སྐྱེ་ཁམས་འབྲོག་ལས་འཕེལ་རྒྱས་མདུན་འདེད་བྱས།
འབྲོག་ལས་ཐོན་སྐྱེད་འཕེལ་རྒྱས་ཁྱོན་ཡོངས་ནས་མདུན་འདེད་བྱེད་ཆེད། དར་ལག་རྫོང་གིས་ཀླུང་གསུམ་འགོ་ཁུངས་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་མདུན་འདེད་དང་། རྩྭ་འབྲི་འདེབས་ཤུགས་ཆེ་རུ་བཏངས་ཏེ། སྐྱེ་ཁམས་འཕེལ་རྒྱས་དང་འབྲོག་ལས་ཐོན་སྐྱེད་ལ་ཕན་འབྲས་འབྱུང་བར་རྨང་གཞི་བརྟན་པོ་བཏངས།
གཅིག ས་ནག་ཕྱོགས་བསྡུས་བཟོ་བཅོས་ལས་ཁག་རིམ་ལྡན་སྒོས་སྤེལ་བ། 2010ལོར་དར་ལག་རྫོང་གིས་ས་ནག་ཕྱོགས་བསྡུས་བཟོ་བཅོས་ལས་ཁག་སྟག་ཐོག་ཡུལ་ཚོ་ནས་སྤེལ་ཞིང་། རྫོང་རྩྭ་ཐང་ས་ཚིགས་ཀྱིས་ལག་བསྟར་བྱས། རྫོང་རྩྭ་ཐང་ས་ཚིགས་ཀྱིས་ཟླ 5 བའི་ཚེས 3 ཉིན་ལས་འགན་མི་སྣ་རྩ་འཛུགས་བྱས་ཏེ་ལས་ཚུགས་ས་གནས་ལ་སོང་ཞིང་། ཚེས 6 ཉིན་རྩྭ་འབྲི་དང་ལུད་རྫས་སྐྱེལ་འདྲེན་བྱ་བ་འགྲུབ་ཅིང་། བཟོ་སྐྲུན་ད་སྐབས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་བརྩམས། གཉིས། འཚོ་སྐྱུར་རྩྭ་གསོའི་ས་གནས་སུ་རྩྭ་འབྲི་གསབ་འདེབས་བྱེད་པའི་ལས་དོན་བརྟན་འཇགས་ངང་མདུན་འདེད་བྱས། ད་ལྟ་རྩྭ་འབྲི་དང་ལུད་རྫས་སྐྱེལ་འདྲེན་གྱི་བྱ་བ་འགྲུབ་ཡོད་ལ། མིག་སྔར། ལས་ཚུགས་རུ་ཁག་སོ་སོས་གསབ་འདེབས་སྔོན་གྱི་བྲ་གནོད་སྔོན་འགོག་གི་བྱ་བ་བསྒྲུབ་བཞིན་ཡོད། ཚོད་དཔག་བྱས་པ་ལྟར་ན། ཟླ 6 པའི་ཚེས 10 ཉིན་གྱི་སྔོན་ལ་ལེགས་བསྒྲུབ་བྱེད་ཐུབ། གསུམ། ལྷས་སྐོར་རྩྭ་འདེབས་ཀྱི་བྱ་བ་མུ་འཐུད་དུ་ལག་བསྟར་བྱེད་རྒྱུ། མ་དངུལ་ཁྲི་སྒོར 10 བཀོལ་སྤྱོད་བྱས་ཏེ། ལོ་མང་དང་ད་ལོ་སྐྱེས་པའི་རྩྭ་འབྲི་དང་ལུད་རྫས་ཉོས་ཏེ། ཟླ 5 བའི་ཚེས 12 ཉིན་རྩྭ་ཐང་ས་ཚུགས་ཀྱི་ལག་རྩལ་མི་སྣ་རྩ་འཛུགས་བྱས་ཤིང་། འབྲེལ་ཚུགས་པ་སྨར་འབྲིང་ཡུལ་ཚོ་རུ་བྱོན་ནས། གཞི་རིམ་ལས་བྱེད་པ་དང་འབྲོག་པ་ལ་རྩྭ་འབྲི་འདེབས་པ་དང་། ཞན་འགྱུར་རྩྭ་ཐང་བཅོས་སྐྱོང་། ལྷས་སྐོར་རྩྭ་འདེབས་བཅས་ལ་ཡུལ་དངོས་ནས་མཛུབ་སྟོན་གནང་།