མེ་ཏོག་འཚོ།
མེ་ཏོག་འཚོ།
དམའ་འབྲིང་གསུམ་པའི་འཛིན་གྲྭ་ལྔ་བ། ཚེ་དཔག་སྐྱབས།
སྒྱུ་མའི་གྲོང་ཁྱེར།
མཛེས་པའི་དོ་ར།
ཡོད་ཚད་མཚར་སྡུག་གིས་ཕྱུག་པའི་ཞིང་ཁམས་ན།
ཤེས་རིག་གི་གཟབ་འཆོར་སྤྲས་པའི་མེ་ཏོག་འཚོ།
འཛུམ་དམུལ་དམུལ། བྱམས་དུངས་དུངས།
ངའི་བརྩེ་འཛུམ་གྱི་མཁའ་དབྱིངས་སུ།
དལ་གྱིས་བརྒྱུད་པའི་རབ་དཀར་གྱི་ཆུ་འཛིན།
ཁྱེད་ཀྱི་རང་གཤིས་མ་ཡིན་ནམ།
དེ་མིན། གཡའ་དག་པའི་བར་སྣང་དུ།
གཤོག་འགྱུར་གྱི་སྟངས་སྟབས་བསྒྱུར་པའི་རྒོད་པོའི་འཕུར་རྩེན།
ཁྱེད་ཀྱི་བྲོ་གར་གྱི་ལྡེམ་མྱུར་ཨེ་ཡིན།
དཔའ་ངར་གྱི་སྐྱེ་སྟོབས་ལྡན་པའི་ཐག་འཁྱུད་མེ་ཏོག
ཁྱེད་ཀྱིས་སློབ་སྦྱོང་ལ་གཞོལ་པའི་སྙིང་རུས་མིན་ནམ།
མེ་ཏོག་གི་འཇིག་རྟེན་ན་གཏམས་པའི་མེ་ཏོག་འཚོ།
ཀ་མ་ལའི་བཞིན་རས། ཀཱ་པ་ལའི་རང་མདངས།
འདི་ནི་ཁྱེད་ཀྱི་མཛེས་སྡུག་གི་ལང་ཚོ་ཡིན།
མེ་ཏོག་འཚོ།
གངས་དཀར་པོར་བློ་སེམས་གཏད་ནས།
སྤང་སྔོན་མོར་ཕུགས་འདུན་བཅོལ་དུས།
འཁྲེང་ཞེན་ཁྲི་ཕྲག་གི་རྒྱབ་ལྗོངས་ནས།
ངས་ཁྱེད་ཀྱི་དགེ་མཚན་ཡོད་ཚད།
སྨྱུག་རྩེ་ནས་མགུར་མ་རུ་བཞེངས་ཡོད།