ཕོ་མཆོག་མོ་དམན་གྱི་ལྟ་ཚུལ།
རུས་མིང་། དབྱངས་ཅན་ལྷ་མོ།
འཛིན་གྲྭ སློབ་ཆུང་ལོ་རིམ་དྲུག་པ།
ཕ་ཡུལ། ཟི་ཁྲོན་ཁྱུང་མཆུ་རྫོང་།
ཕོ་མཆོག་མོ་དམན་གྱི་ལྟ་ཚུལ།
དབྱངས་ཅན་ལྷ་མོ།
༡
ང་ཚོའི་བོད་ཀྱི་ཡུལ་འདི་ལ་ཕོ་མཆོག་མོ་དམན་ཞེས་པའི་ལྟ་ཚུལ་འདི་ཆགས་ནས་དུས་ཡུན་རིང་བོ་ཞིག་འགོར་ཡོད་པར་བཤད། བུ་མོ་ངས་བསམ་ན་འདི་ནི་ང་ཚོའི་ཡབ་མེས་དག་གི་རིང་བརྒྱུད་ཡོང་བའི་ལྟ་ཚུལ་ངན་པ་ཞིག་རེད། མི་ཞིག་གིས་ཇི་ལྟར་བཤད་ཀྱང་རང་ཉིད་ལ་ཐོབ་དང་ནུས་པ་ཡོད་ན་ཁྱད་པར་གང་ཡང་མེད།
༢
ང་ཚོའི་ཕོ་མཆོག་མོ་དམན་ཞེས་པའི་ལྟ་ཚུལ་འདི་ཡང་མི་ཞིག་གིས་བཤད་དེ་བརྒྱུད་ཡོང་བ་ཞིག་ཡིན་པ་ཤ་སྟག་ཡིན། དེ་བས་ང་ཚོས་ཕོ་མཆོག་མོ་དམན་གྱི་བཤད་སྟངས་འདིར་དགག་པ་དང་ངོ་རྒོལ་བྱས་ཏེ་རང་ཉིད་དབང་ཆེན་དུ་འབད་རྩོན་བྱ་དགོས། དཔེར་ན་བསམ་བློ་མ་བཏང་བར་བླ་མ་སོགས་ཀྱི་གསུང་ཐམས་ཅད་བདེན་པར་འཛིན་པ་ལྟ་བུ།
༣
སྟོན་པ་མཆོག་གིས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། གསེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླངས་པར་བྱ་ཡི་གུས་ཕྱིར་མིན།།ཞེས་གསུངས་འདུག་པས་ང་ཚོས་ཀྱང་ཕོ་མཆོག་མོ་དམན་ཞེས་པའི་ལུགས་སྲོལ་འདི་ལ་བསམ་བློ་གཏོང་དགོས་པར་མ་ཟད་སྐད་ཆ་དང་དོན་དག་གང་ཡིན་ཚང་མར་བསམ་བློ་གཏང་རྒྱུ་གལ་ཆེ་བར་འདོད་དོ།།
2011.5.18