logo

སེམས་ཀྱི་བརྩེ་བ། ཀུན་དགའ།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2014-12-25 ཀློག་གྲངས།:

རུས་མིང་། ཀུན་དགའ།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་གསུམ་པ།
མཛུབ་སྟོན་དགེ་རྒན། སྦྱིན་པ།

             ཕོ་གསར་ལོ་ན་བཅོ་བརྒྱད། །
             གནམ་ལོ་ཡག་གི་ཟླ་བར། །
             གངས་དཀར་ལྷ་མོ་འཕྲད་དུས། །
             མདངས་ཀྱི་རང་འོད་ཇེ་གསལ། །

             སེམས་དཀར་བུ་མོ་ཞིག་གིས། །
             སེམས་ཀྱི་གསང་བ་དུམ་བུ། །
             མི་ཚོགས་ཁྲོམ་ལ་མ་བཀྲམ། །
             སྙིང་གི་དཀྱིལ་དུ་ཉར་འདུག །

             མི་ཁའི་ཐལ་རྡུལ་ཁྲོད་ནས། །
             བུ་མོས་རང་ཚུགས་ཟིན་ན། །
             ལས་ལ་འགྱུར་བ་སོང་ཡང་། །
             ཡོ་བཅོས་ང་ཡིས་བྱེད་ཆོག །

             བུ་མོས་སེམས་ཁྲལ་མ་གནང་། །
             ཕ་མའི་ཞབས་ཞུ་བསྒྲུབས་ནས། །
             ཡ་རབས་ལས་ལ་བརྩོན་དང་། །
             སྐྱབས་འཇུག་ལྷ་ལ་ཞུས་ཡོད། །

             སྐྱབས་གནས་དཀོན་མཆོག་ལྷ་ལ། །
             ཐུགས་རྗེའི་བྱིན་རླབས་ཡོད་ན། །
             ཚེ་གཅིག་གཏན་གྲོགས་ཡོང་བའི། །
             སྙིང་ནས་ཡིད་ཆེས་བྱེད་ཆོག །


འབྲེལ་ཡོད་འོས་སྦྱོར།