༄༅།།མཚོ་སྔོན་ནས་ཡང་བསྐྱར་ས་ཁམས་མཛེས་ལྗོངས་ངོ་མཚར་བ་ཞིག་བྱུང་བ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2021-01-20
ཀློག་གྲངས།:
པར་རིས་མང་ནེ་ཁྱབ་སྒྲོག་ཅེས་པ་ལས་དྲངས།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནི་མདོ་དབུས་མཐོ་སྒང་གི་བྱང་རྒྱུད་དང་མཚོ་སྔོན་ཞིང་ཆེན་གྱི་ནུབ་རྒྱུད་ན་ཡོད་ཅིང་། ས་བབ་ནི་ནུབ་བྱང་གི་ཕྱོགས་མཐོ་ཞིང་ཤར་ལྷོའི་ཕྱོགས་དམའ་ལ། གྲང་ངར་ཆེ་བ་དང་སྐམ་གཤིས་ལྡན་པའི་སྐམ་ས་རང་བཞིན་གྱི་གནམ་གཤིས་ཁུལ་ཞིག་ཡིན། ཡུལ་འདི་ན་ནམ་མཁའི་མེ་ལོང་ཞེས་པའི་ཚྭ་མཚོ་དང་རི་བོ་ཀུན་གྱི་མེས་པོ་ཞེས་པའི་ཁུ་ནུ་རི་བོ། ནོར་གྱིས་གཏམས་པའི་བང་མཛོད་ཅེས་པའི་ཚྭ་འདམ་གཞོང་ས་སོགས་མཛེས་ཤིང་སྡུག་པའི་ས་གཤིས་མཛེས་ལྗོངས་མང་པོ་ཡོད།
འཛམ་གླིང་གི་ཆེས་ཆེ་བའི་དོང་སྔོན་པོ་སྟེ། ལི་པའོ་ཙི་དོང་སྔོན་པོ། པར་རིས་པའེ་ཏུའུ་ལས་དྲངས།
ཉེ་ཆར། ས་ཆ་འདི་ནས་ཡང་བསྐྱར་མི་མང་པོའི་ཡིད་དབང་འཕྲོག་པའི་ས་ཁམས་མཛེས་ལྗོངས་ཤིག་བྱུང་ཡོད་ལ། ཆགས་དབྱིབས་ནི་གདོང་གི་མིག་ཅིག་དང་ཀུན་ནས་འདྲ་ཞིང་། དེ་ནི“མིག་སྔོན་པོ”ཞེས་འབོད་པའི་དོང་སྔོན་བ་ཚྭའི་ཆུ་མིག་(蓝洞盐泉)ཅེས་པ་རེད།
འཛམ་གླིང་གི་ཆེས་གཏིང་བའི་དོང་སྔོན་པོ་སྟེ། སན་ཧྲ་ཡོན་ལི། པར་རིས་མི་དམངས་དྲ་བ་ལས་དྲངས།
གཅིག “དོང་སྔོན་པོ”(蓝洞)ཞེས་པ་ཅི་ཞིག་ཡིན་ནམ།“དོང་སྔོན་པོ”ཞེས་པ་འདི་ནི་ས་གཤིས་མཛེས་ལྗོངས་མཐོང་དཀོན་པ་ཞིག་གི་མིང་ཡིན་ལ། རྒྱུན་པར་སོལ་སྐྱུར་ཚྭ་(碳酸盐)བཅས་འཛོམས་པའི་ས་ཆ་ནས་བྱུང་ཞིང་། མང་ཤོས་ནི་ས་ངོས་དང་མཚོ་ངོས་ཀྱི་འོག་རོལ་ན་ཡོད། དེ་ལའང་རྒྱ་མཚོའི་དོང་སྔོན་པོ་(海洋蓝洞)དང་སྐམ་ས་ནང་ལོག་གི་དོང་སྔོན་པོ་(内陆蓝洞)ཞེས་རིགས་གཉིས་ཡོད།
ཏི་ཨན་སི་དོང་སྔོན་པོ། པར་རིས་རྒྱལ་ཁབ་ས་རྒྱུས་ལས་དྲངས།
