logo

མདོ་དབུས་མཐོ་སྒང་གི་རྩི་ཤིང་རིགས་ཇེ་ཉུང་དུ་སོང་བ།

རྩོམ་པ་པོ།:དཔའ་རིས་བསོད་ནམས་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-03-28 ཀློག་གྲངས།:
   ད་ལྟ་འཛམ་གླིང་ནས་ཟིན་ཐོར་བཀོད་ཡོད་པའི་རྩི་ཤིང་རིགས་ཁྲི་ཚོ་ཉེར་ལྔ་ཡོད།    མདོ་དབུས་མཐོ་སྒང་གི་བོད་ལྗོངས་ཁོངས་སུ་མཐོ་རིམ་རྩི་ཤིང་རིགས600ལྷག་ཡོད་ཟེར།  རྩི་ཤིང་དེ་དག་ལས་རིགས་གཅིག་ལ་གནོད་སྐྱོན་ཕོག་ཚེ་རིགས་གཞན་དག་གི་གྲངས་ཀ་ཡང་ཇེ་ཉུང་ངམ་ཐ་ན་རྩ་མེད་དུ་འགྱུར་ངེས།    ཚན་རིག་པས་བརྟག་དཔྱད་བཏང་བ་ལྟར་ན་ད་ལྟ་སའི་གོ་ལའི་སྟེང་ནས་ཉིན་རེར་རྩི་ཤིང་རིགས་གཅིག་ནས་གཉིས་རྩ་མེད་དུ་འགྲོ་བཞིན་པ་དང༌།  དུས་ཚོད་སྐར་མ་བཅོ་ལྔའི་ནང་སྐྱེ་དངོས་རིགས་གཅིག་མེད་འགྲོ་ཟེར།  མཁས་པའི་དབང་བོ་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་ཕྱག་རྩོམ《མཆོ་སྔོན་ལོ་རྒྱུས་ཚངས་གླུ་གསར་སྙན》ཞེས་བྱ་བའི་ནང་གསུངས་པ་ལྟར།    ཁོང་འཚོ་གཞེས་སྐབས་སུ་མཚོ་སྔོན་པོའི་མཐའ་འཁོར་ན་གཡའ་སྤང་རིའི་རྩེ་ལ་རྩྭ་སྨན་རྒྱལ་བོ་གཉན་ཐུབ་དང་ཧོང་ལེན་དང་མཛོ་མོ་ཤིང་སོགས་དང༌། ད་ལིའི་མེ་ཏོག་ལོ་མ་སོགས་དང༌།རྫ་རིའི་སྐེད་དུ་རྟག་ཏུ་ངུ་དང་རྩ་བ་ལྔ་དང་ཏིག་ཏ་སོགས་དང༌།    རིའི་འདབས་སུ་སྤྲུ་བ་དཀར་ནག་ཐང་ཁྲོམ་སོགས་དང༌།  རུག་པ་དང་ཀེའུ་དང་གོ་སྙོད་སོགས་དང༌།  ཐང་གི་གཤམ་དུ་ཚེར་སྐྱའི་འབྲུ་སོགས་ཀྱིས་གང་བས་ནད་རྣམས་ངང་ངམ་ཤུགས་ཀྱིས་སངས་པར་འགྱུར་ཞེས་གསུངས་པའོ། །འོན་ཀྱང་ད་ལྟ་མཚོ་སྔོན་པོའི་མཐའ་འཁོར་གྱི་རྩི་ཤིང་རིགས་ཀྱི་སྐྱེ་ཚུལ་སུམ་པ་ཁོང་འཚོ་གཞེས་གནང་བའི་སྐབས་ཀྱི་གནས་ཚུལ་དང་མི་འདྲ། རྩི་ཤིང་རིགས་མང་པོ་རྩ་མེད་དུ་གྱུར།  འབྲི་ཆུའི་སྟོད་རྒྱུད་དུ་སྔོན་ཆད་ནགས་ཚལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་ཚོ3250ཡོད་པ་དང༌། ད་ལྟ་སྤྱི་ཆིང་ཁྲི་ཚོ463མ་གཏོགས་མེད་ཟེར།  ནགས་ཚལ་གྱི་ཁྱོན་ཇེ་ཆུང་ལ་སོང་བ་དང་ནགས་ཚལ་གྱི་ཁེབས་ཚད་སྔོན་ཆད་ལས་ཆེས་ཆེར་ཇེ་ཉུང་ལ་སོང༌།


འབྲེལ་ཡོད་འོས་སྦྱོར།