལ་ཡུལ་གྲུའི་ས་ཡོམ་ཟེར་བ་དང་། ཡོམ་ལྟེའི་བར་ཐག་ལ་སྟོང་སྨི100ནས1000ཡོད་པའི་ས་ཡོམ་ལ་ཉེ་བའི་ས་ཡོམ་མམ་ཉེ་ཡོམ་ཞེས་པ་དང་། ཡོམ་ལྟེའི་བར་ཐག་ལ་སྟོང་སྨི1000ཡན་ཡིན་པའི་ས་ཡོམ་ལ་རྒྱང་རིང་གི་ས་ཡོམ་མམ་རྒྱང་ཡོམ་ཞེས་བརྗོད་པ་ཡིན། དཔེར་ན། 2008ལོའི་ཁྲི་ཚང་ས་ཡོམ་ཆེན་མོའི་ཡོམ་ལྟེ་ནི་ཡུན་ཞུག་གྲོང་རྡལ་ཡིན་པ་དང་། ཁྲིན་ཏུའུ་ལ་མཚོན་ན་ཡུལ་གྲུའི་ས་ཡོམ་དང་། ཁྲུང་ཆིན་ལ་མཚོན་ན་ཉེ་ཡོམ་དང་། པེ་ཅིན་ནམ་ཧྲང་ཧེ་ལ་མཚོན་ན་རྒྱང་ཡོམ་ཡིན་པ་ལྟ་བུའོ།།
ས་ཡོམ་བྱུང་བའི་སྐབས་སུ། ཡོམ་ཁུངས་གནས་ཀྱི་བྲག་རྡོ་ལ་མྱུར་མོར་བསྣོལ་གས་བྱུང་སྟེ་དྲག་ཏུ་འདར་བར་མ་ཟད། འདར་རླབས་ཀྱི་རྣམ་པ་སའི་གོ་ལའི་ནང་རོལ་དང་ཕྱི་ངོས་ནས་ཕྱོགས་བཞིར་ཁྱབ་པ་ཡིན། རླབས་འདི་ནི་ས་ཡོམ་གྱི་གཡོ་རླབས་ཏེ་ཡོམ་རླབས་ཡིན། ཡོམ་ཚུལ་གྱི་ཁྱད་ཆོས་ལྟར་ན། ཡོམ་རླབས་ནི་ས་ཡོམ་རྟེན་གཞིའི་གཡོ་རླབས(བསྡུས་ན་གཞི་རླབས་ཟེར)དང་། ས་ཡོམ་ས་ངོས་གཡོ་རླབས(བསྡུས་ན་ངོས་རླབས་ཟེར)གཉིས་སུ་དབྱེ་ཆོག གཞི་རླབས་ནི་སའི་གོ་ལའི་བྲག་རིམ་ནང་ཁུལ་དུ་རྒྱུག་པའི་ཡོམ་རླབས་ཡིན་ལ། དེར་ས་ཡོམ་ཞེང་རླབས(བསྡུས་ན་ཞེང་རླབས་ཟེར)དང་ས་ཡོམ་འཕྲེད་རླབས(བསྡུས་ན་འཕྲེད་རླབས)གཉིས་འདུས། ཞེང་རླབས་ལPརླབས་ཞེས་ཀྱང་འབོད། དེ་ནི་ས་ཤུན་ཁྲོད་དུ་ཤིན་ཏུ་མྱུར། སྤྱིའི་མྱུར་ཚད་སྐར་ཆ་རེ་ལ་སྟོང་སྨི5.5ནས7.0ཡིན་ལ། ཐོག་མར་ས་ངོས་སུ་རྒྱུག་པ་དང་། ས་ངོས་ནས་གོང་འོག་ལྟར་དུ་འདར་བར་བྱེད་པ་ཡིན། འཕྲེད་རླབས་ལSརླབས་ཞེས་ཀྱང་འབོད། དེ་ནི་ས་ཤུན་གྱི་ཁྲོད་རྒྱུག་པ་ཅུང་དལ་ཞིང་། སྤྱིར་སྐར་ཆ་རེ་ལ་སྟོང་སྨི3.2ནས4.0ཡིན་ལ། ས་ངོས་སུ་བསླེབས་པའང་ཞེང་རླབས་ལས་ཅུང་འཕྱི་ཞིང་། ཡོམ་ལྟེར་ཐག་ཉེ་སའི་ས་ངོས་སུ་སྙོམས་པར་གཡས་གཡོན་དུ་འདར་འགུལ་བྱེད་པ་རེད། ངོས་རླབས་ནི་སའི་གོ་ལའི་ཕྱི་ངོས་སམ་བྲག་རིམ་གྱི་དབྱེ་མཚམས་བརྒྱུད་ནས་འབྱུང་བའི་ཡོམ་རླབས་ལ་ཟེར་ཞིང་། དེ་ནི་ཉེ་བའི་ས་ངོས་སམ་ཡང་ན་མཐུག་ཚད་མི་འདྲ་བའི་བྲག་རིམ་བཅད་ངོས་གཉིས་སུ་ཕན་ཚུན་འཕྲད་པ་ལས་བྱུང་བའི་གཡོ་རླབས་བསྲེས་མ་ཞིག་ཡིན་པ་དང་། ཞེང་རླབས་དང་འཕྲེད་རླབས་ལས་ཅུང་དལ་ནའང་ཤུགས་ཆེ་བས། ཁང་བའི་བཟོ་བཀོད་སོགས་ལ་གནོད་པ་གཏོང་བའི་རྒྱུ་རྐྱེན་གཙོ་བོ་ཡིན། ཡོམ་རླབས་ཀྱི་ཁྱབ་ཚད་ཇེ་རིང་དུ་སོང་བ་དང་བསྟུན་ས་ཡོམ་གྱི་གཏོེར་བཤིག་གཏོང་ཚད་ཀྱང་ཇེ་ཆུང་དུ་འགྲོ་བ་ཡིན། སྤྱིར་ཡོམ་ལྟེ་ལ་ཐག་ཇི་ལྟར་རིང་ན་གཏོར་བརླག་ཀྱང་དེ་ལྟར་ཆུང་།
