logo

ངའི་སློབ་ཆུང་གི་འཚོ་བ། དཔོན་འཁོར་མགོན་པོ་འཚོ།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2014-03-01 ཀློག་གྲངས།:

སློབ་གྲྭ། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་།
འཛིན་གྲྭ། དམའ་གཉིས་འཛིན་བདུན།
རུས་མིང་། དཔོན་འཁོར་མགོན་པོ་འཚོ།

      ནར་སོན་གྱི་གོ་རིམ་ཁྲོད། བདག་གིས་དོན་དག་ཆེ་མ་ཆུང་གསུམ་མང་བོ་ཞིག་བརྒྱུད་མྱོང་། འོན་ཀྱང་དེ་དག་ལས་ཆེས་བརྗེད་དཀའ་ཞིང་སྙིང་ལངས་པ་ནི་ངའི་སློབ་ཆུང་གི་འཚོ་བ་སྟེ། ང་རང་ཚུལ་མིན་གྱི་སློབ་མ་ཞིག་གི་གཡོག་འོག་ཏུ་ཚུད་པའི་ལོ་ཟླ་དེ་དག་ཡིན།
      ལོ་དེ་དག་གི་རིང་ལ་ང་ཚོའི་འཛིན་གྲྭའི་སློབ་གྲོགས་ཕོ་མོ་སུ་ཡིན་རུང་། ཁོ་ཚོའི་ཚོད་ཀྱིས་སྡུག་ཅིག་མྱོང་ཡོད། ང་ཚོའི་འཛིན་གྲྭའི་ནང་ན་ཚུལ་མིན་གྱི་སློབ་གྲོགས་མོ་ཞིག་ཡོད། ཁོ་མོ་གྲངས་རིག་ལ་ཧ་ཅང་བཟང་བས་ང་ཚོའི་འཛིན་གྲྭའི་ཡང་རྩེ་ཡིན། གྲངས་རིག་གི་དགེ་རྒན་གྱིསཁོ་མོའི་ལས་བྱ་གཅིག་པུར་བལྟ་བ་ལས་ང་ཚོ་ཚང་མའི་ལས་བྱར་ཁོ་མོར་བལྟ་རུ་བཅུག་པ་རེད། དེ་ནས་མུ་མཐུད་དུ་ཉིན་རེ་ནས་ཉིན་རེ་བཞིན་བལྟ་རུ་བཅུག ཁོ་མོའི་ང་རྒྱལ་དང་རང་མཐོ་ཇེ་ཆེ་ནས་ཇེ་ཆེར་སོང་བ་རེད། ལས་བྱ་ལ་བལྟ་དགོས་ན་སྒོར་གཉིས་དང་ཟུར་ལྔ་དགོས། གལ་ཏེ་སྒོར་མོ་མེད་ཚེ་ལས་བྱ་ལ་མི་བལྟ། ང་ཚོའི་འཛིན་གྲྭར་སྒྲིག་ལམ་ཞིག་ཡོད་པ་ནི་ཉིན་གུང་ཆུ་ཚོད་གཉིས་ཀྱི་ཐོག་ལས་བྱ་མ་ཚར་ན་ལག་པར་དབྱུག་པ་བཅུ་རེ་འབྲབས་ངེས་རེད། དེའི་སྟབས་ཀྱིས་ང་ཚོའི་སློབ་གྲོགས་རྣམས་ཀྱིས་གཞན་ལ་སྒོར་མོ་བསྐྱིས་ནས་ལས་བྱ་ལ་བལྟ་རུ་བཅུག ད་དུང་ལས་བྱ་གང་ཞིག་ཡིན་རུང་ཁོ་མོའི་སྔོན་ལ་ཚར་ཚེ་དེ་ལ་གཅར་རྡུང་དྲག་པོ་བྱེད་པ་རེད།
