ཆགས་ཀྱིས་གྲུབ་པའི་བརྩེ་དུང་། བཟོད་པ།
རྩོམ་པ་པོ།:
ཡོང་ཁུངས།:
དུས་ཚོད།:2014-12-25
ཀློག་གྲངས།:
རུས་མིང་། བཟོད་པ།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་དང་པོ།
མཛུབ་སྟོན་དགེ་རྒན། སྦྱིན་པ།
ཕོ་མོ་ཀུན་གྱི་བརྩེ་དུང་དེ་ཡང་ཆགས་ཞེས་ཡིག་འབྲུ་གཅིག་གིས་གྲུབ། །
གོ་ལ་ཟླུམ་པོའི་འཇིག་རྟེན་དེ་ཡང་ཞེན་ཞེས་ཡིག་འབྲུ་གཅིག་གི་དོན། །
ནམ་ཡང་ལས་སུ་རྒྱུ་བ་འདི་ཡང་བདག་ཅེས་མིང་ཚིག་གཅིག་གི་ཆེད། །
མདོར་ན་འཇིག་རྟེན་འཁོར་བ་འདི་ཡང་ཆགས་ཞེན་བདག་གསུམ་ངོ་བོས་གྲུབ། །
ཕྱི་ཚུལ་མཛེས་པའི་སྨན་ཆུང་བུ་མོས་ཁོ་བོའི་འདྲེན་བྱེད་དབང་མེད་བཀུག །
སྟག་ཤར་བུ་ཡི་མིག་གི་མདའ་མོས་སྨན་ཤར་བུ་མོའི་སྙིང་རྩ་བསྒུལ། །
འདྲེན་བྱེད་དབང་པོའི་ལྐོག་མདའ་འོག་ནས་ཆགས་ཀྱིས་གྲུབ་པའི་བརྩེ་དུང་འཁྲུངས། །
འདི་ནི་ཀུན་གྱིས་ཡིད་སྨོན་བྱེད་སའི་ཐོག་མའི་བརྩེ་དུང་བྱུང་ཚུལ་ཡིན། །
བརྩེ་དུང་འོ་མའི་རོ་བཅུད་བཞེས་མཁན་སྐྱེ་འགྲོ་ཡོངས་ཀྱི་ཕོ་མོ་ཀུན། །
མངར་སྐྱུ་ཁ་གསུམ་བྲོ་བ་གང་འདུག་མ་གསང་གཏམ་ཞིག་བདག་ལ་ཤོད། །
བརྩེ་དུང་ཞུགས་པའི་གཞུང་ལས་ནང་དུ་ཐོབ་པའི་འབྲས་བུ་གང་རེད་ལགས། །
ཡང་ན་འབྲས་མེད་ས་བོན་བཏབ་སྟེ་རང་མགོ་རང་གིས་རྡུང་ཡོད་དམ། །
བུད་མེད་ཅིག་གི་འཛུམ་མདངས་གྲོལ་ན་ཁོ་བོའི་ཆེད་དུ་རེད་ཅེས་སྨྲ། །
སྐྱེས་པ་ཞིག་གི་ཁ་བརྡ་གླེང་ན་མཛེས་མའི་ཞལ་རས་དོན་དུ་བརྗོད། །
མདོར་ན་ཕོ་མོ་བར་གྱི་འབྲེལ་བ་བརྩེ་དུང་ཁོ་ན་རེད་ཅེས་ལབ། །
འཁྲུལ་གཏམ་འདི་དག་ཐོས་མ་ཐག་ཏུ་སེམས་ཀྱི་གཏིང་ནས་གད་མོ་ཤོར། །
དེང་སང་མི་ཡིས་འཁྲུལ་བར་སླ་བའི་སྐད་ཆ་འདི་དག་སྒྲོལ་བའི་ཆེད། །
བར་གྱི་གྲོགས་ལ་འབྲེལ་ཐག་ཆད་ཅིང་མིག་གིས་མཐོང་དུས་གཟུར་ནས་འགྲོ། །
སྐྱེས་པ་ཞིག་ལ་ཁ་བརྡ་བྱེད་པའི་སྨྲ་སྒོ་ཟྭ་ཡིས་དམ་དུ་བརྒྱབ། །
མི་ཁ་འདི་ཚོ་ཉོན་མོངས་སྒྲིབ་པའི་བློ་དམན་བཙན་པོའི་རྒྱལ་བོ་ཉིད། །
དམན་པའི་སྐྱེ་བོས་བརྩེ་དུང་ཆེད་དུ་རང་གི་ཚེ་སྲོག་འདོར་བར་བྱེད། །
འབྲིང་བའི་སྐྱེ་བོས་བརྩེ་དུང་དོན་དུ་རིགས་གཅིག་སྤུན་ཟླ་དགྲ་རུ་འཛིན། །
མཆོག་ཏུ་གྱུར་པས་རང་གི་བརྩེ་དུང་རང་དབང་ངང་ནས་བཀོལ་བར་བྱེད། །
སྙིང་པོ་དབེན་པའི་བརྩེ་དུང་འདི་དག་ཆགས་ཞེས་ཡིག་འབྲུ་གཅིག་གིས་གྲུབ། །
འཕྱོན་མའི་འཕྲང་ལམ་འགྲིམ་པའི་དུས་སུ་བརྩེ་དུང་འདི་ཡིས་ཕན་ལགས་སམ། །
ཡང་ན་སངས་རྒྱས་གོ་འཕང་བསྙེག་པར་བརྩེ་དུང་འདི་ལ་འབྲེལ་ཡོད་དམ། །
དེ་མིན་ད་ལྟ་འཚོ་བའི་སྐབས་སུ་དགོས་འདོད་འབྱུང་བའི་རྒྱུ་རེད་དམ། །
འབྲས་བུ་མེད་པའི་བརྩེ་དུང་ས་བོན་འདེབས་པ་འདི་དག་སྙིང་རེ་རྗེ། །

འབྲེལ་ཡོད་འོས་སྦྱོར།