ས་ཡོམ་གྱི་གཏོར་བརླག་ཐེབས་ཚད་ནི་ས་ཡོམ་གྱི་ཆེ་ཆུང་དང་། ཡོམ་གནས་ཀྱི་ཟབ་ཚད། ཡོམ་ལྟེའི་བར་ཐག་བཅས་ལ་འབྲེལ་བ་ཡོད། ས་ཡོམ་ཆུང་ཞིང་ཡོམ་གནས་ཟབ་པ་དང་། བར་ཐག་རིང་ན་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པ་གཉོམ་ལ། ཤུགས་རྐྱེན་ཆུང་ན་ས་ངོས་སུའང་གཏོར་བརླག་བཟོ་མི་སྲིད། དེ་ལས་ཀྱང་གཉོམ་དུས་མི་རྣམས་ཀྱི་ཚོར་ཡུལ་དུའང་མི་ཟིན་པ་ཡིན། དེ་ལས་ལྡོག་སྟེ་ས་ཡོམ་ཆེ་ཞིང་ཡོམ་གནས་མི་ཟབ་པ་དང་། བར་ཐག་ཉེ་ན་ས་ཡོམ་གྱི་ཤུགས་རྐྱེན་ཆེ་བ་དང་། མི་རྣམས་ལ་ས་གཞི་འདར་གཡོའི་ཚོར་ཤེས་འབྱུང་སྐྱེན་ལ། ས་ཡོམ་གྱིས་ས་ངོས་ལ་གཏོར་བརླག་བཟོ་བའང་དེ་བཞིན་ཆེ་བ་ཡིན། འདར་ཚད་ཇི་ལྟར་དྲག་ན་བརླག་ཚད་ཀྱང་དེ་ལྟར་ཚབས་ཆེ།
ས་ཡོམ་གྱི་ཆེ་ཆུང་དེ་ཡོམ་རིམ་གྱི་སྟེང་ནས་བརྗོད་པ་ཡིན། ས་ཡོམ་གྱི་ཡོམ་རིམ་ཆེ་ཆུང་ནི་ས་ཡོམ་འབྱུང་སྐབས་ཕྱིར་ཕུད་པའི་ནུས་ཚད་དང་ཁ་གཏད་དུ་གྲུབ་ཡོད་ལ། ཡོམ་རིམ་ཇི་ལྟར་མཐོ་ན་ནུས་ཚད་ཀྱང་དེ་ལྟར་ཆེ་བ་དང་། ཤུགས་རྐྱེན་ཐེབས་རྒྱ་དང་གཏོར་བརླག་བཟོས་པའང་དེ་ལྟར་ཚབས་ཆེན་ཡིན། གློག་སྒྲོན་ལ་དཔེར་བླངས་ཏེ་བཤད་ན། ཡོམ་རིམ་གྱི་གྲངས་ཚད་དེ་གློག་སྒྲོན་གྱི་ཝ་གྲངས་དང་འདྲ་སྟེ། ཝ་གྲངས་ཇི་ལྟར་མཐོ་ན་གློག་འོད་འཕྲོ་ཚད་དེ་ལྟར་ཆེ་ལ། གསལ་རྒྱ་དང་གསལ་ཚད་ཀྱང་དེ་ལྟར་ཆེ་བ་ཡིན། དེ་བས་ས་ཡོམ་རེ་ལ་ཡོམ་རིམ་གཅིག་ལས་མེད།
ཡོམ་རིམ་ཞེས་པའི་བརྡ་ཆད་ཆེས་ཐོག་མར་འདོད་མཁན་ནི་ཨ་མེ་རི་ཁའི་ལིས་ཁི་ཐི་ཞེས་པ་དེ་ཡིན། ཁོས1935ལོར་ཡོམ་རིམ་གྱི་སྤྱི་འགྲོས་ཤིག་བཏོན་ཡོད་དེ། དུས་འཁོར་ཐུང་ངུའི་ས་ཡོམ་དཔྱད་ཆས་ཆེད་དུ་སྤྱོད་ཆོག་པ་ཞིག་ལ་བརྟེན་ནས་ས་ཡོམ་གྱི་རླབས་དབྱིབས་ཟིན་ཐོར་བཀོད་དེ། ས་ཡོམ་གྱི་ཆེ་ཆུང་རྩི་བཞིན་ཡོད། སྤྱི་འགྲོས་འདི་སྟོང་སྨི600ཚུན་གྱི་ས་ཡོམ་གྱི་ཡོམ་རིམ་འགོད་པ་ཁོ་ནར་འཚམ་ཕྱིར། ཡོམ་རིམ་འདི་ལྟར་རྩི་བ་དག་ལ་ཡོམ་རིམ་ཉེ་བཅར་བའམ་ཡང་ན་ཡུལ་གྲུ་རང་བཞིན་གྱི་ཡོམ་རིམ་ཞེས་ཟེར། ཁོས་ས་ཡོམ་ལ་ཡོམ་རིམ1ནས10བར་དུ་དབྱེ་ཡོད་ལ། ཡོམ་རིམ་དེ་ནི་ས་ཡོམ་ལས་བྱུང་བའི་ཤུགས་ཚད་དང་ལྟོས་ཟླར་གྲུང་ཡོད་དེ། ཡོམ་རིམ་ལ་རིམ་པ1ཆད་ན། ཤུགས་ཚད་ཕལ་ཆེར་ལྡབ31.6ཆད་པ་ཡིན། དེ་ཡང་ས་ཡོམ་རིམ་པ7ཅན་ཞིག་ལས་བྱུང་བའི་ཤུགས་ཚད་ནི་ས་ཡོམ་རིམ་པ6ཅན36.1གི་ཤུགས་ཚད་ཀྱི་བསྡོམས་གྲངས་སམ། ཡང་ན་ས་ཡོམ་རིམ་པ5ཅན1000གི་ཤུགས་ཚད་ཀྱི་སྤྱི་བསྡོམས་དང་གཅིག་མཚུངས་ཡིན། ཡོམ་རིམ་ཧྲིལ་གྲངས་ཕན་ཚུན་ཉེ་བ་ཅན་གཉིས་ཀྱི་བར་དུ་ཡོམ་རིམ་ཕལ་བ10དབྱེ་ཡོད། དཔེར་ན། ཡོམ་རིམ6ཅན་དང་ཡོམ་རིམ7ཅན་གྱི་བར་དུ་ཡོམ་རིམ6.1ནས6.9བར་དུ་དབྱེ་ཡོད། ཡོམ་རིམ་ཕལ་བར་ནང་གསེས་ཀྱི་དབྱེ་བ་ཞིབ་མོར་བཀར་མེད། ཡུལ་གྲུ་རང་བཞིན་གྱི་ཡོམ་རིམ་གཏན་ལ་འབེབས་པར་ཚད་བཀག་ཡོད་པས། ཀུའུ་ཏེན་པོ་དང་ལིས་ཁི་ཐིས་ཡང་བསྐྱར་ངོས་རླབས་དང་གཞི་རླབས་བཀོལ་ཏེ་ཡོམ་རིམ་འཇལ་བའི་ཐབས་ཤིག་བཏོན་ཅིང་། དེའི་རྗེས་སུ་སུའུ་ལེན་གྱི་སོ་ལཱོ་ལྭེ་ཡ་ཧྥུ་ཞེས་པ་དེས་ངོས་རླབས་ཡོམ་རིམ་ལ་བཟོ་བཅོས་གནང་བ་ནི་ད་ལྟའི་བར་སྤྱོད་བཞིན་ཡོད་པ་དེའོ།།
དང་ཐོག་གི་ལེ་ཧྲིའི་ཡོམ་རིམ་བརྩི་ཚུལ་དང་། རྗེས་སུ་བཅོས་པའི་ངོས་རླབས་དང་གཞི་རླབས་ཀྱི་ཡོམ་རིམ་བརྩི་ཚུལ་གང་ཞིག་ཡིན་རུང་ཚང་མར་ཁ་བཀང་ནུས་འབྲས་ཡོད་པ་རེད། དེ་ཡང་ས་ཡོམ་གྱི་ཤུགས་ཚད་ངེས་ཅན་ཞིག་ལ་བསླེབས་པ་ན། ཤུགས་ཚད་མུ་མཐུད་དུ་ཇེ་ཆེར་ཕྱིན་ནའང་ཡོམ་རིམ་ཇེ་མཐོར་འགྲོ་རྒྱུ་མེད་པ་ཡིན། དེར་བརྟེན། དུས་རབས21པའི་དུས་མགོར། ས་ཡོམ་ཆེད་མཁས་པ་ཚོས་ལྷམ་པའི་ཡོམ་རིམ་བཀོལ་ཏེ་ས་ཡོམ་དྲག་ཆེན་རིགས་ཀྱི་ཡོམ་རིམ་འཇལ་བར་ལྟ་བ་གཅིག་མཐུན་བྱུང་། ལྷམ་པའི་ཡོམ་རིམ་ལ་ཁ་བཀང་ནུས་འབྲས་མེད་པར་མ་ཟད། ས་ཡོམ་གྱི་དངོས་ལུགས་བརྒྱུད་རིམ་གྱི་ངོ་བོ་ཐད་ཀར་མངོན་ཐུབ་པ་ཡིན། དཔེར་ན། ས་རིམ་གཡོ་འགུལ་གྱི་ཆེ་ཆུང་དང་ས་ཡོམ་གྱི་ཤུགས་ཚད་ལྟ་བུའོ།།
མདོར་ན། དེང་སྐབས་འཛམ་གླིང་སྟེང་ཡོངས་ཁྱབ་ཏུ་ཁས་ལེན་པའི་ཡོམ་རིམ་བརྩི་ཐབས་ཉི་ཤུ་ཙམ་ཡོད་ཀྱང་། དུས་རྒྱུན་དུ་ཡོམ་རིམ་རྟགས་ཚད་ལ་རིགས་སྣ4བཀོལ་བཞིན་ཡོད། དེ་དག་ནི་ཡུལ་གྲུ་རང་བཞིན་གྱི་ཡོམ་རིམ(ལེ་ཧྲི་ཡོམ་རིམ)དང་། གཞི་རླབས་ཡོམ་རིམ། ངོས་རླབས་ཡོམ་རིམ། ལྷམ་པའི་ཡོམ་རིམ་བཅས་ཡིན། རྒྱལ་ཁབ་སོ་སོས་སྤྱོད་པའི་ཡོམ་རིམ་རྟགས་ཚད་བརྩི་ཚུལ་ལའང་ཁྱད་པར་ཅུང་ཙམ་རེ་མཆིས་པས། ས་ཡོམ་གཅིག་གི་ཡོམ་རིམ་སོ་སོས་བསྒྲགས་པ་ལ་ཁྱད་པར་ཕྲན་ཙམ་ཡོད་པ་ཡིན། རང་རྒྱལ་གྱིས་ངོས་རླབས་ཡོམ་རིམ་སྤྱོད་བཞིན་ཡོད་དེ། བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཚད་གཞིGB17740-1999སྟེ། 《ས་ཡོམ་གྱི་ཡོམ་རིམ་གཏན་འབེས》ཞེས་པའི་བརྩི་ཚུལ་དང་བེད་སྤྱོད་སྟངས་ཚད་ལྡན་དུ་བཏང་ཡོད་པ་རེད།
1900ལོའི་ཡར་སྔོན་དང་། ཡང་ན1900ལོའི་རྗེས་སུ་དཔྱད་ཆས་ཀྱིས་འཇལ་མི་ཐུབ་པའི་ས་ཡོམ་དག་གི་ཡོམ་རིམ་ཐད་ཀར་གཞལ་མི་ཐུབ་པས། སྤྱིར་ལོ་རྒྱུས་ཡིག་ཆའི་ཁྲོད་ས་ཡོམ་སྣང་ཚུལ་དང་སྤྱི་ཚོགས་སྣང་ཚུལ། ཁང་བ་བརླགས་ཚད་སོགས་གནོད་འཚེ་བྱུང་ཚུལ་གཞིར་བྱས་ཏེ་ཡོམ་ལྟེའི་དྲག་ཚད་རྟོགས་པ་དང་། དེ་ནས་དྲག་ཚད་དང་ཡོམ་རིམ་གྱི་ཉམས་མྱོང་འབྲེལ་བ་ལྟར་ཉེ་མཚུངས་ཡོམ་རིམ་རགས་རྩིས་བྱེད་པ་ཡིན། དེ་ལས་བྱུང་བའི་ཡོམ་རིམ་ཡང་བཞི་ཆའི་གཅིག་ཏུ་འབྲི་བ་སྟེ། དེ་ཡང་ཡོམ་རིམ་ཕན་ཚུན་ཉེ་བ་དག་ཆ་སྙོམས་སུ་བཞི་བགོས་བྱས་ཡོད་དེ། དེ་ནིདངཡིན། དཔེར་ན། 1657ལོའི་རྒྱལ་རོང་ཁྲི་ཚང---མའོ་རྫོང་བར་གྱི་ས་ཡོམ་ཡོམ་རིམཅན་དེར་ཡོམ་རིམ་6.5ཅན་ཞེས་འབྲི་མི་ཆོག་པ་ལྟ་བུའོ།།
