logo

ལས་མཐུན་ཚོ། དཔལ་སྒྲོན།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2014-12-25 ཀློག་གྲངས།:

རུས་མིང་། དཔལ་སྒྲོན།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་གསུམ་པ།
མཛུབ་སྟོན་དགེ་རྒན། སྦྱིན་པ།

ལས་མཐུན་ཚོ་མཉམ་དུ་འགྲོ་ཡ།
མཐའ་ཡས་པའི་རྩྭ་ཐང་སྟེང་དུ།
སྙན་ངག་གི་དབྱངས་རྟ་ཞོན་བཞིན།
ཤེས་རིག་གི་བྲོ་གར་ཁྲབ་བཞིན།

ཤེས་རིག་གི་སློབ་གླིང་འདི་ནས།
རྨོངས་པའི་མུན་པ་སེལ་བཞིན།
ཤེས་རིག་གི་བང་མཛོད་འབྱེད་བཞིན།
མཉམ་དུ་འགྲོ་ཡ་ལས་མཐུན་ཚོ།

མ་འོངས་ཀྱི་མདུན་ལམ་ཆེད་དུ།
རྒྱུས་མེད་ཀྱི་ས་མཐའ་འགྲིམས་ནས།
ཤེས་བྱའི་བདུད་རྩི་འཐུང་དུ།
ལས་མཐུན་ཚོ་མཉམ་དུ་འགྲོ་ཡ།

མེས་པོ་ཡི་རྗེས་དྲན་ཚུལ་དུ།
བཅུ་ཕྲག་གི་དཔེ་མཛོད་ཁང་དུ།
འདས་དོན་གྱི་ཟིན་ཐོ་ལྟ་རུ།
ལས་མཐུན་ཚོ་མཉམ་དུ་འགྲོ་ཡ།

གངས་ལྗོངས་ཀྱི་མ་འོངས་ཆེད་དུ།
རྒྱང་རིང་དུ་གོམ་ཁ་བསྒྱུར་ནས།
ཤེས་རིག་གི་དགའ་ཚལ་གླིང་དུ།
ལས་མཐུན་ཚོ་མཉམ་དུ་འགྲོ་ཡ།

འབྲེལ་ཡོད་འོས་སྦྱོར།