གྲོང་འགོ་བསྟན་འཛིན་རྡོ་རྗེའི་རྩོམ་ཡིག་ཁག་ཅིག
རུས་མིང་། གྲོང་འགོ་བསྟན་འཛིན་རྡོ་རྗེ།
འཛིན་གྲྭ མཐོ་གཅིག
ཕ་ཡུལ། སྨར་ཁམས་རྫོང་།
མཛེས་སྡུག་གི་སྨར་ཁམས།
སྐྱེས་མཆོག་བསོད་ནམས་རྒྱ་མཚོའི༎
མཛད་འཕྲིན་འོད་བཞིན་གསལ་ས༎
སྨར་ཁམས་བྱམས་ཅན་ཆོས་གླིང་༎
ང་ཡི་ཕ་ཡུལ་ཡིན་སོང་༎
མཛེས་སྡུག་ལྡན་པའི་གཡང་ས༎
གནས་མཆོག་སྨར་ཁམས་ཕྱུག་མོ༎
ང་ཡི་ཕ་ཡུལ་ཡིན་སོང༎
རིས་མེད་ཚུལ་ཁྲིམས་བསྟན་འཛིན༎
མཚན་བཟང་མེ་ཏོག་འཁྲུངས་ས༎
སྨར་ཁམས་གཡང་གི་ར་བ༎
ང་ཡི་ཕ་ཡུལ་ཡིན་སོང༎
མཛེས་སྡུག་ལྡན་པའི་ས་གཞིར༎
ཏང་གི་སྲིད་ཇུས་བཟང་པོའི༎
ཁྲི་གདུགས་ཉི་མ་ཤར་སོང་༎
གནས་མཆོག་སྨར་ཁམས་ཕྱུག་མོ༎
ང་ཡི་ཕ་ཡུལ་ཡིན་སོང༎
ཁམས་པའི་སྟག་ཤར་རྒོད་པོས༎
རང་རེའི་སྲོལ་བཟང་སྐྱོང་ས༎
སྨར་ཁམས་གཡང་གི་ར་བ༎
ང་ཡི་ཕ་ཡུལ་ཡིན་སོང༎
མཛེས་སྡུག་ལྡན་པའི་གཡང་ས༎
གནས་མཆོག་སྨར་ཁམས་ཕྱུག་མོ༎
ང་ཡི་ཕ་ཡུལ་ཡིན་སོང༎
འདོ་བ་རྟ་མཆོག་རྒོད་པོའི༎
བང་ཁ་རླུང་ལ་འགྲན་ས༎
སྨར་ཁམས་སྤང་ལྗོངས་སྔོན་མོ༎
མཛེས་སྡུག་ལྡན་པའི་གཡང་ས༎
གནས་མཆོག་སྨར་ཁམས་ཕྱུག་མོ༎
ཨ་མ་དྲན་གླུ།
ལས་དབང་བཙན་པོ་ཞིག་གིས༎ ཐག་རིང་རྒྱང་དུ་སྤྱུགས་བྱུང་༎
ང་དང་ཨ་མའི་བར་ཐག། ལེ་དབར་སྟོང་གིས་ཆོད་ཡོད༎
རྒྱང་རིང་ཕ་ཡུལ་ཕྱོགས་ཀྱི༎ ང་ཡི་བྱམས་ལྡན་ཨ་མ༎
ཡིད་ལ་དྲན་ཐེངས་རེ་ལ༎ མིག་ཟུང་མཆི་མས་ཁེངས་སོང་༎
གསེར་མདོག་ཉི་མ་གཞོན་ནུ༎ ཤར་རིའི་རྩེ་ནས་འཛུམ་དུས༎
བྱམས་ལྡན་ཨ་མའི་འཛུམ་ཞལ༎ ཡ་ཆུང་སེམས་སུ་འཛུམ་བྱུང་༎
ཨ་མ་དྲན་ཐེངས་རེ་ལ༎ སེམས་པ་ཡུལ་ལ་སླེབས་སོང༎
ཨ་མས་ཕྱག་ཟུང་འཇམ་པོས༎ བྱིལ་བྱིལ་བྱེད་འདུག་སྣང་བྱུང་༎
དྲན་གདུང་མིག་ཆུ་ཐིགས་པ༎ ཟླ་ཆུ་སྔོན་མོར་འདྲེས་སོང་༎
མཆོག་གསུམ་ཐུགས་རྗེ་ཆེན་མོས༎ ལྷན་འཛོམས་སྐལ་བ་གནང་རོགས༎