མིག་སྔར། ཚན་རིག་པ་ཚོས་བརྟག་དཔྱད་བྱས་ན། དོང་སྔོན་པོ་ཞེས་པ་འདི་ཡི་གྲུབ་རྐྱེན་ལ་རིགས་གསུམ་ཡོད་དེ། ཀ འཁྱགས་རོམ་དུས་སྐབས་སུ་མཚོ་ངོས་ཇེ་དམར་ཕྱིན་ནས་རྡོ་ཐལ་བྲག་(石灰岩)ལས་གྲུབ་པའི་གླིང་ཕྲན་ལ་ས་ངོས་ཆུ་ཡི་སིམ་བཞུ་(溶蚀)བྱུང་ནས་འོག་རོལ་དུ་དོང་ཆེན་པོའི་རིགས་ཆགས་པ་དང་། འཁྱགས་རོམ་གྱི་དུས་ཚིགས་རྫོགས་སྐབས། མཚོ་ཆུ་ཡང་བསྐྱར་འཕེལ་ནས་དོང་ནང་དུ་ཆུ་ཡིས་བཀང་བ་ལས་གྲུབ་པ་ཞིག་ཡིན།
ཀ་སི་ཁོ་ལེ་མཚེའུ། liu8666 ཅེས་པས་པར་བླངས།
ཁ སོལ་སྐྱུར་ཚྭ་བཅས་འཛོམས་པའི་ས་ཆའི་ནང་རོལ་དུ་ས་ངོས་ཆུ་ཡི་མ་ལག་ཆགས་མེད་ཀྱང་། རྒྱ་མཚོའི་ཕྱོགས་སུ་བཞུར་བའི་ས་འོག་ཆུ་ཡིས་དོང་ཕུག་མ་ལག་(洞穴系统)ཆགས་པ་དང་། དེ་ནས་དོང་གི་སྟེང་རོལ་བརྡིབས་ཏེ་གྲུབ་པ་ཞིག་ཡིན། ག རྒྱ་མཚོའི་འགྲམ་ངོགས་སུ། ས་གཤིས་གྲུབ་ཚུལ་གྱི་འགུལ་སྐྱོད་དབང་གིས་ས་ངོས་ལ་སེར་ཀ་གས་པ་དང་། སེར་ཀའི་བར་དུ་ཆུ་ཡིས་བཀང་བ་ལས་གྲུབ་པ་བཅས་སོ།།
པར་རིས་མང་ནེ་ཁྱབ་སྒྲོག་ཅེས་པ་ལས་དྲངས།
གཉིས། ཚྭ་འདམ་གཞོང་གི“མིག་སྔོན་པོ།”དྲང་མོར་བཤད་ན། ཀ་སི་ཁོ་ལེ་མཚེའུ་(尕斯库勒湖)ནི་ལོ་མང་རིང་ལ་ཁ་བ་དང་ཆར་བ་ཡིས་བསླད་སྐྱོན་བྱུང་བ་དང་། དེའི་ཐོག་ས་འོག་གི་བ་ཚྭའི་ཆུ་ནི་དཔྱིད་དབྱར་དང་སྟོན་དགུན་གྱི་དུས་ལ་འཕེལ་འགྲིབ་བྱུང་བའི་དབང་གིས། སྔ་མོ་ཞིག་ནས་བཟུང་། ས་ངོས་སུ་བ་ཚྭའི་ཆུ་མིག་དང་བ་ཚྭའི་ཆུ་བོ་ཆེ་ཆུང་མི་འདྲ་བ་མང་པོ་ཆགས་ཡོད།
པར་རིས་ཚྭ་འདམ་རིག་གནས་ཞེས་པ་དྲངས།
དུས་རབས་སྔོན་མའི་ལོ་རབས་70ཡི་མགོ་ལ། ཀ་སི་ཁོ་ལ་མཚེའུ་ཡི་མཐའ་འཁོར་དུ་རྡོ་སྣུམ་རྩད་གཅོད་དང་གསར་སྤེལ་བྱེད་པའི་མི་རྣམས་ཀྱིས་ཁ་པར་གྱི་ཐིག་སྐུད་སྤྱད་ནས་བ་ཚྭའི་དོང་གི་གཏིང་ཚད་འཇལ་ནའང་། དོང་ནང་དུ་ཐིག་སྐུད་སྨི་བརྒྱ་ལྷག་མར་བསྣར་ཀྱང་ད་དུང་མཐིལ་ལ་ཐོན་མེད་པ་རེད། དེར་བལྟས་ན། བ་ཚྭའི་དོང་འདི་ཧ་ཅང་གཏིང་བ་རེད།
པར་རིས་མང་ནེ་ཁྱབ་སྒྲོག་ཅེས་པ་ལས་དྲངས།
