logo

ཀ་ཕྲེང་དགའ་སྐྱོ་ཟུང་འབྲེལ། ཟུར་ཕྲུག་ཨོ་རྒྱན་ཤེས་རབ།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2014-12-25 ཀློག་གྲངས།:

རུས་མིང་། ཟུར་ཕྲུག་ཨོ་རྒྱན་ཤེས་རབ།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་གསུམ་པ།
མཛུབ་སྟོན་དགེ་རྒན། སྦྱིན་པ།

ཀ༵་ཁ་ག་ང་སློབ་དུས་དགའ་བ་ལ། །
ད་ཆ་དབྱིན་ཡིག་མི་ཤེས་སྐྱོ་བ་ལ། །
ཁ༵་བཤད་ལག་ལེན་ཐུབ་པ་དགའ་བ་ལ། །
མི་རྒྱུ་ཟ་འདོད་བྱེད་པ་སྐྱོ་བ་ལ། །

ག༵་ས་གང་དུ་སླེབ་ན་དགའ་བ་ལ། །
བསླེབས་ནས་སྙིང་པོ་མ་ལོན་སྐྱོ་བ་ལ། །
ང༵་རང་མི་ལུས་ཐོབ་པ་དགའ་བ་ལ། །
བྱས་རྗེས་སྤུ་ཙམ་མེད་པ་སྐྱོ་བ་ལ། །

ཅ༵་ཅོ་གཏམ་སྙན་ཐོས་པ་དགའ་བ་ལ། །
གཞན་དང་འགྲན་རྩོད་མི་ཐུབ་སྐྱོ་བ་ལ། །
ཆ༵་ལུགས་ཀུན་དང་མཐུན་པ་དགའ་བ་ལ། །
ལས་དང་རྒྱུ་འབྲས་མི་སྲུང་སྐྱོ་བ་ལ། །

ཇ༵་ཆང་གནས་ལ་རོལ་བ་དགའ་བ་ལ། །
འཐུང་ཚོད་རང་གི་མི་འཛིན་སྐྱོ་བ་ལ། །
ཉ༵་མོ་འཁྱུག་འགྲོས་ཡོད་པ་དགའ་བ་ལ། །
འཁྱུག་ས་འཁྱུག་ཡུལ་མི་འབྱེད་སྐྱོ་བ་ལ། །

ཏ༵་ལའི་མེ་ཏོག་བཞད་པ་དགའ་བ་ལ། །
རྩ་བ་དུག་ལྟར་གནས་པ་སྐྱོ་བ་ལ། །
ཐ༵་ཆད་བྱ་ངན་མེད་པ་དགའ་བ་ལ། །
རང་དགོས་ཤེས་ཡོན་མེད་པ་སྐྱོ་བ། །

ད༵་ལོ་འཕེལ་རྒྱས་བྱུང་བ་དགའ་བ་ལ། །
ཤེས་མེད་གཏོར་བཤིག་གཏོང་པ་སྐྱོ་བ་ལ། །
ན༵་རྒྱུ་ཚ་རྒྱུ་མེད་པ་དགའ་བ་ལ། །
སེམས་སུ་སྡུག་གིས་གོང་བ་སྐྱོ་བ་ལ། །

པ༵་ཕའི་བྱས་རྗེས་ཐོས་པ་དགའ་བ་ལ། །
ཕ་ཤུལ་བུ་འཛིན་མ་ཐུབ་སྐྱོ་བ་ལ། །
ཕ༵་མས་བྱམས་སྐྱོང་གནང་བ་དགའ་བ་ལ། །
ཕ་མར་བཀའ་དྲིན་མི་འཇལ་སྐྱོ་བ་ལ། །

མ༵་ཡུམ་སློབ་གྲྭ་དར་བ་དགའ་བ་ལ། །
སྐད་ཡིག་གདེང་འཇོག་མེད་པ་སྐྱོ་བ་ལ། །
ཙ༵་རི་བོད་ལ་ཡོད་པ་དགའ་བ་ལ། །
ཙ་རིར་གནས་བསྐོར་མ་ཐུབ་སྐྱོ་བ་ལ། །

ཚ༵་གྲང་དཀའ་བ་མེད་པ་དགའ་བ་ལ། །
ལུས་ལ་བདེ་སྐྱིད་མེད་པ་སྐྱོ་བ་ལ། །
ཛ༵་དྲག་དམག་འཁྲུག་མེད་པ་དགའ་བ་ལ། །
མི་ངན་རྒྱུ་བ་རྩུབ་པ་སྐྱོ་བ་ལ། །

ཝ༵་སྐྱེས་རྒྱལ་པོ་མི་བྱེད་དགའ་བ་ལ། །
རང་སྐྱོན་རང་གིས་མི་ཤེས་སྐྱོ་བ་ལ། །
ཞ༵་གོས་ལ་སོགས་འཛོམས་པ་དགའ་བ་ལ། །
ཁོག་ལ་ཤེས་རིག་མེད་པ་སྐྱོ་བ་ལ། །

ཟ༵་རྒྱུ་ལོངས་སྤྱོད་དར་བ་དགའ་བ་ལ། །
ཤ་ཚ་སྙིང་རྗེ་མེད་པ་སྐྱོ་བ་ལ། །
འ༵་ཅག་སྤྱོད་ངན་སྤང་བ་དགའ་བ་ལ། །
མི་དགེ་གསོད་གཅོད་བྱེད་པ་སྐྱོ་བ་ལ། །

ཡ༵་བྲལ་རིག་པའི་བདུད་རྩི་དགའ་བ་ལ། །
རིག་གནས་འཕེལ་རྒྱས་མི་ཐུབ་སྐྱོ་བ་ལ། །
ར༵་ལུག་དུ་མ་ཡོད་པ་དགའ་བ་ལ། །
སེམས་བདེ་སེམས་གོ་མི་ཆོད་སྐྱོ་བ་ལ། །

ལ༵་མོ་ལ་ཐག་ཉེ་བ་དགའ་བ་ལ། །
ཆུ་དེ་དུག་ཆུ་ཡིན་པ་སྐྱོ་བ་ལ། །
ས༵་མཐོ་སྒང་ལ་སླེབ་པ་དགའ་བ་ལ། །
མཐུན་པའི་དར་ལྕོག་མེད་པ་སྐྱོ་བ་ལ། །

ཧ༵་གོ་གོ་རྟོགས་ཡོད་པ་དགའ་བ་ལ། །
ཁ་ཡག་ཚིག་འཇམ་མི་ཤེས་སྐྱོ་བ་ལ། །
ཨ༵་མ་བདེ་ཐང་ཡིན་པ་དགའ་བ་ལ། །
ཨ་མའི་དྲིན་ལན་མི་འཇལ་སྐྱོ་བ་ལ། །

འབྲེལ་ཡོད་འོས་སྦྱོར།