logo

མདུན་ཕྱོགས་ཀྱི་རི་བོ། དགོན་ཆགས་མགོན་པོ་འཚོ།

རྩོམ་པ་པོ།:དགོན་ཆགས་མགོན་པོ་འཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-01-09 ཀློག་གྲངས།:

རུས་མིང་། དགོན་ཆགས་མགོན་པོ་འཚོ།
འཛིན་གྲྭ། མཐོ་གཉིས་བདུན་རྩིས་ཚན་འཛིན་གྲྭ།

             དགུན་དུས་ཀྱི་གྲང་རླུང་འུར་འུར་ལྡང་།
             རི་བོ་དེ། ལྷགས་པས་བསྡམ་པའི་བང་མཛོད་ཅིག
             དཔྱིད་དུས་ཀྱི་ལྗང་མྱུག་དལ་གྱིས་འབུས།
             རི་བོ་དེ། གྲོལ་ཐབས་མེད་པའི་འདྲི་གཞི་ཞིག
             དབྱར་དུས་ཀྱི་མེ་ཏོག་མཁའ་ནས་འཁྲུངས།
             རི་བོ་དེ། རེ་བས་བལྟམས་པའི་ཉི་གཞོན་ཞིག
             སྟོན་དུས་ཀྱི་འབྲས་བུ་གཡུར་དུ་ཟ།
             རི་བོ་དེ། འབྲུ་རིགས་སྣ་ལྔའི་བང་མཛོད་ཅིག

             མདུན་ཕྱོགས་ཀྱི་རི་བོ།
             རྒྱུགས་ན་མི་ཐོན།རེག་ན་ཐུག
             བསམ་པའི་འཆར་ཕྱོགས་ཞིག་ལ། ཁྱེད་ནི་ལྷོད་པ་མེད་པའི་རྟ་མཆོག་ཅིག
             རེག་རྒྱུ་མེད་པའི་འཇའ་ཚོན་ཞིག
             ཁྱེད་ནི་་་་་་

             སློབ་ཁང་གྲུ་བཞི་ཞིག་གི་གྲུ་ཟུར་ནས
             ནམ་ཞིག་ཁྱེད་དང་མཇལ་བའི་ལམ་སྣེ་འཚོལ་བཞིན།
             བདག་སེམས་ཀྱི་རེ་བ་འོད་སྣང་གིས་སྒྲོན་བཞིན།
             ཐུག་མི་ཐུབ་པའི་ལམ་སྣེ་དེ་ནི།
             བྲིས་མི་ཚར་བའི་ལོ་རྒྱུས་ཞིག་ཡིན་ན།
             ང་ནི་སྔར་བཞིན་ཁྱེད་དང་མཇལ་ན་འདོད།
             དགེ་རྒན་གྱིས་གསུངས་ན།
             ཁྱེད་ནི་ཚན་རིག་གི་ཞིང་ཁམས་རེད་ཟེར།
             ཕ་མས་གསུངས་ན།
             ཁྱེད་ནི་འོད་དུ་འཚེར་བའི་ནོར་བུ་རེད་ཟེར།
             ཕྲན་གྱིས་བསམ་ན།ཁྱེད་ནི་རྫོགས་ལྡན་གྱི་འབྲས་བུ་ཞིག
             ནམ་ཞིག་ཁྱེད་དང་མཇལ་བའི་རེ་བ་ལ་བརྩོན་བཞིན།
             མདུན་སྐྱོད་ཀྱི་གོམ་ཁ་ཁྱེད་ལ་ཕྱོགས་འགྲོ


འབྲེལ་ཡོད་འོས་སྦྱོར།