logo

ཡོན་ཧྲི་དང་ཆེད་མཁས་པ་མང་པོ་ཟི་ལིང་དུ་འཛོམས་ཏེ་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ལ་བློ་འདོན་ཇུས་འདོན་བྱས།

རྩོམ་པ་པོ།: ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། དུས་ཚོད།:2022-07-28 ཀློག་གྲངས།:
        ཟླ7པའི་ཚེས23ཉིན་གྱི་ཕྱི་དྲོར། “གཙང་གསུམ་འབྱུང་ཡུལ་དུ་བློ་གྲོས་བསྡུས·མཚོ་སྔོན་གསར་བ་ལ་རོགས་འདེགས་བྱེད”ཅེས་པའི་ཤེས་ལྡན་མི་སྣའི་རྣམ་གྲངས་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་གསུམ་པའི“ཡོན་ཧྲི་དང་ཆེད་མཁས་པ་མཚོ་སྔོན་དུ་ཡོད”ཅེས་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་བསྡུས།
ཚོགས་འདུའི་ཡུལ་དངོས།
མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཡིའུ་ཝེ་ལི་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བ།
        ཚོགས་འདུ་ཡིས“མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཏེ་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད”ཅེས་པ་བརྗོད་དོན་དུ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་གཙོ་སྒྲུབ་དང་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་འགན་སྒྲུབ། ཞིང་ཆེན་རྒྱལ་དབང་ཐོན་ཁུངས་ཨུ་ལྷན་སོགས་ལས་ཁུངས་དགུ་ཡིས་རོགས་སྒྲུབ་བྱས་ཏེ་རྒྱལ་ཡོངས་ཀྱི་ས་ཆ་ཁག་ནས་ཐོན་པའི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཡོན་ཧྲི་དང་ཆེད་མཁས་པ29ཡིས་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ་ཚ་གཡོལ་གྲོང་ཁྱེར་ཟི་ལིང་དུ་འཛོམས་ནས་མཚོ་སྔོན་གྱི་སྐྱེ་ཁམས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲོས་འདོན་ཇུས་འདོན་བྱས། ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཡིའུ་ཝེ་ལི་ཡིས་ཚོགས་འདུ་ལ་གཙོ་སྐྱོང་གནང་ཞིང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་མཐོ་རིམ་སློབ་གྲྭ། ཚན་རིག་ཞིབ་འཇུག་གླིང་དང་ཁང་གི་འགན་ཁུར་བློ་མཐུན། ཞིང་ཆེན་ནང་ཁུལ་གྱི་ཆེད་མཁས་པ་དང་མཁས་དབང་། ཁེ་ལས་པའི་འཐུས་མི་བཅས་ཀྱང་ཚོགས་འདུར་ཞུགས་པ་རེད།
ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི་དང་ཀྲུང་གོའི་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་ཁང་གི་འགོ་བ་ཁྲེན་ཧྥ་ཧུའུ་ཡིས་གཏམ་བཤད་གནང་བ།
ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་དང་ཀྲུང་གོའི་རྡོ་སོལ་ཚན་བཟོ་ཚོགས་པའི་དབུ་བཞུགས་ཚན་རིག་པ་ཝང་ཀུའོ་ཧྥ་ཡིས་གཏམ་བཤད་གནང་བ།
        བཞུགས་མོལ་ཚོགས་འདུའི་ཐོག་ཏུ། ཡོན་ཧྲི་དང་ཆེད་མཁས་པ་ཚོས་རང་ཉིད་ཀྱི་ཞིབ་འཇུག་ཁྱབ་ཁོངས་དང་མཚོ་སྔོན་གྱི་གནས་ཚུལ་དངོས་གཉིས་ཟུང་འབྲེལ་ངང་གཙོ་གནད་གཏམ་བཤད་དང་སྤེལ་རེས་གླེང་མོལ་བྱས་ཏེ་མཚོ་སྔོན་གྱི་ད་ཡོད་འཕེལ་རྒྱས་གྲུབ་འབྲས་ལ་ཁས་ལེན་བཟང་པོ་བྱས་ཡོད་པར་མ་ཟད། ད་དུང་འབྱུང་འགྱུར་གྱི་འཕེལ་རྒྱས་ལ“བློ་བཀོད་འདོན་རོགས”ཀྱང་བྱས་པ་རེད། ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི་དང་ཀྲུང་གོའི་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་ཁང་གི་འགོ་བ་ཁྲེན་ཧྥ་ཧུའུ་ཡིས“མཚོ་སྔོན་ཞིང་ཆེན་འདི་འཛམ་གླིང་ཡང་རྩེ་ན་ཡོད་པའི་ཆ་ནས། རྒྱལ་ཁབ་བདེ་འཇགས་ཀྱི་སྲུང་ཡོལ་ནུས་པ་ཧ་ཅང་ཆེ། དེ་ལ་ཆུའི་ཐོན་ཁུངས་ཀྱི་བདེ་འཇགས་དང་། སྐྱེ་ཁམས་བདེ་འཇགས། རྒྱལ་ཁབ་ས་ཆའི་བདེ་འཇགས་བཅས་འདུས་ཤིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གིས་མཚོ་སྔོན་དང་ཐ་ན་རྒྱལ་ཡོངས་ཀྱི་ལྗང་མདོག་དང་འཁོར་རྒྱུག རྒྱུན་མཐུད་འཕེལ་རྒྱས་བཅས་ལ་དོན་སྙིང་གཏིང་ཟབ་ཐེབས་སྲིད”ཅེས་བཤད་པ་དང་། ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་དང་ཀྲུང་གོའི་རྡོ་སོལ་ཚན་བཟོ་ཚོགས་པའི་དབུ་བཞུགས་ཚན་རིག་པ་ཝང་ཀུའོ་ཧྥ་ཡིས“བགྲོད་ལམ་ནུས་ལྡན་ཞིག་འཚོལ་ཞིབ་བྱེད་ན། མཚོ་སྔོན་གྱི་གཏེར་ཁུངས་ལེགས་ཆ་འདི་སྐྱེ་ཁམས་ལེགས་ཆར་བསྒྱུར་དགོས”ཞེས་བསྟན་པ་རེད། ཚོགས་ཞུགས་ཡོན་ཧྲི་དང་ཆེད་མཁས་པ་ཚོས་མཚོ་སྔོན་གྱིས་སྐྱེ་ཁམས་འཕེལ་རྒྱས་ལ་རྒྱབ་རྩ་བཅོལ་ན། ལེགས་ཆ་ཅི་ཞིག་ཡིན་པ་དང་བག་ཤུགས་གང་ན་ཡོད་པའི་སྐོར་ལ་དབྱེ་ཞིབ་བྱེད་པ་བརྒྱུད། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཀྱི་གཙོ་རྒོལ་ཁ་ཕྱོགས་དང་ཤུགས་འདོན་སའི་ཕྱོགས་ནས་དོན་འཁྱོལ་རུང་བའི་བྱེད་ཐབས་མང་པོ་བཏོན་ཡོད།
ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་དང་པེ་ཅིང་གྲོང་ཁྱེར་ཞིང་ནགས་ཚན་རིག་གླིང་རྒྱལ་ཁབ་ཞིང་ལས་ཆ་འཕྲིན་ཅན་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དང་དབུ་བཞུགས་ཆེད་མཁས་པ་ཀྲའོ་ཁྲུན་ཅང་གིས་གཏམ་བཤད་གནང་བ།
