logo

རྨི་ལམ། བསོད་ནམས་མཚོ་མོ།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2014-12-25 ཀློག་གྲངས།:

རུས་མིང་། བསོད་ནམས་མཚོ་མོ།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་བཞི་པ།
མཛུབ་སྟོན་དགེ་རྒན། སྦྱིན་པ།

གཟི་བརྗིད་རི་ལས་མཐོ་བའི་རང་ཁྱིམ་ནས། །
འགྲན་མེད་ཕ་མའི་བསླབ་བྱ་བརྗེད་ལ་ཉེ། །
དུག་གསུམ་མན་ངག་འཁོར་བའི་གཞོན་ནུ་ཚོ། །
ལུས་ཕུང་ཤ་ཁྲག་རྨི་ལམ་ནང་ནས་བྲལ། །

གཞན་ཡུལ་ས་མཐར་འཁྱམས་པའི་གཅེས་ཕྲུག་འགའ། །
དགོས་པ་རིག་པའི་གནས་ལ་མི་སྦྱོང་པར། །
དོན་མེད་འཆལ་སྤྱོད་ལས་ལ་མགོ་འཐོམ་པས། །
རྨི་ལམ་ནང་ནས་བསླུ་ཁྲིད་མ་ཡིན་ནམ། །

ཤེས་བྱའི་སྦྲང་ཆར་འབབ་པའི་སློབ་གླིང་ནས། །
མ་འོངས་མདུན་ལམ་མེད་པའི་སྐྱེ་བོ་དག །
ཤེས་རིག་གནས་ལ་མི་སྦྱོང་རྣམ་གཡེང་བྱེད། །
རིན་བྲལ་དུས་ཚོད་རྨི་ལམ་ནང་ནས་བྲལ། །

ལས་ཀྱིས་གཅིག་ཏུ་བསྡུས་པའི་སྤུན་ཟླ་ཚོ། །
ཉིན་མཚན་དབྱེར་མེད་རྩེད་མོའི་ལས་ལ་འཁྱམས། །
རྔུལ་ཁྲག་དོན་མེད་ཆུད་ཟོས་མ་ཡིན་ནམ། །
ཡབ་ཡུམ་བསླབ་བྱ་རྨི་ལམ་ནང་ནས་ཡལ། །

སྔོན་བསགས་ལས་ཀྱིས་འཛོམས་པའི་སློབ་གྲོགས་ཚོ། །
ད་ཐེངས་མི་འདུག་རིག་པའི་གནས་ལ་སྦྱོངས་། །
ང་ཚོ་མཉམ་འཛོམས་བསྐལ་བ་རྫོགས་ལ་ཉེ། །
མཐར་ཕྱིན་དུས་འདི་རྨི་ལམ་ཞིག་དང་མཚུངས། །

འབྲེལ་ཡོད་འོས་སྦྱོར།