ཕ་ཡུལ་ལ་བསྟོད་པ། མི་འགྱུར་ཚེ་འཕེལ།
རྩོམ་པ་པོ།:
ཡོང་ཁུངས།:
དུས་ཚོད།:2014-12-25
ཀློག་གྲངས།:
རུས་མིང་། མི་འགྱུར་ཚེ་འཕེལ།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་དང་པོ།
མཛུབ་སྟོན་དགེ་རྒན། སྦྱིན་པ།
གངས་རི་ར་བས་བསྐོར་བའི་མཁས་པའི་ཡུལ། །
སྐྱེས་མཆོག་དུ་མའི་འཁྲུངས་ཡུལ་དགེ་འབྲོང་སྡེའི། །
སྤྲོ་སྐྱིད་ལྡན་པའི་རིགས་མཐུན་ཕོ་མོ་དང་། །
རྒས་གཞོན་ཚེ་ཐག་རིང་བའི་སྨོན་འདུན་ཞུ། །
འདབ་བརྒྱ་མེ་ཏོག་བཞད་པའི་སྐྱེད་ཚལ་ན། །
རབ་མཛེས་རྫ་ཆུ་སྔོན་མོའི་གཡས་ཟུར་དུ། །
གསེར་མིག་ཉ་ཆུང་བདེ་བའི་འཁྱུགས་རྩལ་དང་། །
གཡུ་མཚོའི་དར་མཚོན་ཡུན་དུ་གནས་པར་སྨོན། །
འཛམ་གླིང་གོ་ལའི་དབུ་རྩེ་བོད་ཀྱི་ས། །
དགེ་རྒྱལ་རྫ་སྟོད་བུ་ངའི་ཕ་ས་ཡིན། །
སྐྱིད་པོ་ཕ་ཡུལ་ཆོས་ཀྱི་ཞིང་ཁམས་ལ། །
བུ་ཆུང་ང་ཡིས་ནམ་ཡང་བསྟོད་ཚིག་འབུལ། །
སྐྱེས་མཆོག་དུ་མའི་འཁྲུངས་ཡུལ་དགེ་འབྲོང་སྡེའི། །
སྤྲོ་སྐྱིད་ལྡན་པའི་རིགས་མཐུན་ཕོ་མོ་དང་། །
རྒས་གཞོན་ཚེ་ཐག་རིང་བའི་སྨོན་འདུན་ཞུ། །
འདབ་བརྒྱ་མེ་ཏོག་བཞད་པའི་སྐྱེད་ཚལ་ན། །
རབ་མཛེས་རྫ་ཆུ་སྔོན་མོའི་གཡས་ཟུར་དུ། །
གསེར་མིག་ཉ་ཆུང་བདེ་བའི་འཁྱུགས་རྩལ་དང་། །
གཡུ་མཚོའི་དར་མཚོན་ཡུན་དུ་གནས་པར་སྨོན། །
འཛམ་གླིང་གོ་ལའི་དབུ་རྩེ་བོད་ཀྱི་ས། །
དགེ་རྒྱལ་རྫ་སྟོད་བུ་ངའི་ཕ་ས་ཡིན། །
སྐྱིད་པོ་ཕ་ཡུལ་ཆོས་ཀྱི་ཞིང་ཁམས་ལ། །
བུ་ཆུང་ང་ཡིས་ནམ་ཡང་བསྟོད་ཚིག་འབུལ། །
འབྲེལ་ཡོད་འོས་སྦྱོར།