ད་ལྟའི་བར་འཛམ་གླིང་སྟེང་ཟིན་ཐོར་བཀོད་པའི་ས་ཡོམ་ཆེས་ཆེ་བ་ནི། 1960ལོའི་ཟླ5བའི་ཚེས22ཉིན་ཀྲི་ལི་རྒྱལ་ཁབ་ལ་བྱུང་བའི་ས་ཡོམ་ཡིན། ངོས་རླབས་ཀྱི་ཡོམ་རིམ8.5ཡིན་ལ། དེ་ཡང་ངོས་རླབས་ཡོམ་རིམ་གྱི་ཁ་བཀང་ནུས་འབྲས་ཀྱི་དབང་གིས། ལྷམ་པའི་ཡོམ་རིམ་ཚད་ནི9.5ཡིན་ཞེས་བཀོད་ཡོད། ས་ཡོམ་བརྟག་གནས་དང་དཔྱད་ཆས་སོགས་ཀྱི་རྐྱེན་ལས། ས་ཚིགས་རེ་རེ་ནས་ས་ཡོམ་རླབས་དབྱིབས་ལྟར་བརྩིས་པའི་ཡོམ་རིམ་ལ་མི་མཚུངས་པ་ཡོད་སྲིད། དེ་བས་ས་ཡོམ་ཞིག་གི་ཡོམ་རིམ་ནི་གོ་རིམ་བགོས་ཏེ་ཚད་འཇལ་གཏན་ཁེལ་བྱེད་བཞིན་ཡོད། དེ་ལ་ཐོག་མར་ས་ཡོམ་བྱུང་བ་ན་ས་ཡོམ་བརྟག་གནས་ཀྱི་བར་ཐག་གི་ཉེ་སའི་ཟིན་ཐོ་ལས་ཡོམ་རིམ་རགས་རྩི་བྱེད་པ་ནི། ས་ཡོམ་རྒུད་སྐྱོབ་ཀྱི་དགོས་མཁོ་དང་བསྟུན་ཏེ་སྔོན་ལ་སྒྲོག་པ་ཡིན། རྗེས་སུ་གཞི་གྲངས་དེ་ལས་མང་བོ་བླངས་ནས་མཇུག་འབྲས་ཧེ་བག་ཆེ་བ་དག་ཕུད་ཅིང་བསྡོམས་རྩིས་ཆ་སྙོམས་བརྒྱུད་ནས་བསྐྱར་བཅོས་བྱེད་པ་ཡིན། དཔེར་ན། 2008ལོའི་ཁྲི་ཚང་ས་ཡོམ་གྱི་ཡོམ་རིམ7.8ནས8.0དང་། 2011ལོའི་ཉི་ཧོང་ས་ཡོམ་གྱི་ཡོམ་རིམ8.8ནས9.0ལ་བསྒྱུར་བ་ལྟ་བུའོ།།
དྲག་ཚད་ལ་བརྟེན་ནས་ས་ཡོམ་གྱི་ཤན་ཤུགས་ཐེབས་ཚད་འཇལ་བ།
ས་ཡོམ་གཅིག་ལ་ཡོམ་རིམ་གཅིག་ལས་མེད། ཡིན་ན་ཡང་། ས་ཡོམ་ཐེངས་གཅིག་བྱུང་བ་དེས་ས་གནས་མི་མཚུངས་པ་ལ་ཐེབས་པའི་ཤུགས་རྐྱེན་ཡང་གཅིག་མཚུངས་མིན། ས་ཡོམ་གྱི་ཤུགས་རྐྱེན་ཐེབས་ཚད་ཀྱི་དྲག་གཉོམ་ལ་གསལ་བཤད་བྱ་ཆེད། ས་ཡོམ་དྲག་ཚད་ཅེས་པའི་ཐ་སྙད་སྤྱད་ཡོད། ཡང་བསྐྱར་གློག་ལ་དཔེ་བླངས་ན། ས་ཡོམ་དྲག་ཚད་ཀྱི་ཁྱོན་དེ་གློག་འོད་ཁང་བའི་ནང་གི་ཆ་ག་གེ་མོ་ཞིག་ལ་འཕྲོས་པའི་གསལ་ཆ་དང་མཚུངས། གློག་སྒྲོན་ཞིག་ལ་མཚོན་ན། འཕྲོ་ས་མི་འདྲ་བ་དང་གློག་སྒྲོན་གྱི་བར་ཐག་གཉིས་ཀྱང་མི་འདྲ་བས་གསལ་ཚད་ཀྱང་འདྲ་མཚུངས་མིན། དེར་བརྟེན་ས་ཡོམ་ཐེངས་ཤིག་བྱུང་ན། ཡོམ་རིམ་གྱི་གྲངས་ཀའང་སྐབས་དེར་གཏན་འཁེལ་བྱས་ཀྱང་། ས་ཆ་སོ་སོའི་ས་ཡོམ་དྲག་ཚད་ཀྱི་གྲངས་ཀ་འདྲ་མཚུངས་མ་ཡིན་ནོ།།
