མདོ་དབུས་མཐོ་སྒང་ནས་སྤང་རྩིའི་ཁོངས་གསར་བ་རྙེད་དེ་ལོ་བརྒྱའི་སྤང་རྩིའི“རུས་མཛོད”ལ་བཟོ་བཅོས་གཏོང་དགོས་བྱུང་།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།
དུས་ཚོད།:2025-03-19
ཀློག་གྲངས།:
ཉེ་ཆར། གསར་འགོད་པས་ཀྲུང་གོའི་ཚན་རིག་གླིང་ཁུན་མིང་རྩི་ཤིང་ཞིབ་འཇུག་སུའོ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚན་ཞིབ་རུ་ཁག་འདིས་ཉེ་ལམ་མདོ་དབུས་མཐོ་སྒང་ས་ཁུལ་དུ་སྤང་རྩིའི་ཁོངས་གསར་བ་སྟེ“སྡེར་ལེབ་སྤང་རྩིའི་ཁོངས”ཞེས་པ་གསར་རྙེད་བྱུང་བར་མ་ཟད། ཁོངས་འདིའི་ནང་དུ་དངོས་རིགས་གསར་རྐྱང3དང་རིགས་དབྱེའི་ཚན་སྡེབ་གསར་བ5ཡོད་པ་ངོས་འཛིན་གཏན་ཁེལ་བྱས་ཏེ། “འཛམ་གླིང་ཡང་རྩེ”ཞེས་འབོད་པའི་མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གསལ་སྟོན་བྱེད་པར་བདེན་དཔང་གསར་བ་མཁོ་འདོན་བྱས།
གསར་རྙེད་འདིས་ལོ་ངོ་བརྒྱ་ལྷག་ལ་བརྒྱུད་པའི་སྲོལ་རྒྱུན་གྱི་རིགས་དབྱེའི་མ་ལག་ལ་བཟོ་བཅོས་བྱས་པར་མ་ཟད། མདོ་དབུས་མཐོ་སྒང་དེ་དངོས་རིགས་རིགས་དབྱེའི་ས་ཁུལ་ཚ་ཤོས་ཤིག་ཡིན་པའི་དམིགས་བསལ་གོ་གནས་ཀྱང་གོམ་གང་མདུན་སྤོས་ངང་འབུར་དུ་ཐོན་པར་བྱས་ཡོད། ཞིབ་འཇུག་རུ་ཁག་གི་འདོད་ཚུལ་ལྟར་ན། མཐོ་སྒང་མཐའ་མཚམས་ས་རྒྱུད་ཀྱི་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་བྱ་འོས་ཏེ། རྒྱུ་མཚན་ནི་ཁྱབ་ཁོངས་འདི་དག་དངོས་རིགས་གསར་བ་རིགས་དབྱེ་བྱེད་སའི“འགུལ་སླེ”གལ་ཆེན་ཞིག་ཏུ་འགྱུར་ཡང་སྲིད།
“འཛམ་གླིང་ཡང་རྩེ”ཞེས་འབོད་པའི་མདོ་དབུས་མཐོ་སྒང་གིས་ཐུན་མོང་མ་ཡིན་པའི་ས་ཁམས་ཁོར་ཡུག་དང་རྙོག་འཛིང་ཆེ་བའི་ནམ་ཟླའི་ཁྱད་ཆོས་ལ་བརྟེན་ནས། འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གཏེར་མཛོད་ཅིག་སྦྲུམ་ཡོད། མདོ་དབུས་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཞིབ་འཇུག་རྣམ་གྲངས་ཀྱི་རྒྱབ་སྐྱོར་འོག ཀྲུང་གོའི་ཚན་རིག་གླིང་ཁུན་མིང་རྩི་ཤིང་ཞིབ་འཇུག་སུའོ་ཡི་སྤང་རྩིའི་སྣ་མང་རང་བཞིན་དང་འཕེལ་འགྱུར་ཞིབ་འཇུག་རུ་ཁག་གིས་རྒྱུན་མཐུད་ངང་ཕྱི་རོལ་བརྟག་དཔྱད་བྱས་ཏེ། སྔ་གཞུག་ཏུ་གནས་དེ་ག་རུ་སྤང་རྩིའི་རིགས་ཁོངས་གསར་བ་མང་པོ་རྙེད་པ་རེད།

སྡེར་ལེབ་སྤང་རྩིའི་རིགས་གསར་བ། བཅར་འདྲི་བྱ་ཡུལ་ལས་ཁུངས་ཀྱིས་པར་རིས་འདོན་སྤྲོད་བྱས།
