logo

སེམས་གཏམ།

རྩོམ་པ་པོ།:ལྷ་ལྕམ་ཁྲོམ་རྒྱན ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-05-20 ཀློག་གྲངས།:

རུས་མིང་།    ལྷ་ལྕམ་ཁྲོམ་རྒྱན།
འཛིན་གྲྭ     སློབ་ཆུང་ལོ་རིམ་ལྔ་བ།
ཕ་ཡུལ།      ཟི་ཁྲོན་ཁྱུང་མཆུ་རྫོང་།    
 

སེམས་གཏམ།

                  ལྷ་ལྕམ་ཁྲོམ་རྒྱན།

         ལྷས་ར་གྲུ་བཞིའི་ནང་ན།།
         འོ་མ་ཤག་ཤག་བཞོ་བའི།།
         ཨ་ཅེ་འབྲོག་མོ་ལོ་ལོ།།
         རིག་པའི་གནས་ལ་སྦྱོང་དང་།།
         རང་གི་མདུན་ལམ་དེ་ཡིན།།
 
         རྩེད་ར་གྲུ་བཞིའི་ནང་ན།།
         བློ་རིག་གཉིས་ཀ་འཛོམས་པའི།།
         བོད་པའི་བུ་མོ་ཆུང་ཆུང་།།
         སྐད་རིགས་སྣ་མང་སྦྱོང་དང་།།
         བུ་མོའི་ལ་རྒྱ་ཟིན་ཡོང་།།
 
         རིག་པའི་ལྡིང་ཁང་རེ་ན།།
         ཀཱ་ལི་དབྱངས་སུ་གྱེར་བའི།།
         བརྩེ་ལྡན་སློབ་གྲོགས་རྣམ་པ།།     
         མཐུན་པའི་ལག་རྡང་སྦྲེལ་དང་།།
         བོད་པའི་བསམ་དོན་འགྲུབ་ཡོང་།།

2011.5.15.ཉིན་སློབ་གྲྭ་ནས།

 
 
འབྲེལ་ཡོད་འོས་སྦྱོར།