logo

ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་།

རྩོམ་པ་པོ།:པད་མ་ཕག་མོ་རྟ་མགྲིན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-27 ཀློག་གྲངས།:


ཆུ་མིག་ལྔ་ལྡན་རི་བོའི་འདབས་ཀྱི་ནུབ་བྱང་མི་རིགས་སློབ་ཆེན།


བོད་སྐད་ཡིག་རྩོམ་རིག་ཚོགས་ཆུང་གིས་བགྲོ་གླེང་བྱེད་བཞིན་པ།
                                                 

         ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་ ནི་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཆེས་སྔ་མོའི་ཁྱད་ཆོས་ལྡན་པའི་མི་རིགས་སྐད་ཡིག་ཆེད་ལས་ཅན་གྱི་སློབ་གླིང་གི་ཡ་གྱལ་ཞིག་ཡིན་ལ། དུས་རབསཉི་ཤུ་པའི་ལོ་རབས་ལྔ་བཅུ་པའི་དུས་ནས་བཟུང་བོད་ཡིག་གི་དངོས་གཞིའི་སློབ་མ་བསྡུ་བའི་འགོ་བཟུང་། དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པའི་སྟོད་དུ་བོད་སྐད་ཡིག་རིག་གནས་སྡེ་ཁག་བཙུགས་ཤིང་། སྤྱི་ལོ2003ལོར་འདིའི་མིང་བསྒྱུར་ཏེ་བོད་སྐད་ཡིག་རིག་གནས་སློབ་གླིང་དུ་བཏགས། བོད་སྐད་ཡིག་རྩོམ་རིག་གི་ཆེད་ལས་གཉེར་སྐྱོང་བྱས་ནས་ད་བར་དུ་ལོ་ངོ་མང་པོ་འགོར་ཟིན་ལ། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད། ད་ལྟ་འདིར་དགེ་རྒན་དང་ལས་བཟོ་བ་སོ་གཅིག་ལྷག་ཙམ་ཡོད་པ་དང་། འབུམ་རམས་པ་ དང་། རབ་འབྱམས་པ། དངོས་གཞིའི་སློབ་མ། ཟུར་ཞུགས་སློབ་མ་ བཅས་སློབ་མ་ཆིག་སྟོང་ཡས་མས་ཤིག་གིས་སློབ་གཉེར་བྱེད་བཞིན་ཡོད། འདིའི་ནང་གི་སློབ་མ་དག་ནི་མཚོ་སྔོན་དང་ཀན་སུའུ། བོད་ལྗོངས། སི་ཁྲོན།  ཡུན་ནན་བཅས་ཡུལ་ལུང་མི་གཅིག་པའི་ཞིང་ལྗོངས་ལྔ་ནས་ཐོན་པ་ཡིན།


དགེ་རྒན་བདུད་ལྷ་རྒྱལ་གྱི་འཆད་ཁྲིད་དང་དེའི་ཚོགས་རའི་ཟུར་ཞིག

         སློབ་གླིང་འདིར་བོད་རང་གི་རིག་གནས་ལ་ངེས་ཤེས་འདྲོངས་པ་དང་མི་གཞིའི་རང་དབང་བརྩོན་ལེན། རྩོམ་ཡིག་འབྲི་སྦྱོང་སོགས་ཀྱི་ཐད་སོ་སོ་ནས་རྟག་ཏུ་ཚ་ཚ་འུར་འུར་གྱི་མེ་ལྕེ་དྲག་ཏུ་མཆེད་ཅིང་། སྤྱི་ཚོགས་ཀྱི་ ཉམས་མྱོང་ལེན་པ་དང་ལས་དོན་བསྒྲུབ་པའི་ནུས་པ་སྐྱོང་བ་བཅས་ཀྱི་ཕྱོགས་ནས་ཀྱང་ཆེས་མཚར་སྡུག་གི་ལོ་རྒྱུས་ཤིག་བྲིས་དང་འབྲི་བཞིན་འདུག་པས།  ཉེ་ལམ་བོད་ཀྱི་སྤྱི་ཚོགས་ཀྱི་གྲུ་ག་སོ་སོར“ནུབ་བྱང”དང“ནུབ་བྱང་ཚང”ཞེས་རླུང་ལྟར་གང་དགར་རྒྱུ་ཞིང་། ལྷག་ཏུ་བོད་རང་གི་སློབ་གྲྭ་དག་གི་ཁྲོད་ནས་རི་ཟོམ་ལྟར་ཁེར་ཚུགས་ཀྱིས་མཐོ་རུ་འགྲེངས་ཡོད། གཞན་ད་རུང་ འཛམ་གླིང་གི་ས་ཆ་མང་པོ་ཞིག་ཏུ་འདིའི་མིང་གོ་མྱོང་བའི་མི་མང་པོ་ཞིག་འདུག་སྟེ། འདི་ཡི་ཕྱོགས་ནི་གཤམ་གྱི་མིག་གི་དཔལ་དུ་གཏམས་པའི་བརྙན་ རིས་དག་ལས་ཟུར་ཙམ་མཚོན་ཐུབ།


བོད་སྐད་ཡིག་རིག་གནས་སློབ་གླིང་གི་སྐབས་བདུན་པའི《གངས་རིའི་གཟི་བྱིན》ཞེས་པའི་སློབ་མ་གསར་བ་བསུ་བའི་དགོང་ཚོགས་ཀྱི་ཟུར་ཞིག

         ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་མི་རིགས་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་། མི་རིགས་ཀྱི་རིག་གནས་དར་སྤེལ་བྱེད་པ་དམིགས་སུ་བཟུང་ནས། སློབ་གསོ་སྒེར་ཚུགས་ཅན་དང་།  སློབ་གསོ་ཕྱོགས་ཡོངས་ཅན། སློབ་གསོ་ཚད་མཐོ་ཅན་སོགས་སྤུས་ལྡན་གྱི་སློབ་གསོ་ཞིག་ཏུ་འགྱུར་བར་ནམ་ཞར་འབད་འབུངས་གང་ལེགས་བྱེད་ཀྱིན་ཡོད་པས། ད་ལྟ་མདོ་དབུས་མཐོ་གཞོངས་དང་སྒོས་སུ་ནུབ་བྱང་གི་ས་ཆ་འདིའི་ཟུར་གང་སར་བཤད་དུ་མེད་པའི་ནུས་པ་སྣ་མང་བཏོན་དང་འདོན་གིན་འདུག 

 
 
འབྲེལ་ཡོད་འོས་སྦྱོར།