logo

རབ་ཏུ་དྲན། བསོད་ནམས་སྒྲོལ་མ།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2014-03-01 ཀློག་གྲངས།:

 


སློབ་གྲྭ། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་།
འཛིན་གྲྭ།  དམའ་གཉིས་འཛིན་བརྒྱད།
རུས་མིང་། བསོད་ནམས་སྒྲོལ་མ།

                 རབ་ཏུ་དྲན།

                      ཅི་ཡིན་ཆ་མ་འཚལ་བར་གྲོགས་མོ་ཞིག་ཡུལ་དུ་ལོག་པ་ཤེས་རྗེས་ཀྱི་མྱོང་ཚོར།
ཞོགས་པ་དེར།
སློབ་ཁང་དང་ཉལ་ཁང་།
ང་ལ་མཚོན་་ཡོད་ཚད་བདེ་སྐྱིད་དང་དགའ་སྤྲོ་ཡིས་ཁེངས་མོད།
འོན་ཀྱང་།   སྐད་ཅིག་ཉིད་དུ།
ཐ་ན་སློབ་ཁྲིད་དང་བོའང་མ་ཚོགས་པའི་མཚམས་འདིར་ཁྱེད་རང་གར་སོང་ཆ་མེད་དུ་གྱུར།
སྐབས་འདིར།    ངས་རང་ཉིད་ལ་གཏིང་ཟབ་པའི་དྲི་བ་དང་ཡིད་མི་ཆེས་པའི་ཐེ་ཚོམ་བྱས།
ཡིན་ནའང་།    གྲལ་སྒྲིག་པའི་སྐབས་དེར་ངས་ཁྱེད་མེད་པ་མངོན་ནས་ཤེས་བྱུང་།
དུས་འདི་ནས་བཟུང་།
ངའི་ཡ་ཆུང་གི་སེམས་པ་འདར་རྒྱག་ལྷུག་པོ་ཞིག་ཏུ་འདུག་ལ།
ཕྲ་ཆུང་གི་མིག་ཟུང་ལས་ཡུན་རིང་ཞིག་ཏུ་མདུན་གྱི་དངོས་པོ་དེ་ལ་ཅེར་ནས་མི་སྡོད་ག་མེད་བྱུང་།
སློབ་ཁང་དུ་སོང་ཡང་། ཉལ་ཁང་དུ་ཆས་ཀྱང་།
སུ་ཞིག་གི་གཏམ་ནི་ངའི་རྣ་བར་གཟན་པར་གྱུར་ལ།
སུ་ཞིག་གི་སྤྱོད་ཉམས་ནི་ངའི་མིག་ལམ་དུ་འཁྲིགས་འཁྲིགས་ཤིག་ཏུ་འདུག
སྤྱིར་ང་རང་ལྟོགས་པ་ཙམ་གྱིས་ཚོང་ཁང་དང་གྲང་བ་ཙམ་གྱིས་གྲུ་ཟུར་དུ་ཡིབ་པར་གོམས་མོད།
འོན་ཀྱང་།   དེ་རིང་ངས་ལྟོགས་སྐོམ་མ་ཤེས་ལ་གྲང་འཁྱག་ནི་དེ་བས་ཀྱང་མ་ཚོར།
འདི་ལྟར།  ངའི་འདང་རྒྱག་དེ་དུས་གཏན་དུ་ཁྱེད་ཀྱི་ཉམས་དགའ་བའི་ལུས་ཟུངས་སུ་ཞུགས་སོང་།
དེ་རིང་ངས་ཐམས་ཅད་ཚོར་ཞིང་།
ཁྱེད་མེད་ན།    ངའི་སློབ་གྲྭའི་འཚོ་བ་ནི་ཡ་མ་ཟུང་གི་ཁམས་ཤིག་དང་མཚུངས་ལ།
ཁྱེད་ཀྱི་བརྩེ་བ་མེད་ན།  ངའི་སེམས་ཁམས་ཐམས་ཅད་རང་ཉིད་ལ་སུན་འདུག་སྙམ་པའི་ཚོར་སྣང་ཞིག
ཁྱེད་ཀྱིས་ཀུ་རེ་མེད་ན།   ངའི་འཚོ་བ་ནི་སྤྲོ་སྣང་མེད་པའི་མུན་འཐིབས་ཀྱི་འཇིག་རྟེན་ཞིག
ཕྱིར་འདང་ཞིག་བརྒྱབ་ན།    ང་ལ་ཁྱེད་མེད་མི་རུང་།
དེ་བས།    དོན་དག་ཅི་ཞིག་བྱུང་ཡང་།
ཁྱེད་ཀྱིས་མྱུར་དུ་འགྲུབ་པར་བརྩོན་ལེན་བྱས་ནས།
མགྱོགས་པོར་གནས་འདིར་སླེབས་པ་ནི་ངའི་རེ་བ་ཡིན།
སྐར་མ་དང་སྐར་ཆ་རེ་རེའི་གསེབ་ན།
ངས་ནམ་ཡང་ཁྱེད་ལ་རེ་སྒུག་བྱས་ཡོད།
ངས་ཁྱེད་རབ་ཏུ་དྲན་བྱུང་།
དྲན་པ་དེ་ཤོག་བུ་དང་སྨྱུ་གུ་མ་གཏོགས་སྨྲ་ས་གཞན་ཞིག་མ་མཆིས།

དཔྱད་བརྗོད་ཐུང་ངུ་།
      རྩོམ་ཡིག་འདི་ནི་ཁོ་མོས་གློ་བུར་བའི་ཚོར་བ་ལ་སྦྱར་ཡོད་པ་བལྟས་ཙམ་གྱིས་ཤེས་ལ། ཞིབ་བརྗོད་ཀྱི་གོ་རིམ་ཁྲོད་ཁོ་མོའི་རང་གི་སེམས་པའི་ཟབ་ན་གནས་པའི་དགའ་སྐྱོ་ཆགས་སྡང་གི་རྣམ་པ་དེ་ཚོར་བས་མ་བོར་བར་ཆུ་ཡི་རླབས་རིས་བཞིན་གཡོ་འཁྱོམས་ཀྱི་རྣམ་པ་འདེགས་འཇོག་དང་ལྡན་པས། རྩོམ་ཡིག་འདིས་སློབ་མ་ཞིག་གི་སེམས་ཁམས་གྱི་འགྱུར་བག་དེ་མངོན་པར་བསྟན་འདུག

འོས་སྦྱོར་བ་དང་དཔྱད་འཇོག་པ། བདེན་འཚོལ།༼བོད་ཡིག་དགེ་རྒན།༽


འབྲེལ་ཡོད་འོས་སྦྱོར།