logo

བདག་གི་ཕ་ཡུལ། བཀྲ་ཤིས་གཡང་མཚོ།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2014-12-25 ཀློག་གྲངས།:

རུས་མིང་། བཀྲ་ཤིས་གཡང་མཚོ།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་གསུམ་པ།
མཛུབ་སྟོན་དགེ་རྒན། སྦྱིན་པ།

རིག་པས་རྒྱལ་ཁམས་བསྐོར་ནས་ས་མཐའ་རུ་འཁྱམ་དུས། །
གང་འཛོམ་ཟང་ཟིང་ནོར་ལ་ཞེན་པ་རང་མ་སྐྱེས། །
ཕ་ཡུལ་རྨོངས་པའི་ཕྱོགས་སུ་མིག་ཟུང་རེ་འཕངས་ཚེ། །
བདག་གི་སེམས་ཀྱི་ཕྱེད་ཀ་ཕ་ཡུལ་ན་ལུས་འདུག །

ནོར་ལུག་རྗེས་ནས་མི་ཚེ་སྟོང་ཟད་དུ་བཏང་ཞིང་། །
བུ་དང་བུ་མོའི་མདུན་ལམ་རི་སྒང་ནས་ཟད་པས། །
ཡར་རྒྱས་སྔོན་ཐོན་མེད་པའི་རི་ལུང་ལ་ཉན་ཚེ། །
བདག་གི་སེམས་ཀྱི་ཕྱེད་ཀ་ཕ་ཡུལ་ན་ལུས་འདུག །

ཆོས་ཀྱི་སྒྲ་དབྱངས་ཕྱོགས་བཞི་མཚམས་བརྒྱད་དུ་གྲགས་ཤིང་། །
སྲིད་ཀྱི་བདེ་སྐྱིད་དབྱར་གྱི་དཔལ་ཡོན་ལ་འགྲན་པའི། །
སྔོན་ཆད་ཕ་ཡུལ་སྐྱིད་པའི་འཚོ་བ་ལ་བསམ་ཚེ། །
བདག་གི་སེམས་ཀྱི་ཕྱེད་ཀ་ཕ་ཡུལ་ན་ལུས་འདུག །

འབྲེལ་ཡོད་འོས་སྦྱོར།