ས་ཡོམ་གྱི་དྲག་ཚད་ནི་ས་ཡོམ་བྱུང་བའི་དུས། ས་སྟེང་དུ་མིའི་ཚོར་སྣང་དང་ཁང་བའི་བཟོ་བཀོད་སོགས་ཀྱི་གཏོར་བརླག་ཐེབས་ཚད་ལ་བལྟས་ཏེ་ཕྱོགས་བསྡུས་ངང་དཔྱད་འཇོག་བྱས་པ་ཡིན། ས་ཡོམ་ཐེངས་གཅིག་བྱུང་ན། ས་གནས་མི་འདྲ་སར་ཤུགས་རྐྱེན་ཐེབས་ཚད་ཀྱང་མི་མཚུངས་ལ། མིའི་ཚོར་སྣང་དང་། བཟོ་བཀོད་དག་བརླགས་ཚད་ཀྱང་མི་མཚུངས་པས། ས་ཡོམ་དྲག་ཚད་ཀྱི་གྲངས་རིམ་མི་འདྲ་བ་བཀོལ་ཚེ་དྲག་ཞན་མི་མཚུངས་པ་འདི་དག་མཚོན་ནུས་པ་ཡིན། རང་རྒྱལ་གྱིས་ས་ཡོམ་དྲག་ཞན་རིམ་པ12རུ་ཕྱེས་ཤིང་། རོ་མའི་ཨང་གྲངསⅠⅡⅢⅣⅤⅥⅦⅧⅨⅩⅪⅫབཅས་ཀྱིས་མཚོན། ས་ཡོམ་གྱི་དྲག་ཞན་དེ་ཧྲིལ་གྲངས་ཁོ་ན་འགོད་པ་ཡིན་པས། སིལ་གྲངས་ཀྱིས་ཞིབ་ཏུ་དགར་རྒྱུ་མེད། རྒྱལ་ཁབ་ཚད་གཞིGB/T17740-2008ཡི《ཀྲུང་གོའི་ས་ཡོམ་དྲག་ཚད་རེའུ་མིག》ནང་། ས་ཡོམ་དྲག་ཚད་ཀྱི་དཔྱད་གཏན་དམིགས་ཚད་དང་དཔྱད་འཇོག་གནང་ཐབས་གཏན་འཁེལ་བྱས་ཡོད། སྤྱིར་བཏང་དུ་ཡོམ་ལྟེ་ལས་ཇི་ལྟར་ཐག་རིང་ན་ས་ཡོམ་དྲག་ཚད་དེ་ལྟར་དམའ་བ་ཡིན། ཕྱི་རོལ་ཏུ་དཔྱད་པ་བརྒྱུད་དེ། ས་ཡོམ་གནོད་ཁུལ་ལ་གཏོར་བརླག་ཐེབས་ཚུལ་གསལ་བོར་ཤེས་ན། ས་གནས་སོ་སོའི་ས་ཡོམ་དྲག་ཚད་ཀྱི་གྲངས་ཀ་དཔྱད་འཇལ་བྱེད་ཐུབ། ས་ཡོམ་དྲག་ཚད་ཀྱི་གྲངས་དེ་ས་ཁྲའི་ངོས་ལ་བཀོད་པར་མ་ཟད། གྲངས་རིམ་མཚུངས་པ་དག་གི་གནས་སོ་སོ་འཁྱོག་སྐུད་ཀྱིས་སྦྲེལ་ན། དེར་ས་ཡོམ་མཉམ་རིས་སམ་ས་ཡོམ་དྲག་ཚད་ཁྱབ་སྟངས་དཔེ་རིས་ཞེས་བརྗོད་པ་ཡིན།
དཔེར་ན། 1976ལོར་རང་རྒྱལ་གྱི་ཧོ་པེ་ཞིང་ཆེན་གྱི་ཐང་ཧྲན་ས་ཆར་ས་ཡོམ་རིམ་པ7.8ཅན་བྱུང་བ་དང་། ཡོམ་ལྟེ་སྟེ་ཐང་ཧྲན་གྲོང་ཁྱེར་གྱི་ཁའེ་ཕིན་ཁུལ་དུ་ས་ཡོམ་དྲག་ཚད་ཆེས་མཐོ་བⅪལ་བསླེབས་ལ། དེ་ནས་བར་ཐག་ཅུང་ཉེ་བའི་ཐེན་ཅིན་གྲོང་ཁྱེར་དུའང་ཁང་བརྩེགས་བརྡིབས་པ་དང་། ས་ཡོམ་དྲག་ཚདⅧནསⅪལ་བསླེབས་ཤིང་། བར་ཐག་ཅུང་རིང་བའི་པེ་ཅིན་གྲོང་ཁྱེར་དུ་ས་ཡོམ་དྲག་ཚདⅥམ་གཏོགས་མེད་པས། གཏོར་བརླག་ཐེབས་པའི་ཚད་ཤིན་ཏུ་ཆུང་། 2008ལོར་རང་རྒྱལ་གྱི་སི་ཁྲོན་ཞིང་ཆེན་ཁྲི་ཚང་ལ་བྱུང་བའི་ས་ཡོམ་དྲག་ཆེན་རིམ་པ8.0ཅན་གྱི་ཡོམ་ལྟེ་དང་། ཁྲི་ཚང་རྫོང་མཁར་གྱི་ས་ཡོམ་དྲག་ཚདⅪལ་བསླེབས་པས། གནོད་འཚེ་ཤིན་ཏུ་ཚབས་ཆེ་བའི་ས་ཡོམ་དྲག་ཁུལ་ཟེར། དེ་ནས་གྲོང་ཁྱེར་ཏུའུ་ཅང་ཡན་ལ་དྲག་ཚདⅪསླེབས་དང་། གྲོང་ཁྱེར་ཁྲིན་ཏུའུ་རུ་དྲག་ཚདⅥནསⅦབསླེབས་ལ། གྲོང་ཁྱེར་ཁྲུན་ཆིན་དུ་ཇེ་གཉོམ་དུ་སོང་ནས་དྲག་ཚདⅤཡིན་པ་རེད།
ས་ཡོམ་གྱི་རྣམ་གྲངས།
