སློབ་གྲོགས། པད་མ་མཚོ།
རྩོམ་པ་པོ།:
ཡོང་ཁུངས།:
དུས་ཚོད།:2014-12-25
ཀློག་གྲངས།:
རུས་མིང་། པད་མ་མཚོ།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་དང་པོ།
མཛུབ་སྟོན་དགེ་རྒན། སྦྱིན་པ།
ཀ་ཡེ་གསོན་དང་སློབ་གྲོགས་དམ་པ་ལགས། །
ཁ་རོག་མ་འདུག་ཤེས་བྱའི་གནས་ལ་འབད། །
ག་ས་གང་དུ་ཤེས་རིག་ཡོན་ཏན་དགོས། །
ང་ཚོ་མ་འོངས་བོད་ཀྱི་རེ་བ་ཡིན། །
ཅ་ཅོ་འ་འུར་མང་བའི་གྲོང་ཁྱེར་ནས། །
ཆ་རྒྱུས་མེད་པའི་གྲོགས་དང་མ་འགྲོགས་ཤིག །
ཇ་ཡུན་ཙམ་དུ་གྲོགས་མཆོག་ཡིན་སྲིད་ཀྱང་། །
ཉ་གེ་ཉོག་གེའི་བར་ནས་བསླུ་བར་སྲིད། །
ཏ་ལའི་ལོ་འདབ་བཀྲ་འདྲའི་རྣམ་དཔྱོད་དེ། །
ཐ་མ་ཁ་ཡིས་རྨོངས་པར་བསྒྱུར་སྲིད་པས། །
ད་དུང་མི་ཚེའི་ལམ་ཐག་རིང་མོ་དེར། །
ན་ཚའི་ཟས་ངན་ཁོག་ཏུ་མ་འཇུག་ཅིག །
པ་ཏོ་ལ་ཡི་ནང་ཤིང་དཀར་པོ་དེ། །
ཕ་མས་ཁྱེད་ལ་བཅངས་བའི་བྱམས་བརྩེ་ཡིན། །
བ་གླང་བཞིན་དུ་ངན་ལམ་མི་འགྲོ་བར། །
མ་ལོའི་རེ་བ་ཁྱེད་ཀྱིས་སེམས་ལ་ཟུངས། །
ཙ་གེ་ཙིག་གེའི་བར་གྱི་བྱ་བ་དེ། །
ཚ་གྲང་སྡུག་བསྔལ་ཆེ་ཡང་མ་སྒྲུབ་པར། །
ཛ་ལང་ཅན་གྱི་རྩུབ་སྤྱོད་ངན་པ་དེས། །
ཝ་སྐྱེས་བཞིན་དུ་ངན་པའི་གནས་སུ་ལྷུང་། །
ཞ་སྨྱུག་ལག་ཏུ་ཐོགས་པའི་སློབ་གྲོགས་ཚོ། །
ཟ་ངེ་ཟིང་ངེའི་གཡེང་བས་མ་ཁྱེར་པར། །
འ་ཅག་མ་འོངས་བོད་ཀྱི་རྒྱུད་འཛིན་ཆེད། །
ཡ་རབས་སྤྱོད་བཟང་མ་འདོར་གོང་དུ་སྤེལ། །
ར་བ་གངས་ཀྱིས་བསྐོར་བའི་ཞིང་ཁམས་ནས། །
ལ་རྒྱ་སེམས་ལ་འཛིན་པའི་སློབ་གྲོགས་ཚོ། །
ཤ་རུས་གཅིག་ལས་ཆད་པའི་ཕུ་ནུ་བར། །
ས་རྩོད་ཆུ་རྩོད་མ་བྱེད་རེ་བ་ཡིན། །
ཧ་ཅང་མཐོང་ཐོས་ཉུང་བའི་བུ་མོ་ངས། །
ཨ་རོགས་སློབ་གྲོགས་རྣམས་ལ་རེ་བ་ཡིན། །
ཁ་རོག་མ་འདུག་ཤེས་བྱའི་གནས་ལ་འབད། །
ག་ས་གང་དུ་ཤེས་རིག་ཡོན་ཏན་དགོས། །
ང་ཚོ་མ་འོངས་བོད་ཀྱི་རེ་བ་ཡིན། །
ཅ་ཅོ་འ་འུར་མང་བའི་གྲོང་ཁྱེར་ནས། །
ཆ་རྒྱུས་མེད་པའི་གྲོགས་དང་མ་འགྲོགས་ཤིག །
ཇ་ཡུན་ཙམ་དུ་གྲོགས་མཆོག་ཡིན་སྲིད་ཀྱང་། །
ཉ་གེ་ཉོག་གེའི་བར་ནས་བསླུ་བར་སྲིད། །
ཏ་ལའི་ལོ་འདབ་བཀྲ་འདྲའི་རྣམ་དཔྱོད་དེ། །
ཐ་མ་ཁ་ཡིས་རྨོངས་པར་བསྒྱུར་སྲིད་པས། །
ད་དུང་མི་ཚེའི་ལམ་ཐག་རིང་མོ་དེར། །
ན་ཚའི་ཟས་ངན་ཁོག་ཏུ་མ་འཇུག་ཅིག །
པ་ཏོ་ལ་ཡི་ནང་ཤིང་དཀར་པོ་དེ། །
ཕ་མས་ཁྱེད་ལ་བཅངས་བའི་བྱམས་བརྩེ་ཡིན། །
བ་གླང་བཞིན་དུ་ངན་ལམ་མི་འགྲོ་བར། །
མ་ལོའི་རེ་བ་ཁྱེད་ཀྱིས་སེམས་ལ་ཟུངས། །
ཙ་གེ་ཙིག་གེའི་བར་གྱི་བྱ་བ་དེ། །
ཚ་གྲང་སྡུག་བསྔལ་ཆེ་ཡང་མ་སྒྲུབ་པར། །
ཛ་ལང་ཅན་གྱི་རྩུབ་སྤྱོད་ངན་པ་དེས། །
ཝ་སྐྱེས་བཞིན་དུ་ངན་པའི་གནས་སུ་ལྷུང་། །
ཞ་སྨྱུག་ལག་ཏུ་ཐོགས་པའི་སློབ་གྲོགས་ཚོ། །
ཟ་ངེ་ཟིང་ངེའི་གཡེང་བས་མ་ཁྱེར་པར། །
འ་ཅག་མ་འོངས་བོད་ཀྱི་རྒྱུད་འཛིན་ཆེད། །
ཡ་རབས་སྤྱོད་བཟང་མ་འདོར་གོང་དུ་སྤེལ། །
ར་བ་གངས་ཀྱིས་བསྐོར་བའི་ཞིང་ཁམས་ནས། །
ལ་རྒྱ་སེམས་ལ་འཛིན་པའི་སློབ་གྲོགས་ཚོ། །
ཤ་རུས་གཅིག་ལས་ཆད་པའི་ཕུ་ནུ་བར། །
ས་རྩོད་ཆུ་རྩོད་མ་བྱེད་རེ་བ་ཡིན། །
ཧ་ཅང་མཐོང་ཐོས་ཉུང་བའི་བུ་མོ་ངས། །
ཨ་རོགས་སློབ་གྲོགས་རྣམས་ལ་རེ་བ་ཡིན། །
འབྲེལ་ཡོད་འོས་སྦྱོར།