      ཉིན་ཞིག་ལ་གྲངས་རིག་གི་ལས་བྱ་ཞིག་བྱིན། སློབ་གྲོགས་ཕོ་ཞིག་གིས་ཁོ་མོའི་སྔོན་ལ་ལས་བྱ་བྲིས་ཚར་སོང་། ཁོ་མོ་ཁོང་ཁྲོ་རབ་ཏུ་ལངས་ནས་ཁོ་ལ་གཅར་རྡུང་དྲག་པོ་བྱས་པས། སློབ་གྲོགས་དེ་དགོང་མོ་ཉལ་དུས་རྒྱབ་འཁོར་ནས་ཉལ་མི་ཐུབ་པར་བཟོས་འདུག ད་དུང་སློབ་གྲོགས་མོ་ཞིག་ལ་ཁོ་ཚང་གི་ཤ་སྐམ་བརྐུ་རུ་བཅུག་ནས་ཟ་བ་རེད། ཁོ་མོ་ལ་ང་རྒྱལ་གྱི་མགོ་འཕངས་ཧ་ཅང་མཐོ་བས་ཅུང་ཙམ་ཡང་ཐུག་མི་ཉན་ལ་གལ་ཏེ་སྟབས་མ་ལེགས་པར་ཅིག་ཐུག་ཚེ་མྱུར་དུ་འཛིང་རེས་བྱ་ངེས་ཡིན། དོན་དམ་དུ་མོ་ནི་སྡར་མ་ཞིག་ཡིན་མོད། མོས་ཁ་ཕོ་བེད་སྤྱད་ནས་གཞན་ལ་འཛིང་རེས་བྱས་པས་མོ་འཛིང་རེས་མ་བྱས་ས་ཞིག་ཕལ་ཆེར་མེད་པའི་ཚོད་རེད། དུས་དེར་ང་ཚོའི་འཛིན་གྲྭ་དཔོན་འཁོར་སློབ་གྲྭ་ཡོངས་ལ་གྲགས་སོང་། ནང་སྒོས་སུ་ཁོ་མོ་རེད། ཁོ་ཚོས་མོའི་མིང་ལ་ཁྲེལ་མོ་ཞེས་བཏགས་འདུག
      ང་ཚོའི་འཛིན་གྲྭར་བུ་མོ་བཞི་དང་བུ་དྲུག་ཡོད་ཅིང་། ཁོ་མོས་བུ་མོ་གསུམ་པོ་གཡོག་པོ་བྱེད་པར་བཀོད་སྒྲིག་ཡག་པོ་བྱས་ཡོད་དེ། ང་ཁོ་མོ་ལ་ཟ་རྒྱུ་ཉོ་བར་འགྲོ་དགོས་པ་དང་། བུ་མོ་གཞན་ཞིག་གིས་དཔེ་ཆ་ཡར་མར་ལ་ལེན་དུ་འགྲོ་དགོས། ཡང་བུ་མོ་ཞིག་གིས་རྒྱུན་དུ་དགོང་མོ་སྤྱོད་ཁང་ནང་དུ་འཁུར་དགོས་པ་རེད།
དེ་ལྟར་ང་ཚོ་སློབ་ཆུང་མཐར་ཕྱིན་སོང་། སློབ་འབྲིང་དུ་ཡོང་བ་ནས་བཟུང་སློབ་གྲོགས་ཚང་མས་ཁོ་མོ་རིགས་ཐབས་མེད་པར་གྱུར། རྒྱུ་མཚན་ཁོ་མོས་ང་ཚོར་སློབ་ཆུང་སྐབས་སུ་བརྙན་བཅོས་བྱས་པ་མང་དྲགས་པས་དེ་སློབ་གྲོགས་ཚང་མའི་སྙིང་ནད་དུ་གྱུར་སོང་བས་རེད།
      སྔོན་ལ་སྐྱིད་ཡོད་ཅིང་རྗེས་སུ་སྡུག་ཡོད་ཟེར་བ་དེ་ཅི་མ་བདེན། ད་ལྟ་ང་ཚོའི་སློབ་གྲོགས་སུས་ཁོ་མོ་མཐོང་ཚེ་མིག་སྡང་མ་གཏོགས་མི་བལྟ་བ་རེད། དེའི་ཕྱིར། སློབ་གྲོགས་རྣམས་ཀྱིས་ཁོ་མོའི་ལད་མོ་མི་བྱེད་པར་ནམ་ཡང་སློབ་མ་ཚུལ་ལྡན་ཞིག་བྱེད་པར་འབད་པ་བྱེད་དགོས་སོ། །

༢༠༡༢ལོའི༩བའི་ཚེས༢༢ཉིན།
འོས་སྦྱོར་བ། བདེན་འཚོལ།༼བོད་ཡིག་དགེ་རྒན།༽


འབྲེལ་ཡོད་འོས་སྦྱོར།