logo

ཕྱིར་དྲན་ཀློང་གི་ཨ་ཕ།

རྩོམ་པ་པོ།:ཁྱུང་ཕྲུག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-05-20 ཀློག་གྲངས།:

རུས་མིང་།    ཁྱུང་ཕྲུག
འཛིན་གྲྭ     སློབ་ཆུང་ལོ་རིམ་ལྔ་བ།
ཕ་ཡུལ།     ཟི་ཁྲོན་ཁྱུང་མཆུ་རྫོང་།

ཕྱིར་དྲན་ཀློང་གི་ཨ་ཕ།

                 ཁྱུང་ཕྲུག

     ཨ་ཕ་ལགས
     ཁྱེད་གློ་བུར་དུ་སུས་ཀྱང་མི་མཐོང་སའི་
     གནས་གང་ཞིག་ལ་ཕེབས་སོང་བ་ཡིན
     དྭ་ཕྲུག་ཏུ་ལུས་པའི་མིང་སྲིང་ཚོའི་སེམས་པར་
     བཟོད་ཐབས་དཀའ་བའི་རྨ་ཁ་བཟོས་ཡོད
 
     ཁྱེད་གར་སོང་ཆ་མེད་དུ་གྱུར་ཉིན་ནས
     དྭ་ཕྲུག་ཏུ་ལུས་པའི་མིང་སྲིང་ཚོས་སྐྱོ་ལྷང་ལྷིང་གི་མིག་ཆུས
     ཨ་ཕ་ཁྱེད་ལ་འབོད་ཀྱིན་ཡོད་པ་ཐོས་སོང་ངམ
 
     ཁྱིམ་མི་ལྷན་དུ་འཛོམས་དུས་ཁྱེད་ཉིད་ལྷག་ཏུ་དྲན་ལ
     སློབ་གྲོགས་ཚོའི་ཨ་ཕ་ཞེས་པའི་འབོད་སྐད་ཐོས་དུས་ཀྱང
     ཁྱེད་དྲན་པའི་མཆི་མ་འགོག་མེད་དུ་བཞུར་འགྲོ
 
     ཁྱེད་མེད་པའི་ཉི་མ་འདི་དག་གི་རིང་ལ
     ངེད་མ་བུ་ཚོས་ཐེབས་ཆག་གི་འཚོ་བ་རོལ་གྱིན་ཡོད
     ཨ་ཕ་ལགས་ཁྱེད་ཀྱིས་ཤེས་སམ
     ཁྱེད་མེད་པའི་ཉི་མ་འདི་ཅི་འདྲའི་འཁྱོལ་དཀའ་ཨང
 
     ངས་ཨ་ཕ་ཁྱེད་ནམ་ཡང
     ང་ཚོའི་ཕུ་ནུ་མིང་སྲིང་ཚོའི་གམ་དུ་ཡོད་པར་
     བུ་མོ་ང་ལ་ཡིད་ཆེས་བརྟན་པོ་ཡོད
     མ་ཎི་ཡིག་དྲུག་གི་དབྱངས་རྟ་སྙན་མོས
     ང་ཚོས་ཨ་ཕ་ཁྱེད་ལ་ནམ་ཡང་དྲིན་ལན་འཇལ་གྱིན་ཡོད
 
     ད་སྐབས་ང་ཚོས་བསམ་ཤེས་ཡོད་པས
     ཨ་ཕ་ལགས་   ཁྱེད་ཉིད་བདེ་བར་གཟིམས་རོགས

2011.5.19ཉིན་སློབ་གྲྭ་ནས།

 
 
འབྲེལ་ཡོད་འོས་སྦྱོར།