logo

མདོ་དབུས་མཐོ་སྒང་། འགྲུབ་རྒྱས་རྒྱ་མཚོ།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2014-12-25 ཀློག་གྲངས།:

རུས་མིང་། འགྲུབ་རྒྱས་རྒྱ་མཚོ།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་དང་པོ།
མཛུབ་སྟོན་དགེ་རྒན། སྦྱིན་པ།

མཁའ་དབུགས་དྭངས་གཙང་ལྡན་པའི་མཐོ་སྒང་དེ། །
རབ་མཛེས་གངས་རི་ཕྲེང་བས་ཡོངས་སུ་བསྐོར། །
མཛེས་ལྡན་སྐྱེ་དངོས་མང་པོའི་མཚར་སྡུག་སྤྲས། །
ཡིད་དབང་འཕྲོག་པའི་མདོ་དབུས་མཐོ་སྒང་གྲགས། །

ཐོག་མར་གངས་ལྗོངས་ས་ཡི་རྩེ་མོ་རུ། །
རིགས་རུས་བཟང་པོའི་གདོང་དམར་མི་རིགས་ཞེས། །
མཚན་དང་སྙན་གྲགས་འཛམ་གླིང་ཁྱབ་གྱུར་བའི། །
བོད་རིགས་ཞེས་པའི་རིགས་མཚན་འདི་ནས་འཁྲུངས། །

ལང་ལོང་བཞུར་བའི་ཁ་བབ་རྣམ་བཞིའི་རྒྱུན། །
ཆད་མེད་གངས་ཅན་ཡུལ་དུ་འབབ་པས་ན། །
བསོད་ནམས་ཞིང་གི་སྐྱེ་འགྲོ་མ་ལུས་པ། །
དགེ་བའི་ལྷག་བསམ་ཞིང་གི་སྨྱུག་གུ་རྒྱས། །

མཛེས་སྡུག་ལྡན་པའི་རྩྭི་ཤིང་མེ་ཏོག་སྐྱེས། །
རི་སྐྱེས་སྲོག་ཆགས་རང་དབང་ཅི་གར་སྤྱོད། །
ཨེ་མ་མཚར་སྡུག་ཡིད་དབང་འཕྲོག་པའི་གནས། །
མདོ་དབུས་མཐོ་སྒང་ཞེས་པའི་མཚན་དུ་གྲགས། །

འབྲེལ་ཡོད་འོས་སྦྱོར།