རང་བྱུང་ཁམས་ཆེན་མོས་གནང་སྦྱིན་ལས། བ་ཚྭའི་ཆུ་བོ་དང་མཚེའུ་ཡི་འགྲམ་ངོགས། བ་ཚྭའི་ན་ཁུག་བཅས་སུ། སྒོར་དབྱིབས་ཀྱི་བ་ཚྭའི་ཆུ་མིག་རེ་ནི་དཀར་སྔོན་སེར་གསུམ་སོགས་ཀྱི་རིན་པོ་ཆེ་རེ་དང་འདྲ་ལ། དེ་ལས་ཐོན་པའི་བཀྲག་མདངས་ནི་རབ་ཏུ་མཚར་བ་རེད། བ་ཚྭའི་དོང་བརྒྱ་སྟོང་མང་པོའི་ཁྲོད་ནས། སྒོར་དབྱིབས་ཀྱི“དོང་སྔོན་པོ”ཆེས་ཆེ་བ་འགའ་ནི་ཀ་སི་ཁོ་ལེ་མཚེའུ་ཡི་མཐའ་འཁོར་གྱི“ས་གཞི་ཆེན་མོའི་མིག”ལྟ་བུར་གྱུར་ཡོད།
པར་རིས་རྒྱལ་ཁབ་ས་རྒྱུས་ལས་དྲངས།
གསུམ། ཉེན་ཁ་དང་མཉམ་དུ་གནས་པ།ཀྲུང་གོའི་ཚན་རིག་གླིང་གི་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་སུའོ་ཡི་གཞི་གྲངས་ལས་གསལ་བ་ལ་གཞིགས་ན། ཀ་སི་ཁོ་ལེ་མཚེའུ་ནི་རྡོ་ཚྭ་དང་ཚྭ་མཚོའི་གཏེར་ཁ་ཡོད་ས་ཧ་ཅང་ཆེ་བའི་རིགས་ཤིག་ཡིན་ལ། ས་ངོས་དང་ས་འོག་གི་བ་ཚྭའི་ཆུ་ནི་ཧ་ཅང་ཕུན་སུམ་ཚོགས་པར་མ་ཟད། ད་དུང་ཚྭའི་འདུས་ཚད་ཀྱང་ཧ་ཅང་སྟུག་པ་རེད།
སྲུང་སྐར་གྱིས་པར་དུ་བླངས་པའི་ཀ་སི་ཁོ་ལེ་མཚེའུ། པར་རིས་གའོ་གེལ་སའི་གོ་ལ་ཞེས་པ་ལས་དྲངས།
ཚྭའི་འདུས་ཚད་100%ཡིན་པའི་བ་ཚུའི་ཆུ་ཡིས་སྐྱེ་དངོས་ཡོད་ཚད་ལ་འབྲེལ་འདྲིས་ཀྱི་སྒོ་ཆེན་གཏན་ཡོད་པ་དང་མཚུངས་ཞིང་། སྣང་ཚུལ་འདི་ལས“དོང་སྔོན་བ་ཚྭའི་ཆུ་མིག”ལ་ངོ་མཚར་དང་ལྐོག་གྱུར་གྱི་སེང་རས་ཤིག་ཀྱང་གཡོགས་ཡོད།
པར་རིས་མང་ནེ་ཁྱབ་སྒྲོག་ཅེས་པ་ལས་དྲངས།
“དོང་སྔོན་བ་ཚྭའི་ཆུ་མིག”འདི་ཡི་གཏིང་ཚད་ཇི་འདྲ་ཡིན་ནམ། དོང་གི་མཐིལ་ན་ཅི་ཞིག་ཡོད་དམ། མུ་མེད་ཐང་སྟོང་གི་ཡུལ་ན་མཛེས་ཤིང་སྡུག་པར་ཡོད་པའི“མིག་སྔོན་པོ”འདི་ལས། ངོ་མཚར་བ་ཞིག་དང་ཉེན་ཁ་ཆེ་བ་ཞིག་གི་སྣང་བརྙན་བསྟན་ཡོད་སྟབས། མི་རྣམས་ལ་བསམ་གཞིགས་ཀྱི་ཀློང་དུ་ཚུད་པར་བྱེད་པའི་ཚོར་བ་ཞིག་སྟེར་བ་རེད།
པར་རིས་ཚྭ་འདམ་གྱི་རིག་གནས་ཞེས་པ་དྲངས།
ཡིན་ནའང་། དེ་དང་མཉམ་དུ། “དོང་སྔོན་བ་ཚྭའི་ཆུ་མིག”འདི་ནི་སྔོ་ཞིང་དྭངས་ལ་མཛེས་ཤིང་སྡུག་པ་དང་། ཀ་སི་ཁོ་ལེ་མཚེའུ་ཡི་ས་གཤིས་འཕོ་འགྱུར་གྱི་དཔང་པོ་བྱས་ནས་ཕལ་ཆེར་མིའི་རིགས་ཀྱི་འབྱུང་འགྱུར་ལ་གསལ་རྟོགས་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།