logo

སློབ་ཆུང་གི་འཚོ་བ།

རྩོམ་པ་པོ།:ལྷ་རིས་སྒྲོལ་མ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-22 ཀློག་གྲངས།:

                    
                              རུས་མིང་། ལྷ་རིས་སྒྲོལ་མ།
                              སློབ་རིམ། ལོ་རིམ་དྲུག་པའི་འཛིན་གྲྭ་གསུམ་པ།
                              དགའ་ཕྱོགས། རྩོམ་རིག་དགའ་ཕྱོགས་འཛིན་གྲྭ

སློབ་ཆུང་གི་འཚོ་བ།

                                                                                                                                                 ལྷ་རིས་སྒྲོལ་མ།

        ང་ནི་མང་རྫོང་མཁར་གྲོང་བཅའ་སྡོད་སློབ་ཆུང་འགྲིམས་བཞིན་པའི་སློབ་མ་དཀྱུས་མ་ཞིག་ཡིན་ལ།  ངས་དུས་དང་རྣམ་པ་ཀུན་དུ་ཕ་མ་གཉིས་ཀྱིས་སློབ་གྲྭར་བསྐྱལ་བའི་བཀའ་དྲིན་དང་དགེ་རྒན་རྣམས་ཀྱིས་རིན་ཐང་གཞལ་མེད་ཀྱི་བསླབ་བྱ་ཡིད་ལ་དམ་པོར་བཟུང་སྟེ།  ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་སློབ་ཆུང་གི་འཚོ་བ་དང་སློབ་སྦྱོང་གི་ཕྱོགས་ལ་འབད་པ་ལྷོད་མེད་བྱེད་ཀྱིན་ཡོད།
        ངའི་དྲན་ཡིད་ན་ད་དུང་བརྗེད་དཀའ་བར་ཡོད་པ་ཞིག་ནི།  ངའི་རིག་པ་དེ་འདྲ་གསལ་རྒྱུ་མེད་ལ་གཤིས་ཀ་ཡང་ཅུང་སྒྱིད་ལུག་ཡིན་པའི་དབང་གིས།  ང་རང་ལོ་རིམ་གསུམ་པ་འགྲིམ་པའི་སྐབས་སུ་ཡང་ཡི་གེ་ཀློག་མི་ཤེས་ལ་འབྲི་ཡང་མི་ཤེས།  ཡིན་ནའང༌། ངའི་བོད་ཡིག་དགེ་རྒན་གྱིས་ང་དང་ང་ལྟ་བུའི་སློབ་སྦྱོང་གི་འབྲས་བུ་དེ་འདྲ་ལེགས་རྒྱུ་མེད་པའི་སློབ་མ་དག་ཀྱང་སྣང་མེད་དུ་མ་བཞག་པར།  སློབ་གསེང་དང་ཁོམ་སྐབས་ཀྱི་དུས་ཚོད་བཙལ་ནས་ང་ཚོར་འབྲི་ཀློག་གི་ཟུར་ཁྲིད་ཡང་ཡང་བྱས་པས།  ད་ལྟ། ང་ནི་ང་ཚོ་འཛིན་གྲྭའི་སློབ་སྦྱོང་ལ་ཆེས་བཟང་བའི་སློབ་མ་དེ་མིན་ན་ཡང༌།  སྔོན་ཆད་དང་བསྡུར་ན་འབྲི་ཀློག་གཉིས་ལ་འདང་རྒྱག་ཅི་ཡང་མེད་པའི་ཚད་ལ་སླེབས་ཡོད།
        ད་ལྟའི་ངའི་ཕུགས་བསམ་ནི། མ་འོངས་པ་ན་ང་རང་དགེ་རྒན་ཞིག་བྱེད་འདོད་པ་དེ་ཡིན་ཞིང༌།  ཕུགས་བསམ་དེ་མངོན་འགྱུར་བྱེད་པའི་ཆེད་དུ།  ངས་སློབ་སྦྱོང་གི་ཕྱོགས་ལ་འབད་པ་ལྷོད་མེད་བྱེད་པ་དང་ཆབས་ཅིག   ཕ་མ་དང་དགེ་རྒན་དག་ལ་དྲིན་ལན་འཇལ་བའི་ཆོད་སེམས་ཀྱང་བརྟན་པོར་ཡོད།   རྒྱུ་མཚན་ནི། ཕ་མ་གཉིས་ཀྱིས་སེན་མགོ་ཁྲག་དང་སེན་གཏིང་རྣག་གིས་ལས་ཀ་ལས་ནས་ང་རང་སློབ་གྲྭར་བསྐྱལ་བ་ཡིན་ལ། དགེ་རྒན་དམ་པས་ནངས་དགོང་གི་དཀའ་ངལ་ལ་ཡང་མ་འཛེམས་པར་ང་ལ་སློབ་སྟོན་གནང་བས་སོ། །

 
 
འབྲེལ་ཡོད་འོས་སྦྱོར།