logo

ཁྱོད་ལ་སྨྲས་པ།

རྩོམ་པ་པོ།:ལྷ་མོ་སྐྱབས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-23 ཀློག་གྲངས།:


དངོས་མིང་།  ལྷ་མོ་སྐྱབས།
པིར་མིང་། གསོམ་བུ།
འཛིན་གྲྭ  2009ལོའི་བོད་སྐད་ཡིག་རྩོམ་རིག་འཛིན་གྲྭ་དང་པོ།
ཕ་ཡུལ།  ཀན་ལྷོ་བླ་བྲང་།


ཁྱོད་ལ་སྨྲས་པ། (ཞར་བཀོད་གཅིག)

     དེ་རིང་མ་བརྩིས་པའི་སང་ཉིན་འདི
     བྱ་སྤུ་རླུང་གིས་ཟས་པ་བཞིན་ང་རང
     ཁྱོད་དང་འབྲལ་དགོས་པའི་དུས་ཚོད་རེད
     དེ་དུས་ཁྱོད་རང་སེམས་པ་མ་སྡུག་རོགས
     ངས་ཁྱོད་ལ་སྙན་ངག་ཅིག་བྲིས་ཡོད

     མིག་ཆུ་མེད་ལ་སྡུག་ཡུས་མེད་པའི་སྙན་ངག་དེ
     ངས་ཁྱོད་ལ་ཆེས་མཐའ་མཇུག་ཏུ་ཕུལ་བའི་ལེགས་སྐྱེས་ཡིན
     ཡང་ན་དེ་ནི་ཁྱོད་གཅིག་པོར་དབང་བའི་ང་རང་ཡིན་སྲིད

     སྙན་ངག་ཐུང་ཐུང་དེ་རུ་དེ་རིང་མ་གཏོགས་བྲིས་མེད
     གལ་ཏེ་ཁྱོད་ཀྱི་དྲན་ངོགས་སུ་ང་ལ་བསྟི་གནས་ཤིག་ཡོད་ན
     ཁྱོད་ཀྱིས་དེ་ལ་སང་ཉིན་ཞེས་པའི་སྙན་ངག་ཅིག་ཕྲིས་དང
     འདི་ནི་ང་ཡི་ཁ་ཆེམས་དང་རེ་བ་ཉག་གཅིག་པོ་དེ་ཡིན

2012-1-11

དུས་ཚོད་ཀྱི་སེམས་ལྗོངས།

     ཆུ་མོའི་རླབས་ཕྲེང་གིས་ང་རང་རྒྱང་དུ་དེད
     ཆེས་ཐག་རིང་གི་སྐར་མའི་ལྗང་ལོར་ཕྱིན
     འདི་ནི་ཁྱོད་དང་ཁ་ཐག་ཉེ་ས་ཡིན་སྐད

     གནས་འདི་ནས་རང་སེམས་སྟོན་ཡ་མེད་པས
     རང་དབང་གི་གཤོག་ཟུང་གང་འདོད་བསྐྱངས་ཆོག

     གཉིད་ཞིམ་པོ་དེ་ཡི་མངའ་ཐང་ཁྱོད་རང་ཡིན་ཆོག
     ལོ་ཟླའི་རྒས་གཉེར་གྱིས་ཡོད་ཚད་ལ་བདེ་མོ་བཏང་འགྲོ
     ངས་ཡང་བསྐྱར་མིག་ཟུང་གིས་འདས་སོང་རུམ་ནས་ཡོད

2012-1-12

 
 
འབྲེལ་ཡོད་འོས་སྦྱོར།