མཚོ་སྔོན་པོའི་རྒྱ་ཁྱོན་ད་ལོར་ལོ་གཅིག་རིང་གི་ཆེས་ཆེ་བའི་ཚད་དུ་བསླེབས་པ།
རྩོམ་པ་པོ།:ཕྱུག་ལོ
ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས།
དུས་ཚོད།:2011-10-12
ཀློག་གྲངས།:
གནམ་གཤིས་རྟོག་དཔྱོད་སྡེ་ཁག་གི་དབྱེ་ཞིབ་ཀྱི་གཞི་གྲངས་གསར་བ་ལྟར་ན། མཚོ་སྔོན་པོའི་རྒྱ་ཁྱོན་ཉིས་སྟོང་ལྔ་ལོའི་ཚུན་ལ་བསྟུད་མར་ལོ་བདུན་ལ་ཇེ་ཆེར་སོང་བ་དང་། ད་ལོར་ལོ་བཅུ་གཅིག་རིང་གི་ཆེས་ཆེ་བའི་ཚད་དུ་བསླེབས་ཟེར།
མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚད་རིག་ཞིབ་འཇུག་ཁང་གི་ལྟ་ཞིབ་ཚད་ལེན་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཉིས་སྟོང་བཅུ་གཅིག་ལོའི་ཟླ་དགུ་བར། མཚོ་སྔོན་པོའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་བཞི་དང་སུམ་བརྒྱ་ང་གསུམ་ལྷག་ཡིན་པ་དང་། དེ་ན་ནིང་གི་དུས་མཉམ་ལས་སྤྱི་ལེ་གྲུ་བཞི་མ་སོ་གཉིས་ལྷག་གིས་ཆེ་ལ། ཉིས་སྟོང་གཅིག་ལོའི་ཚུན་གྱི་ལོ་བཅུའི་དུས་མཉམ་གྱི་ཆ་སྙོམས་རྒྱ་ཁྱོན་ལས་སྤྱི་ལེ་གྲུ་བཞི་མ་དོན་དྲུག་ལྷག་འཕར་ཞིང་། རྒྱ་ཁྱོན་ཆེས་ཆུང་བའི་ལོ་སྟེ་ཉིས་སྟོང་བཞི་ལོ་དང་བསྡུར་ན། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་བརྒྱ་དང་དགུ་ལྷག་འཕར་ཟེར།
འབྲེལ་ཡོད་འོས་སྦྱོར།