རྒྱུན་དུ་བརྗོད་པའི་ས་ཡོམ་ནི་ཕྱི་སྣོད་ཀྱི་རང་བྱུང་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན་པས། དེ་ལ་རང་བྱུང་ས་ཡོམ་ཞེས་འབོད་པ་ཡིན། གྲུབ་རྐྱེན་མི་མཚུངས་པ་ལ་བལྟས་ནས། རང་བྱུང་ས་ཡོམ་དེར་གྲུབ་ཆགས་ས་ཡོམ་དང་མེ་རིའི་ས་ཡོམ། རྡིབ་ཉིལ་ས་ཡོམ་བཅས་གསུམ་དུ་དབྱེ་ཡོད། མེ་རིའི་འགུལ་སྐྱོད་དང་ལྷན་དུ་ས་ཡོམ་བྱུང་བ་ནི་མེ་རིའི་ས་ཡོམ་ཡིན་ལ། དེ་མེ་རི་འཕྱུར་བའི་སྔ་གཞུག་ཏུ་འབྱུང་བ་ཡིན། རྡིབ་ཉིལ་ས་ཡོམ་ནི་ས་འོག་གི་དོང་ཁུང་སོགས་མར་བརྡིབས་པ་་ལས་བྱུང་བ་ཡིན་ལ། ཆུས་བྲུས་བྲག་ཁུང་མང་བའམ་ཡང་ན་ས་འོག་སྔོག་འདོན་རྒྱ་ཆེ་ས་ལ་འབྱུང་བ་རེད། དེ་སྤྱིར་བཏང་དུ་གཞི་ཁྱོན་ཅུང་ཆུང་བ་དང་། འབྱུང་ཐེངས་ཀྱང་ཤིན་ཏུ་ཉུང་། དེ་ལས་གཞན་གྲུབ་ཆགས་ས་ཡོམ་ནི་ཁྱབ་རྒྱ་ཆེ་བ་དང་། འབྱུང་གྲངས་མང་ལ་གཏོར་བརླག་གི་ནུས་པ་ཆེ་བས། རང་བྱུང་ས་ཡོམ་གྱི90%ཡན་ཟིན་ཡོད། དེའི་ནུས་ཤུགས་ཆེན་པོས་མིག་རྡེབ་དབང་ཙམ་ལ་ས་ངོས་གཏོར་གས་སམ་ས་འབུར་ཆེན་པོ་བཟོ་བ་དང་། ས་ངོས་ཀྱི་དབྱིབས་འགྱུར་བ་དང་བསྣོལ་སྡེབ་བྱེད་དུ་འཇུག་ལ། རི་ཉིལ་བ་དང་ས་གས་པ། གད་པ་ཆད་པ། རྡོ་ཟེགས་བཞུར་བ་སོགས་གནོད་འཚེ་ཚབས་ཆེན་བཟོ་བ་ཡིན།
རང་བྱུང་ས་ཡོམ་ལས་གཞན་ད་དུང་མིས་བཟོས་ས་ཡོམ་དང་རྐྱེན་བསླངས་ས་ཡོམ་གཉིས་ཡོད། མིས་བཟོས་ས་ཡོམ་ནི་མི་རྣམས་ཀྱི་ལས་ཀའི་རྐྱེན་ལས་བྱུང་བའི་ས་གཞི་འདར་ཡོམ་ལ་གོ་སྟེ། འཕྲུལ་ཆས་ཀྱིས་བརྡུངས་པ་དང་། གས་གཏོར། ཉིང་རྡུལ་གས་པ། དངོས་ཟོང་མང་བོ་དྲུད་པའི་རླངས་འཁོར་བགྲོད་པ་སོགས་ལས་ས་གཞི་འདར་ཡོམ་བརྒྱབ་པ་ལྟ་བུ་ལ་ཟེར་བ་དང་། དེ་ནི་བཟོ་སྐྲུན་ལག་རྩལ་གྱི་རིགས་ཤིག་ཀྱང་ཡིན་ཏེ། རྡོ་སྣུམ་འཚོལ་བ་དང་བཟོ་སྐྲུན་ཞིབ་དཔྱད། ས་རྒྱུ་བརྟག་དཔྱད་བཅས་ལས་བྱུང་བ་ལ་སྟོན། རྐྱེན་བསླངས་ས་ཡོམ་ནི་འགྲོ་བ་མིའི་འགུལ་སྐྱོད་རྒྱུ་རྐྱེན་དུ་བྱས་ཏེ་བྱུང་བའི་ས་ཡོམ་སྟེ། དཔེར་ན། གཏེར་ཁ་བསློགས་ནས་ས་ངོས་ཀྱི་འདེགས་ཚད་བསྒྱུར་བ་དང་། སྣུམ་དོང་ལ་ཆུ་བླུགས་པའམ་ཆུ་མཛོད་ཆེ་ཤོས་ནང་དུ་ཆུ་བསགས་པ་ལས་ས་འོག་གི་བྲག་རིམ་བསྒྱུར་བ་དེས། དེ་སྔོན་རང་བྱུང་གིས་སྦྲུམ་པའི་ནུས་ཁུངས་ཕྱིར་བཏང་བ་ལས་བྱུང་བའི་ས་ཡོམ་ཞིག་ཡིན་ལ། གཞི་རྒྱ་ཅུང་ཆུང་བ་ཡིན། ཆུ་མཛོད་ཀྱི་རྐྱེན་གྱིས་བསླངས་པའི་ས་ཡོམ་ལ་མཚོན་ན། ཡོམ་ལྟེ་དེ་ཆུ་རགས་ཀྱི་རྒྱབ་བམ། ཡང་ན་ཆུ་མཛོད་ཀྱི་ནང་དང་མཐའ་ལ་སོགས་པའི་ཉེ་འཁོར་གྱི་ས་རྒྱ་ཆུང་ཙམ་ཁོ་ནར་ཡོད་པ་མ་ཟད། ཡོམ་ཁུངས་ཀྱང་ཧ་ཅང་སྲབ་པ་རེད། རང་རྒྱལ་དུ་ཆུ་མཛོད་ཀྱི་རྐྱེན་ལས་བསླངས་པའི་ས་ཡོམ་ཆེས་ཆེ་བའི་དཔེ་མཚོན་ནི། 