logo

རྨ་ཆུའི་མགོ་ཁུངས་ཀྱི་འབྲོག་པའི་ཚད་འཇལ་རུ་ཁུག

རྩོམ་པ་པོ།: ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། དུས་ཚོད།:2022-08-31 ཀློག་གྲངས།:
        མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་རྨ་ཆེན་གངས་རི་ནི་རྨ་ཆུའི་མགོ་ཁུངས་ཀྱི་རི་བོ་ཆེས་ཆེ་བ་ཡིན་ཞིང་། དེ་ནི་བོད་བརྒྱུད་ནང་བསྟན་གྱི“གནས་རི་ཆེན་པོ་བཞི”ཡི་ནང་གི་ཡ་གྱལ་ཞིག་ཀྱང་ཡིན།
        གངས་རི་དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ125.7ཙམ་ཡོད་པ་དང་། ཆ་སྙོམས་མཚོ་འཕགས་སྨི5900ཡི་ཡན་ན་ཡོད་ཅིང་། རི་གཟུགས་ནི་བྱེ་མའི་བྲག་རྡོ་དང་རྡོ་ཐལ་བྲག་རྡོ། འཛེང་རྡོ་བཅས་ཀྱིས་གྲུབ་པ་དང་། དེ་ན་འཁྱགས་ཀླུང་ཆེ་ཆུང57ཙམ་ཡོད།
        རྨ་ཆེན་རྫོང་རང་བྱུང་ཐོན་ཁུངས་ཅུས་གངས་རི་སྲུང་སྐྱོབ་ས་ཚིགས་ཀྱི་གངས་ཐིག་ཚད་འཇལ་རུ་ཁག་གི་རུ་མི་ཚང་མ་ནི་ཆུང་དུས་ནས་རྨ་ཆེན་གངས་རིའི་འདབས་ནས་འཚར་ལོངས་བྱུང་བའི་འབྲོག་པ་ཤ་སྟག་ཡིན་སྟབས། གངས་རི་འདི་ལ་དམིགས་བསལ་གྱི་བརྩེ་འདང་ཞིག་ཆགས་ཡོད།
        2008ལོ་ནས་བཟུང་། ལོ་རེའི་དབྱར་སྟོན་གྱི་དུས་ཚིགས་གཉིས་ལ། རུ་མི་ཚང་མས་རྨ་ཆེན་གངས་རིའི་གངས་ཐིག་མཚོ་འཕགས་ལ་ཚད་འཇལ་བྱས་ནས། དེ་ན་ཡོད་པའི་འཁྱགས་ཀླུང་དང་ཉེ་འཁོར་གྱི་རི་སྐྱེས་སྲོག་ཆགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱེད་པར་མ་ཟད། ད་དུང་དེ་ལས་ཐོབ་པའི་དཔྱད་འབྲས་སྲུང་སྐྱོབ་ས་ཚིགས་ལ་སྤྲད་ནས་གངས་ཐིག་འགུལ་རྣམ་གྱི་ལྟ་ཞིབ་ཚད་འཇལ་བྱ་བར་གཞི་གྲངས་ནུས་ལྡན་འདོན་སྤྲོད་བྱེད་བཞིན་ཡང་ཡོད།
        རྒྱབ་ཏུ་སྒྲིག་ཆས་འཁུར་ཏེ་རི་ངོས་ལ་འགོས་པ་དང་། ཁྲི་ཙེ་སྒྲིལ་མ་སྤྱད་ནས་གངས་ཐིག་དང་འཁྱགས་ཀླུང་གི་ཆེས་མཐོ་བའི་གནས་ཚད་འཇལ་བ། དཔྱད་འབྲས་ཞིབ་བསྡུར་བྱེད་པ། ཚོན་གྱིས་རྟགས་རྒྱག་པ། གཞི་གྲངས་ཟིན་ཐོར་འགོད་པ་སོགས་ནི་ཚད་འཇལ་རུ་ཁག་གི་རུ་མི་ཚོའི་རྒྱུན་ལྡན་གྱི་བྱ་བ་ཡིན།
        དེའི་མི་ཚད། ཁོ་ཚོ་ད་དུང་དྲག་ཏུ་འབབ་པའི་ཆུ་བོ་བརྒལ་བ་དང་། ཤུད་ཉེན་ཡོད་པའི་འཁྱགས་དར་ཐོག་ནས་བསྐྱོད་པ། མཚོ་འཕགས་མཐོ་བའི་དབྱང་རླུང་དཀོན་པ་དང་ནམ་ཟླ་གློ་བུར་དུ་འགྱུར་བ་སོགས་ཀྱང་མྱོང་དགོས།
        རུ་མི་བསྟན་འཛིན་དར་རྒྱས་ཀྱིས་ལོ་འདི་དག་རིང་ལ་ཚད་འཇལ་རྒྱུན་འཁྱོངས་བྱས་པའི་གཞི་གྲངས་མེད་རྒྱུ་ན། ཁོ་ནི་གངས་ཐིག་གནས་ཚད་ལོ་ལྟར་ཇེ་མཐོར་སོང་བ་བརྒྱུད། རང་ཉིད་འཚར་ལོངས་བྱུང་དུས་ཀྱི་ཟླ་བོར་གྱུར་པའི་གངས་རི་འདི་ཐག་ཇེ་རིང་ནས་ཇེ་རིང་ཡིན་པར་ཡིད་ཀྱང་ཆེས་མི་སྲིད་ཅེས་བཤད།
        ལོ་མང་རིང་ལ་འབད་པ་བྱས་ནས་ཐོབ་པའི་བརྟག་འབྲས་འདི་ས་གནས་དེ་གའི་འབྲོག་པ་དང་། རི་སྐོར་གནས་མཇལ་དང་ཉམས་ཞིབ་རོལ་མྱོང་དུ་ཡོང་བའི་མི་ཚོར་བཤད་དེ། ཚང་མའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་ཆེར་བཏང་ནས་ཐུན་མོང་ཐོག་སེམས་ནང་གི“གནས་རི”འདི་སྲུང་སྐྱོབ་བྱ་རྒྱུ་ནི་ཁོའི་རེ་བ་ཡིན།
འབྲེལ་ཡོད་འོས་སྦྱོར།