པད་མ་ཚེ་བརྟན། ཏིང་འཛིན་སྐྱིད།
སློབ་གྲྭ། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་།
འཛིན་གྲྭ། དམའ་གཉིས་འཛིན་བརྒྱད།
རུས་མིང་། ཏིང་འཛིན་སྐྱིད།
ཁྱོད་ཀྱིས་བརྩམས་པའི་དཔེ་ཆ་དེས།
ང་ལ་ཡིད་འགུལ་ཐེབས་ཤིང་མིག་ཆུ་ལྷུང་།
དེ་ལས་ལྷག་པར༼ང་ཡི་ཚེ་རིང་སྒྲོལ་མ༽ཞེས་པ་དེ་ནི།
ཁྱོད་དོན་དངོས་སུ།
མི་དེ་ལ་ཕྲད་དེ་གླེང་མོལ་བྱས་པ་ཡིན་ནམ།
པད་མ་ཚེ་བརྟན།
ང་ཡིས༼བསླུ་བྲིད༽དང༼གངས༽ཞེས་པ་དེ་གཉིས་ལ་བལྟས་མྱོང་།
ད་དུང་སྒྲུང་གཏམ་གཞན་དག་ལ་དེ་ལས་ཀྱང་བལྟ་འདོད་དྲག་པོ་ཡོད།
པད་མ་ཚེ་བརྟན།
ཁྱོད་ལ་ཇི་ལྟར་འདི་འདྲའི་སྒྱུ་རྩལ་གྱི་གཤོག་པ་ཐོགས་པ་རེད།
ཁྱོད་ལ་སྒྲུང་གཏམ་འབྲི་བའི་བསམ་བློ་དེ་ཇི་ལྟར་སྐྱེས་པ་རེད།
སྒྲུང་གཏམ་དེ་དག་ཁྱོད་ཀྱི་རང་རྣམ་ཡིན་ནམ་གཞན་གྱི་ལོ་རྒྱུས་རེད།
ཡང་ན་གཞན་ཞིག་ཡིན།
སྒྲུང་གཏམ་གཅིག་འབྲི་བར་དུས་ཚོད་ག་ཙམ་དགོས།
པད་མ་ཚེ་བརྟན།
ཁྱོད་ནི་སྐྱེ་བ་སྔོན་མར།
མི་སུ་ཞིག་གི་རྣམ་ཤེས་ཡིན།
ས་སྐྱ་བའི་རྣམ་ཤེས་ཡིན་ནམ་སྲོང་བཙན་སྒམ་པོའི་གདུང་རྒྱུད་ཡིན།
ཡང་ན་སུ་ཞིག་ཡིན།
༢༠༡༣ལོའི་ཟླ༩བའི་ཚེས༢༠ཉིན།
འོས་སྦྱོར་བ། བདེན་འཚོལ།༼བོད་ཡིག་དགེ་རྒན།༽