ཕ་ཡུལ་ཤུལ་མ། དཔང་འགྲོ།
རྩོམ་པ་པོ།:
ཡོང་ཁུངས།:
དུས་ཚོད།:2014-12-25
ཀློག་གྲངས།:
རུས་མིང་། དཔང་འགྲོ།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་གསུམ་པ།
མཛུབ་སྟོན་དགེ་རྒན། སྦྱིན་པ།
རྒན་ལ་གུས་བཀུར་ཡོད་ས། །
ཆུང་ལ་བྱམས་སྐྱོང་ཡོད་ས། །
མི་གཤིས་རྣམ་འགྱུར་བཟང་ས། །
ཕ་ཡུལ་ཤུལ་མ་ཡིན་སོང་། །
དྲང་བདེན་གནས་ལུགས་ཡོད་ས། །
རྒྱུ་འབྲས་བརྩི་སྲུང་ཡོད་ས། །
གངས་ཕྲུག་ལ་རྒྱ་ཡོད་ས། །
ཕ་ཡུལ་ཤུལ་མ་ཡིན་སོང་། །
ཕ་སྐད་གཙང་མ་བཤད་ས། །
ཕ་ཆོས་བསྟན་པ་དར་ས། །
ཕ་ཤུལ་བུ་ཡི་འཛིན་ས། །
ཕ་ཡུལ་ཤུལ་མིའི་ཁྱད་ཆོས། །
མི་ལ་བརྩོན་འགྲུས་ལྡན་ས། །
ཕྱུག་ལ་འཕེལ་ཁ་དར་ས། །
ས་ལ་རྩྭི་ཤིང་རྒྱས་ས། །
ང་ཡི་ཕ་ཡུལ་ཡིན་སོང་། །
རིག་གནས་ཡོན་ཏན་སློབ་ས། །
རིག་གཞུང་དར་སྤེལ་གཏོང་ས། །
རིགས་རྒྱུད་གཤིས་ཀ་བཟང་ས། །
གངས་ཕྲུག་ང་ཡི་ཕ་ཡུལ། །
ཆུང་ལ་བྱམས་སྐྱོང་ཡོད་ས། །
མི་གཤིས་རྣམ་འགྱུར་བཟང་ས། །
ཕ་ཡུལ་ཤུལ་མ་ཡིན་སོང་། །
དྲང་བདེན་གནས་ལུགས་ཡོད་ས། །
རྒྱུ་འབྲས་བརྩི་སྲུང་ཡོད་ས། །
གངས་ཕྲུག་ལ་རྒྱ་ཡོད་ས། །
ཕ་ཡུལ་ཤུལ་མ་ཡིན་སོང་། །
ཕ་སྐད་གཙང་མ་བཤད་ས། །
ཕ་ཆོས་བསྟན་པ་དར་ས། །
ཕ་ཤུལ་བུ་ཡི་འཛིན་ས། །
ཕ་ཡུལ་ཤུལ་མིའི་ཁྱད་ཆོས། །
མི་ལ་བརྩོན་འགྲུས་ལྡན་ས། །
ཕྱུག་ལ་འཕེལ་ཁ་དར་ས། །
ས་ལ་རྩྭི་ཤིང་རྒྱས་ས། །
ང་ཡི་ཕ་ཡུལ་ཡིན་སོང་། །
རིག་གནས་ཡོན་ཏན་སློབ་ས། །
རིག་གཞུང་དར་སྤེལ་གཏོང་ས། །
རིགས་རྒྱུད་གཤིས་ཀ་བཟང་ས། །
གངས་ཕྲུག་ང་ཡི་ཕ་ཡུལ། །
འབྲེལ་ཡོད་འོས་སྦྱོར།