ཀྲུང་གོའི་ནགས་ལས་སློབ་ཆེན་རྩྭ་ལས་དང་རྩྭ་ཐང་སློབ་གླིང་གི་འགོ་བ་དང་དགེ་རྒན་ཆེན་མོ་ཏུང་ཧྲི་ཁུའེ་ཡིས་གཏམ་བཤད་གནང་བ།
        ཡིའུ་ཝེ་ལི་ཡིས་བསྟན་དོན། “ཡོན་ཧྲི་དང་ཆེད་མཁས་པ་མཚོ་སྔོན་དུ་ཡོད”ཅེས་པའི་བཞུགས་མོལ་ཚོགས་འདུ་འདི་ལ་གྲུབ་འབྲས་འབུར་ཐོན་བྱུང་ནས་སྔོན་བཀོད་དམིགས་ཡུལ་ལ་བསླེབས་པ་དང་། བཞུགས་མོལ་ཚོགས་འདུ་འདི་ནི་བརྗོད་དོན་གསལ་ཞིང་ཉམས་མྱོང་དམར་རྗེན་དུ་འཁྲིད་པ། བློ་རིག་མཉམ་དུ་འཛོམས་པ། སྤེལ་རེས་དང་སློབ་སྦྱོང་བྱེད་པའི་ཚོགས་འདུ་ཞིག་རེད། ཚོགས་ཞུགས་ཡོན་ཧྲི་དང་ཆེད་མཁས་པ་ཚོས་བསམ་བློ་སྔོན་ཐོན་ཡིན་པ་དང་མིག་རྒྱང་རིང་བའི་སྒོ་ནས་མཚོ་སྔོན་གྱིས“སྐྱེ་ཁམས་མཐོ་ས”བསྐྲུན་པ་དང“གནས་བཞི”ཐོན་ལས་འཛུགས་སྐྲུན་བྱེད་པ་ལ་གསར་གཏོད་རང་བཞིན་དང་ཆེད་དམིགས་རང་བཞིན། ལན་ལེན་རང་བཞིན་བཅས་ཧ་ཅང་ཆེ་བའི་བསམ་འཆར་བཏོན་པ་ཡིས་རང་ཞིང་གིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་བྱ་སྤྱོད་ཇུས་གཞི་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ལྗང་མདོག་འཕེལ་རྒྱས་བྱེད་སྟངས་ལ་རིམ་སྤེལ་ཡར་ཐོན་འབྱུང་བ་དང་སྐྱེ་ཁམས་དཔལ་ཡོན་གྱི་མཚོ་སྔོན་མ་དཔེ་བསྐྲུན་པ་ལ་རིག་པས་རྒྱབ་སྐྱོར་བྱས་ཡོད། གཤམ་ནས་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་ཕྱོགས་བསྡུས་ནན་ཏན་དང་ཞིབ་འཇུག་གཏིང་ཟབ་ངང་ཚོགས་ཞུགས་ཡོན་ཧྲི་དང་ཆེད་མཁས་པ་ཚོའི་བསམ་འཆར་རྣམས་ཕྱོགས་བསྡུས་བཅུད་ལེན་བྱས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་ཡར་ཞུ་བྱས་ཏེ་བཞུགས་མོལ་ཚོགས་འདུའི་གྲུབ་འབྲས་འདི་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱེད་ཐབས་དངོས་ལ་བསྒྱུར་ཏེ་ནུས་ཤུགས་ཡོད་རྒུས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་མཚོ་སྔོན་གསར་བའི་ལེའུ་རྩོམ་པ་ལ་ནུས་ཤུགས་འདོན་རྒྱུ་ཡིན།
ཁྲང་ཨན་སློབ་ཆེན་ས་གཤིས་བཟོ་སྐྲུན་དང་ཚད་ལེན་ཐིག་བཟོའི་སློབ་གླིང་གི་གླིང་གཙོ་དང་རིམ་པ་གཉིས་པའི་དགེ་རྒན་ཆེན་མོ་ལི་ཀྲེན་ཧུང་གིས་གཏམ་བཤད་གནང་བ།
སྐྱེ་ཁམས་ཁོར་ཡུག་པུའུ་གནམ་གཤིས་ལྟེ་གནས་མཉམ་ལས་པུའུ་ཡི་ཀྲུའུ་རེན་གཞོན་པ་ལི་ཡན་གྱིས་གཏམ་བཤད་གནང་བ།
འབྲེལ་ཡོད་འོས་སྦྱོར།