༄༅།།རི་བོ་ཧི་མ་ལ་ཡ་ནི་རྒྱ་མཚོའི་གཏིང་ནས་ཡར་བསྐྱེད་པ་ཡིན་ཟེར་བའི་རྒྱུ་མཚན་ཅི།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-05-14
ཀློག་གྲངས།:

དེ་རུ་འབུ་འདབ་གསུམ་མ་དང་འབུ་སྲིན་པི་ཧྲི། འབུ་སྐྱོགས་ཀྱི་རིགས། དུང་འབུ། ལུག་རྡོ། ཉ་ཕྱིས་ཀྱི་རིགས། བྱུ་རུ། སྔོ་དྲེག་འབུ་སྲིན། ཧའེ་ཏན། མཚོ་སྐྱེས་ལུག་མཉེ་དང་ཆུ་རྩྭ་སོགས་ཀྱི་འགྱུར་རྡོ་ཡོད། འགྱུར་རྡོ་དེ་དག་གིས་རི་བོ་ཧི་མ་ལ་ཡ་ས་ཁུལ་ནི་གནའ་དུས་སུ་རྒྱ་མཚོ་ཆེན་པོ་ཡིན་པ་དང་། རི་བོ་ཧི་མ་ལ་ཡ་ནི་གདོད་མའི་རྒྱ་མཚོ་ལས་ཡར་བསྐྱེད་པ་དེ་གསལ་བཤད་བྱས་པ་རེད།
འོ་ན་མཐའ་ཡས་པའི་གདོད་མའི་རྒྱ་མཚོ་ལས་དེང་གི་རྔམ་བརྗིད་ལྡན་པའི་རི་རྒྱུད་འདི་ཇི་ལྟར་བྱུང་བ་ཡིན་ཞེ་ན། དེ་ནི་ས་ཤུན་ཡར་སྐྱེད་པ་ལས་གྲུབ་པ་ཡིན་ལ། ཇོ་མོ་གླང་མའི་བྱང་རྒྱུད་ཀྱི་མཐོ་ཚད་ལ་རྒྱ་མཚོ་ངོས་ལས་སྨིས 5700ནས 5900ཡི་བར་ནས་ལོ་ངོ་ས་ཡ་འགའི་སྔོན་ལ་སྐྱེས་པའི་རྩི་ཤིང་གི་འགྱུར་རྡོ་རྙེད་པ་རེད། རྩི་ཤིང་དེ་དག་དེང་སྐབས་ད་དུང་རང་རྒྱལ་གྱི་ལྷོ་ནུབ་ས་ཁུལ་ཏེ་མཐོ་ཚད་ལ་མཚོ་ངོས་ལས་སྨིས2200ནས་ན3000བར་གྱི་ས་ཁུལ་ན་སྐྱེས་ཡོད། ལོ་ངོ་ས་ཡའི་སྔོན་གྱི་གནམ་གཤིས་གནས་ཚུལ་དང་རྩི་ཤིང་དེ་དག་གི་སྐྱེ་གནས་ཁོར་ཡུག མཐོ་ཚད་བཅས་དེང་སྐབས་དང་མི་འདྲ་ནའང་ང་ཚོས་སྐྱེ་དངོས་དེ་དག་ལ་ཚོད་རྩིས་བྱས་ན། རི་བོ་ཧི་མ་ལ་ཡའི་ས་ཁུལ་ནི་ལོ་ངོ་ས་ཡའི་རིང་ལ་ཧ་ལམ་སྨིས3000ཡར་བསྐྱེད་པ་དང་། ཆ་སྙོམས་ཀྱིས་ལོ་ངོ་ཁྲི་རེར་སྨིས30ཡས་མས་ཡར་བསྐྱེད་པ་དེ་ཤེས་ཐུབ།
འབྲེལ་ཡོད་འོས་སྦྱོར།