བོད་པའི་ལ་རྒྱ།
སློབ་གྲྭ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ།
སློབ་རིམ། དམའ་འབྲིང་།
རུས་མིང་། རྣམ་བཀུར་ཚེ་རིང་།
འཛིན་གྲྭ། དམའ་འབྲིང་དང་པོའི་འཛིན་གྲྭ་དང་པོ།
བོད་པའི་ལ་རྒྱ།
རྣམ་བཀུར་ཚེ་རིང༌།
གངས་རི་དཀར་པོ་བོད་པའི་བླ་རི་ཡིན། །
སྤང་ལྗོངས་སྔོན་མོ་བོད་པའི་ཕ་ས་ཡིན། །
སྦྲ་ནག་གྲུ་བཞི་བོད་པའི་ཕ་ཁྱིམ་ཡིན། །
རྡོག་རྩ་གཅིག་ཏུ་སྦྲེལ་ན་ལ་རྒྱ་ཡིན། །
ས་རྩོད་ཆུ་རྩོད་བོད་པའི་བསྒྱུར་བྱ་ཡིན། །
རྟ་ནོར་ལུག་གསུམ་བོད་པའི་འཚོ་བརྟེན་ཡིན། །
བྱམས་དང་སྙིང་རྗེ་བོད་པའི་རང་གཤིས་ཡིན། །
དཔུང་བ་མཉམ་དུ་གཤིབས་ནས་མདུན་དུ་བསྐྱོད། །
ཆ་ལུགས་ངན་པ་བོད་པའི་སྤང་བྱ་ཡིན། །
རང་སྐད་གཞན་བསྒྱུར་བོད་པའི་ངོ་ཚ་ཡིན། །
སྐད་དང་ཡི་གེ་གཉིས་ཀ་སྲོག་རྩ་ཡིན། །
སྲོག་རྩ་སྲུང་འཛིན་ཐུབ་ན་ལ་རྒྱ་ཡིན། །