སྐྱ་རེངས་དུང་བརྡ། པདྨ་སྐྱིད་ཆུང་བ།
རྩོམ་པ་པོ།:པདྨ་སྐྱིད་ཆུང་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-01-01
ཀློག་གྲངས།:
རུས་མིང་། པདྨ་སྐྱིད་ཆུང་བ།
འཛིན་གྲྭ། མཐོ་གཉིས་བདུན་འཛིན་གྲྭ།
ཨ་སྔོན་དབྱིངས་ནས་ཁྲི་གདུགས་བུ་མོས་སྤྲོ་བའི་འཛུམ་དཀར་སྟོན་དུས།
ལེ་་ལོ་ཡི་བེམ་པོ་དེ་ད་དུང་ལྗོད་ཏིག་གེར་གཉིད་དུ་ཡུར་འདུག
དྲོད་འཇམ་གྱི་ཞོགས་པའི་ཉི་གཞོན།
ལྡིར་ལྡིར་གྱི་དབྱར་ཁའི་རྔ་བོ།
འཇིགས་སྐྲག་གི་རླུང་ནག་འཚུབ་མ།
སུ་ཞིག་གིས་ཀྱང་དེ་གཉིད་ལས་དཀྲོག་མ་ཐུབ།
རྒྱུ་མཚན་ནི་བེམ་རོ་དེར་མཁྲེགས་འཛིན་གྱི་རང་གཤིས་དྲག་པོ་ཞིག་ལྡན་ཏེ།
རང་ག་བ་ཞིག་གིས་རང་གཤིས་གྱོང་བོ་དེ་བསྒྱུར་བཅོས་བྱེད་དཀའ།
སྐབས་དེར། སྐྱ་རེངས་ཀྱི་དུང་བརྡས་རེ་བའི་སྤྱན་ཟུང་བེམ་པོར་ཕྱོགས་ཏེ།
ཡིད་ཆེས་ཀྱི་མེ་ལྕེ་ཞིག་གསལ་ལེར་སྦར་བཞིན་མཆིས།
སུ་ཞིག་གིས་བལྟས་ཀྱང་།
དེ་ནི་ཕམ་པའི་ལམ་བུ་ཞིག་ཡིན་ཟེར་ལ།
ཐ་ན་སྐྱ་རེངས་དུང་བརྡར་ཉེན་བརྡ་གཏོང་མཁན་ཡང་བྱུང་མྱོང་མེད།
འོན་ཀྱང་། ཁོའི་བྱམས་བརྩེ་ཡི་སྤྱན་ཟུང་གིས་གཟིམ་ལ་ཉེ་བའི་བེམ་པོ་དེར་ཕྱིར་བལྟ་ཞིག་བྱེད་བཞིན།
ཡང་བསྐྱར་སེམས་སུ་བརྩེ་བའི་མྱུ་གུ་འབུས་བྱུང་ལ།
ཁོའི་རང་གཤིས་ལྟར་ན། ཉམ་ཆུང་གི་ཚེ་སྲོག་ཆུང་ཆུང་ཞིག་དེ་ལྟར་ནུབ་ཏུ་འཇུག་ག་ལ་རུང་།
ཉིན་རེ་ནས་ཉིན་རེར།
ཟླ་རེ་ནས་ལོ་རེར།
འཆི་ལ་ཉེ་བའི་བེམ་པོ་དེར། འབྲུ་རྡོག་རེ་རེ་དང་ཆུ་ཐིགས་རེ་རེ་བཞིན་ཚེགས་མེད་དུ་བསྩལ།
ཕངས་སེམས་མེད་པར་ཚེ་གང་བོར་བེམ་པོ་དེའི་ཆེད་དུ།
ཆད་ལྷག་མེད་པའི་དཀའ་སྤྱད་བྱས་མཐར་རེ་ཞིག
གཅོང་སྒྲ་དེའང་དུས་ཀྱི་འགྲོས་དང་འགྲོགས་ནས་གསལ་ལ་མི་གསལ་བར་གྱུར།
གློ་བུར་དུ། བློ་ཡུལ་ལས་འདས་པའི་གྲུབ་འབྲས་བླ་མེད་ཅིག་ཐོལ་གྱིས་བྱུང་།
ཕལ་ཆེར་སྐྱ་རེངས་ཀྱི་དུང་བརྡས་བེམ་པོ་དེར་སེམས་འགུལ་ཐེབས་སུ་བཅུག
དེ་ལྟ་དེ་ལྟར། རེ་ཆད་ཀྱི་བེམ་རོ་དེ་ཉིན་རེ་ནས་ཉིན་རེར་གསོན་ཤུགས་ཡུན་གྱིས་རྒྱས་བྱུང་ལ།
སྔར་བཞིན་གྱི་རང་གཤིས་གྱོང་བོ་དེ་རྩ་བ་ནས་བཀྲོངས་ཏེ།
གུས་པའི་ཚུལ་གྱིས་སྐྱ་རེངས་ཀྱི་དུང་བརྡར་འཛུམ་མདངས་ཤིག་སྟོན་བཞིན་གདའ།
ཨེ་མ། དེ་ནི་ཁྱད་འཕགས་ཀྱི་བསྒྱུར་བཅོས་ཤིག་དང་།
རང་བཞིན་གྱི་སྟོབས་ཤུགས་ཀྱི་མངའ་ཁོངས།
ཡིད་ཆེས་དང་བྱམས་བརྩེ་ཡི་བཞུར་རྒྱུན།
རང་བཞིན་གྱིས་ཡོད་ཚད་སྩོལ་བར་བྱེད་བཤེས་གཉེན་དམ་པ་དེ།
ཀྱེ། སློབ་དཔོན་དམ་པ་ལགས།
ཁྱེད་ཀྱི་དྲོད་ཁོལ་ལྡན་པའི་འཛུམ་མདངས་དེ་ནི་ཉི་གཞོན་ལས་ཀྱང་མཛེས་ལ།
ཁྱེད་ཀྱི་བརྩེ་བའི་ཁ་ཏ་རེ་རེ་ནི་ཁུ་བྱུག་གི་གྲེ་འགྱུར་སྟོང་ལས་ལྷག
སའི་དཀྱིལ་འཁོར་འདིར་ཁྱེད་ནི་ཆེས་གཅེས་སུ་འོས་པའི་མི་དེ་རེད་ཅེས་བདག་གིས་སྐད་གསེང་མཐོན་པོས་སྒྲོག་པར་སྤོབས།

འབྲེལ་ཡོད་འོས་སྦྱོར།