logo

བོད་ཟླ་གཉིས་པའི་ཚེས་བཅུ་དྲུག་ཡི་ཞོགས་པ། ཧོར་བུ་བཀྲ་རྡོ།

རྩོམ་པ་པོ།:ཧོར་བུ་བཀྲ་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-09-01 ཀློག་གྲངས།:


རུས་མིང་།  ཧོར་བུ་བཀྲ་རྡོ།

བོད་ཟླ་གཉིས་པའི་ཚེས་བཅུ་དྲུག་ཡི་ཞོགས་པ།

         ད་ནངས་ཞོགས་པ།   དབུས་ལྷ་སའི་ཕྱོགས་བཞིའི་རི་བོ་ཁ་བས་བཏུམ་ཅིང་། ས་གཞི་ཧྲིལ་པོ་སྨྲེ་ངག་གིས་ཁེངས།   ཨ་མ་གནམ་གྱི་སྐྱོ་གདུང་གི་མཆི་མ་འདོན། ལྷ་ས་གྲོང་ཁྱེར་གྲོང་ཤར་སྡོད་ཁུལ་གསར་པའི་ནང་དུ་ཆགས་པའི་དྲོ་སྐྱིད་ལྡན་པའི་ཉམ་ཆུང་ང་ཚོའི་ཁྱིམ་ཚང་ཆེན་མོ་ཞིག་གི་དྲིན་ཆེན་པ་ལགས།  གློ་བུར་དུ་ནད་གཞིས་རྐྱེན་པས་ཆོས་འཛིན་དྭ་ཕྲུག་ཁང་གི་སློབ་སྤྱི་བསྟན་འཛིན་དོན་གྲུབ་ལགས་སྐུ་གཤེགས་སོང་།
         ཁ་སང་།  ངེད་ཚང་ནས་ཕ་བཟང་པོ་ཁྱེད་ཀྱི་སྐུ་དྲིན་འོག  དྭ་ཕྲུག་དང་། དབང་སྐྱོན།  ཁྱིམ་ཚང་དབུལ་བའི་བུ་ཕྲུག70ལྷག་ཙམ་ལ་བྱམས་དང་སྙིང་རྗེའི་གཉོར་སྐྱོང་ལས་མི་རིགས་འདིའི་ཕུལ་བྱུང་གི་རིག་གནས།  སྲོལ་རྒྱུན་གྱི་ནང་མ་སྟོད་གཞས། ཐང་གའི་རྒྱུ་རྩལ་སོགས་ལ་ཐོས་བསགས་ཐུབ་པའི་བསྐལ་བ་བྱུང་ལ།  ཕ་མ་གཉིས་འཛོམས་ཀྱི་ཕྲུ་གུ་ཚོ་ལས་ཀྱང་ལྷག་པའི་བདེ་སྐྱིད་ཀྱི་མངར་ཁ་ཞིག་ཡང་དུ་སྦྱིན།
         འོན་ཀྱང་བསོད་ནམས་གྱིས་དབུལ་བའི་ང་ཚོ་དང་ཕ་ཁྱེད་གྱེས་དགོས་བྱུང་སོང་།  ཉིན་མོ་དེ་རིང་ནས་ང་ཚོའི་ཁྱིམ་ཚང་གི་བདེ་སྐྱིད་ཀྱི་མེ་ཏོག་སད་དང་སེར་བས་བཅོམ་སོང་།  པ་ལགས་བདེ་བར་བདེ་བར་བདེ་བ་ཅན་གྱི་ཞིང་ཁམས་ན་ཕེབས་ཤིག  ང་ཚོས་ཁྱེད་ཀྱི་སྐུ་དྲིན་བསྐལ་བརྒྱའི་བར་དུ་བརྗེད་མི་སྲིད་ལ།  ཁྱེད་ཀྱིས་བཅོལ་བའི་རེ་བ་མཐའ་དག་ང་ཚོས་མཐུན་སྒྲིལ་ངང་སྒྲུབ་ཐུབ་པ་བྱས་ཆོག   པ་ལགས།
         ཀྱེ་མ་ཀྱེ་ཧུད།  སྙིང་ཉེ་བའི་བྱམས་སེམས་ཅན་གྱི་སྤུན་ཟླ་ལགས།  ཉམ་ཆུང་ང་ཚོ་ལ་ཆེས་བཟོད་པར་དཀའ་བའི་བར་ཆད་ཀྱི་བཀག་རྡོ་ཞིག་འཕྲད་སོང་བས།  ཉམ་ཆུང་ང་ཚོའི་མ་འོངས་ཀྱི་འཚོ་གནས་ཆེད་དུ།  བྱམས་དང་སྙིང་རྗེའི་ཕྱག་ཟུང་ཞིག་བསྐྱངས་རོགས།  བཀའ་དྲིན་ཆེ། 

 
 
འབྲེལ་ཡོད་འོས་སྦྱོར།