1962ལོའི་ཟླ3པའི་ཚེས19ཉིན་བྱུང་བའི་ཀོང་ཏུང་ཞིང་ཆེན་ཞིན་ཧྥིན་གཙང་བོའི་ཆུ་མཛོད་ལ་བྱུང་བའི་ཡོམ་རིམ6.1ཅན་དེ་ཡིན། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཆུ་མཛོད་ཀྱི་རྐྱེན་ལས་བསླངས་པའི་ས་ཡོམ་ལ་ཡོངས་གྲགས་སུ་ཕལ་ཆེར་ཐེངས70ནས80བྱུང་བ་ཡིན། དེ་དག་འཛམ་གླིང་ཆུ་ཆགས་ཚོགས་འདུའི་སྟེང་ཐོ་འགོད་བྱས་པའི་ཆུ་མཛོད་ཁྲི3.5ནང་གི་སྟོང་ཆའི2ནས3མ་གཏོགས་ཟིན་མེད། མིག་སྔར་འཛམ་གླིང་དུ་ཐོ་འགོད་བྱས་པའི་ཆུ་མཛོད་ཀྱི་རྐྱེན་ལས་བསླངས་པའི་ས་ཡོམ་ཆེས་ཆེ་བ་ཚད་རིམ6.5ཅན་ཡིན་ལ། 1967ལོའི་ཟླ12པའི་ཚེས10ཉིན་རྒྱ་གར་གྱི་ཁེ་ཡེན་ཆུ་མཛོད་ལ་བྱུང་བ་ཡིན།
འཛམ་གླིང་ཡོངས་ཀྱི་ཡོམ་ཁུངས་ཁྱབ་སྟངས་ལ་བསྡོམས་རྩིས་བྱས་པ་ལས། ས་ཡོམ་མང་ཆེ་བའི་ཡོམ་ཁུངས་སྨི་སྟོང་ཕྲག་འགའ་ནས་སྨི་སྟོང30ལྷག་གི་ས་ཤུན་ནང་དུ་ཁྱབ་ཡོད་པ་དང་། ཡོམ་ཁུངས་ཀྱི་ཟབ་ཚད་ལ་སྨི་སྟོང60ལས་ཐུང་བའི་ཡོམ་ཁུངས་སྲབ་པའི་ས་ཡོམ་ཡིན་ལ། ཡོམ་ཁུངས་གཏིང་མི་ཟབ་པའི་རྐྱེན་གྱིས་སའི་གོ་ལའི་ཕྱི་ངོས་ལ་འདར་ཤུགས་དྲག་པོ་འབྱུང་། དེ་བས་ས་ཡོམ་དེའི་རིགས་ཀྱིས་གཏོར་བརླག་ཆེན་པོ་བཟོ་བ་ཡིན། ཡོམ་ཁུངས་ཀྱི་ཟབ་ཚད་སྨི་སྟོང60ནས300ཅན་ནི་ཁུངས་འབྲིང་ས་ཡོམ་ཡིན་ལ། སྨི་སྟོང300ལས་ཟབ་པ་ནི་ཁུངས་ཟབ་ས་ཡོམ་ཡིན། ཡོམ་ཁུངས་འབྲིང་བ་དང་ཟབ་པའི་ས་ཡོམ་གཉིས་ནི་ས་འོག་གི་གཏིང་ཟབ་སར་འབྱུང་བ་ཡིན་པས། ཡོམ་རིམ་ཅུང་ཆེ་ནའང་ས་སྟེང་ལ་གནོད་པ་ཆེན་པོ་བཟོ་མི་ཐུབ། ཅིས་ལིན་ཞིང་ཆེན་དང་ཧེ་ལུང་ཅང་ཞིང་ཆེན་གཉིས་ཀའི་ས་མཚམས་ཀྱི་ཤར་ཁུལ་དང་། ཨབ་གྷན་སི་ཐན་གྱི་ཞིན་ཏུའུ་ཁོ་ཧྲི་ས་ཁུལ་དུ་ཡོམ་ཁུངས་འབྲིང་བའམ་ཟབ་པའི་ས་ཡོམ་དུས་རྒྱུན་དུ་འབྱུང་བ་ཡིན། 2002ལོའི་ཟླ7པའི་ཚེས3ཉིན། ཅིས་ལིན་ཞིང་ཆེན་གྱི་ཝང་ཆིན་རྫོང་ལ་ས་ཡོམ་རིམ་པ7.2ཅན་བྱུང་བ་དང་། ཡོམ་ཁུངས་ཀྱི་ཟབ་ཚད་སྟོང་སྨི540ཡིན། ཐེངས་དེའི་ཡོམ་རིམ་ཧ་ཅང་མཐོ་བས་བྱང་ཤར་དང་ཧྭ་པེ། ཧྭ་ཏུང་གི་ས་ཁུལ་ཁ་ཤས་བཅས་ལ་འདར་ཡོམ་གྱི་ཚོར་སྣང་ཡོད་ནའང་། གཏོར་བརླག་བཟོས་མེད་པ་རེད། མིག་སྔར་འཛམ་གླིང་སྟེང་ཐོ་འགོད་བྱས་པའི་ས་ཡོམ་ཆེས་ཟབ་པ་ནི། 1934ལོའི་ཟླ6པའི་ཚེས29ཉིན་ཧིན་ཉིའི་སོ་ལ་ཝེ་ཞི་གླིང་ཕྲན་གྱི་ཤར་ཕྱོགས་ལ་བྱུང་བའི་ས་ཡོམ་རིམ་པ6.9ཅན་དེ་ཡིན་ལ། ཡོམ་ཁུངས་ཀྱི་ཟབ་ཚད་སྟོང་སྨི720ཡིན།
སྤྱིར་ས་ཡོམ་ནི་ཐེངས་གཅིག་ལ་ཡོམ་རྗེས་མཚམས་འཇོག་པ་ཞིག་མིན། ས་ཡོམ་ཆེན་པོ་ཐེངས་གཅིག་དང་དེའི་དུས་ཚོད་ཉེ་བའམ་ས་གནས་ཉེ་བའི་ས་ཡོམ་ཆེ་ཆུང་ཁག་ཡོངས་ལ་ས་ཡོམ་ཕྲེང་བ་ཞེས་བརྗོད་པ་ཡིན། དེ་ལས་ཡོམ་རིམ་ཆེས་ཆེ་བ་འདར་ཡོམ་གཙོ་བོའམ་ཡོམ་ཆེན་དང་། དེའི་སྔོན་དུ་བྱུང་བ་ལ་སྔ་ཡོམ་ཟེར་ཞིང་། རྗེས་སུ་བྱུང་བ་ལ་ཡོམ་རིམ་གྱི་ཁྱབ་སྟངས་ལྟར། གཙོ་ཡོམ་ཅན་དང་ཟུང་ཡོམ་ཅན། ཚོམ་ཡོམ་ཅན་དང་རྐྱང་ཡོམ་ཅན་སོགས་སུ་དབྱེ་ཡོད། ས་ཡོམ་ཕྲེང་བ་ལ་བདར་ཤ་གཅོད་པ་ནི། ས་ཡོམ་བྱུང་རྗེས་ཀྱི་འགྱུར་སྟངས་དང་ཡོམ་འགོག་གནོད་སེལ་ཐད་དུ་ཁ་ཚོན་གཅོད་པར་དོན་སྙིང་གལ་ཆེན་ལྡན་པ་ཡིན།