ངོ་སྤྲོད་བྱས་པ་ལྟར་ན། དུས་ཡུན་རིང་བོའི་ནང་ལ་སྤང་རྩི་ལས་ཁ་གྱེས་སྒོར་སྡེར་དབྱིབས་ཀྱི་སོན་སྣོད་སྡེར་མའི་སྐྱེ་འཕེལ་གྲུབ་ཚུལ་ཡོད་པའི་དངོས་རིགས་ཚང་མ་ཁ་གྱེས་སྡེར་དབྱིབས་སྤང་རྩིའི་ཁོངས་སུ་བསྡུ་བཞིན་ཡོད། ཡིན་ནའང་། ཞིབ་འཇུག་མི་སྣས་མདོ་དབུས་མཐོ་སྒང་གི་ཤར་རྒྱུད་ས་ཆ་ནས་འཚོལ་བསྡུ་བྱས་པའི་དམར་དཔེ་བརྒྱ་གྲངས་ལ་ཞིབ་བསྡུར་བྱས་པ་བརྒྱུད། ཁོངས་འདིའི་འོག་གི་སྤང་རྩིའི་ཁྲོད་དུ་ཁྱད་རྟགས་དམིགས་བསལ་བ་ལྡན་པའི་རིགས་ཚོགས་གཉིས་གསར་རྙེད་བྱུང་སྟེ། རིགས་གཅིག་གི་ཕྱི་ངོས་སེར་པོ་དང་རིགས་གཞན་དེའི་ཕྱི་ངོས་དཀར་པོ་ཡིན་འདུག ཞིབ་འཇུག་མི་སྣས་རྒྱུད་རྒྱུ་མང་པོའི་མ་ལག་འཚར་སྐྱེ་དབྱེ་ཞིབ་དང་གཟུགས་དབྱིབས་རིག་པའི་ལྟ་ཞིབ་གཉིས་ཟུང་འབྲེལ་བྱས་ཏེ། མཇུག་མཐར་ངོས་འོག་མ་དཀར་པོ་ཅན་གྱི་རིགས་ཁྱུ་དེ་ཁོངས་གསར་བ་ཞིག་ཏུ་ངོས་བཟུང་ཞིང་། དེའི་དཔེ་དབྱིབས་རིགས“ཕུབ་དབྱིབས་སྡེར་ལེབ་སྤང་རྩི”ལ་དཔེ་མཚོན་གྱི་ཕུབ་དབྱིབས་གྲུབ་ཚུལ་ཡོད་པ་བལྟས་པ་ཙམ་གྱིས་ཤེས་ཐུབ།

སྡེར་ལེབ་སྤང་རྩིའི་ཁོངས་གཏོགས་ཀྱི་ཚན་སྡེབ་གསར་བ། བཅར་འདྲི་བྱ་ཡུལ་ལས་ཁུངས་ཀྱིས་པར་རིས་འདོན་སྤྲོད་བྱས།
མིག་སྔར་ངོས་འཛིན་གཏན་ཁེལ་བྱས་པའི་སྡེར་ལེབ་སྤང་རྩིའི་ཁོངས་གཏོགས་དངོས་རིགས་གསར་བའི་ཁྲོད། གསར་དུ་རྙེད་པའི་ཁམ་མཆིན་སྡེར་ལེབ་སྤང་རྩི་དང་ཕུབ་དབྱིབས་སྡེར་ལེབ་སྤང་རྩི། ལོ་སྲབ་སྡེར་ལེབ་སྤང་རྩི་བཅས་རིགས3ལས་གཞན། ཁ་གྱེས་སྡེར་དབྱིབས་སྤང་རྩི་དེ་ཡང་བསྐྱར་དངོས་རིགས5རུ་དབྱེ་ཡོད་ལ། སྤང་རྩི་འདི་དག་གཙོ་བོ་མཚོ་འཕགས་སྨི3000ཡན་གྱི་ཁོར་ཡུག་ཁྲོད་ཁྱབ་པ་དང་། སི་ཁྲོན་དང་ཡུན་ནན། མཚོ་སྔོན་བཅས་འབྲེལ་མཚམས་ཀྱི་རི་མཐོ་ས་དང་གྲོག་རོང་། ནགས་འདབས་སོགས་སུ་གཅིག་བསྡུས་ཆེ་ལ། རྒྱུན་པར་སྔོ་དྲེག་གི་རིམ་པ་དང་ས་རྒྱུའི་ངོས་སུ་འབྱར་ཡོད།གསར་རྙེད་འདིས་ལོ་ངོ་བརྒྱ་ལྷག་ལ་བརྒྱུད་པའི་སྲོལ་རྒྱུན་གྱི་རིགས་དབྱེའི་མ་ལག་ལ་བཟོ་བཅོས་བྱས་པར་མ་ཟད། མདོ་དབུས་མཐོ་སྒང་དེ་དངོས་རིགས་རིགས་དབྱེའི་ས་ཁུལ་ཚ་ཤོས་ཤིག་ཡིན་པའི་དམིགས་བསལ་གོ་གནས་ཀྱང་གོམ་གང་མདུན་སྤོས་ངང་འབུར་དུ་ཐོན་པར་བྱས་ཡོད། ཞིབ་འཇུག་རུ་ཁག་གི་འདོད་ཚུལ་ལྟར་ན། མཐོ་སྒང་མཐའ་མཚམས་ས་རྒྱུད་ཀྱི་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་བྱ་འོས་ཏེ། རྒྱུ་མཚན་ནི་ཁྱབ་ཁོངས་འདི་དག་དངོས་རིགས་གསར་བ་རིགས་དབྱེ་བྱེད་སའི“འགུལ་སླེ”གལ་ཆེན་ཞིག་ཏུ་འགྱུར་ཡང་སྲིད།
འབྲེལ་ཡོད་འོས་སྦྱོར།