ས་ཡོམ་གྱི་གཏོར་བརླག་ཆེན་པོས་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་གནོད་སྐྱོན་ཚབས་ཆེན་བཟོ་བཞིན་ཡོད། ལོ་རྒྱུས་རིང་མོའི་ཁྲོད་དུ། རྨེག་མེད་དུ་གཏོང་བ་ཅན་གྱི་ཡོམ་ཆེན་གྱིས་ཆབ་སྲིད་དང་སྤྱི་ཚོགས་བདེ་འཇགས་ལ་ཤན་ཤུགས་ཐེབས་པ་དང་། ལོ་རྒྱུས་ཀྱི་འཕེལ་ཁ་བསྒྱུར་བ་སོགས་ཟིན་ཐོར་བཀོད་ཡོད། ས་ཡོམ་གྱིས་བསྐྱེད་པའི་གནོད་འཚེ་ལ་ཐར་ཀར་ཡིན་མིན་གཉིས་ཀ་ཡོད། ས་ཡོམ་གྱིས་ཐད་ཀར་ནུས་པ་ཐོན་པ་ནི། དཔེར་ན། ཡོམ་རླབས་ལས་བྱུང་བའི་འདར་ཡོམ་དྲག་པོ་དང་དུམ་ལེབ་ཆད་པ་དང་བསྣོལ་བསྡེབས། ས་ངོས་ཀྱི་དབྱིབས་འགྱུར་བཅས་ཀྱིས་ཁང་བ་བརྡིབས་པ་དང་། བཟོ་སྐྲུན་སྒྲིག་ཆས་ལ་གཏོར་བརླག་ཐེབས་པ། དངོས་ཟོང་བརླག་པ་སོགས་དང་། དེ་བཞིན་དུ་མི་ས་འོག་ཏུ་མནན་པ་དང་རྨས་ཕོག་པ་ཚང་མ་ས་ཡོམ་གནོད་འཚེ་ཐད་ཀར་བ་ལ་གཏོགས་པ་ཡིན། དེར་གཙོ་བོ་གཤམ་གྱི་ཚན་པ་འདི་དག་འདུས་ཡོད།
1 ཁང་བ་བརླགས་པ།
2 རྨང་གཞིའི་སྒྲིག་ཆས་བརླགས་པ།
3 བཟོ་ལས་སྒྲིག་ཆས་བརླགས་པ།
4 རྒྱུ་ནོར་ཐད་ཀྱི་གྱོང་གུད།
5 སྐྱེ་ཁམས་བརླགས་པ།
ས་ཡོམ་གནོད་འཚེའི་རིམ་པ་དབྱེ་བ།
1 ས་ཡོམ་གནོད་འཚེ་རབ་ཏུ་ཆེ་བ་ནི། མི300ཡན་ཆད་ཤི་བ་དང་། ཡང་ན་ས་ཡོམ་བྱུང་སའི་ཞིང་ལྗོངས་སམ་ཐད་གཏོགས་གྲོང་ཁྱེར་དེའི་ལོ་སྔོན་མའི་ནང་ཐོན་སྐྱེད་སྤྱི་གྲངས་ཀྱི1%ཡན་གྱི་དཔལ་འབྱོར་ལ་གྱོང་གུད་བཟོས་པའི་ས་ཡོམ་ལ་ཟེར། མི་གྲངས་ཅུང་མང་བོ་འདུས་ས་རུ་ཡོམ་རིམ7.0ཅན་གྱི་ཡན་དང་། རྒྱལ་སའི་མཐའ་སོགས་མི་འབོར་ཤིན་ཏུ་ཆེ་སར་ཡོམ་རིམ6.0ཅན་གྱི་ཡན་བྱུང་ན། ཐོག་མར་གནོད་འཚེ་རབ་ཏུ་ཆེ་བ་ལ་ཁ་ཚོན་གཅོད་པ་ཡིན།
2 ས་ཡོམ་གནོད་འཚེ་ཚབས་ཆེན་ཅན་ནི། མི50ནས300ཤི་བ་དང་། ཡང་ན་དཔལ་འབྱོར་གྱོང་གུད་ཚབས་ཆེན་བཟོས་པའི་ས་ཡོམ་ལ་ཟེར།
3ས་ཡོམ་གནོད་འཚེ་ཅུང་ཆེ་བ་ནི། མི10ནས50ཤི་བ་དང་། ཡང་ན་དཔལ་འབྱོར་གྱོང་གུད་ཅུང་ཆེན་པོ་བཟོས་པའི་ས་ཡོམ་ལ་ཟེར།
4 ས་ཡོམ་གནོད་འཚེ་སྤྱིར་བཏང་བ་ནི། མི10ཡི་མན་ཆད་ཤི་བ་དང་། ཡང་ན་དཔལ་འབྱོར་གྱོང་གུད་ངེས་ཅན་བྱུང་བའི་ས་ཡོམ་གནོད་འཚེ་ལ་ཟེར།
ས་ཡོམ་གནོད་འཚེའི་རིམ་པ་གཏན་ཁེལ་བྱ་རྒྱུ་ནི་ས་ཡོམ་མྱུར་སྐྱོབ་བྱེད་སྟངས་ཀྱི་ཚད་རིམ་མི་འདྲ་བ་མགོ་རྩོམ་པའི་གཞི་འཛིན་ས་གཙོ་བོ་ཡིན།

འབྲེལ་ཡོད་འོས་སྦྱོར།