ཕྱིར་འོང་མེད་པའི་ལོ་ཟླ། མགོན་པོ་བཀྲ་ཤིས། (ཆེ)
རུས་མིང་། མགོན་པོ་བཀྲ་ཤིས། (ཆེ)
འཛིན་གྲྭ། མཐོ་གཉིས་བདུན་འཛིན་གྲྭ།
བརྩོན་སེམས་དང་སྙིང་རུས་ཀྱིས་ཕྱུག་པའི་མི་བུ་ཞིག་ལ་མཚོན་ན། ལོ་ཟླ་ནི་ཇི་འདྲའི་རྩ་ཆེ་བ་ཞིག་རེད་ཨང་། བདེ་སྐྱིད་དང་ཡིད་ཆེས་ཀྱིས་ཁེངས་པའི་མི་བུ་ཞིག་ལ་མཚོན་ན། ལོ་ཟླ་ནི་ཇི་འདྲའི་དོན་སྙིང་ལྡན་པ་ཞིག འོན་ཀྱང་། དམིགས་ཡུལ་དང་རྩ་དོན་བོར་བའི་མི་བུ་དག་ལ་མཚོན་ན། ལོ་ཟླ་ནི་རྒོལ་བར་མི་ནུས་པའི་དཔའ་བོ་ཞིག ནམ་ཡང་གུས་གུས་ཀྱིས་འཇིགས་རུང་གི་ལོ་ཟླ་ལ་བསུ་མ་བྱེད་དགོས་ལ། ཅི་ཡིན་འདི་ཡིན་མེད་པར་སྐྱེལ་མའང་བྱེད་དགོས།
དེ་ཡང་དགེ་འདུན་ཆོས་འཕེལ་གྱི་གསུངས་རྩོམ་ལས།“རོ་དང་མཚུངས་ལུས་པོ་འདི།། ག་དུས་ཤི་ཡང་མི་འགྱོད་དེ།། གསེར་དང་མཚུངས་པའི་རྣམ་དཔྱོད་དག།མཉམ་དུ་ཤི་ན་ཤིན་ཏུ་ཕངས།།”ཞེས་པ་ལས་ཀྱང་གསེར་དང་མཚུངས་པའི་རྣམ་དཔྱོད་དེ་དག་ཆུད་ཟོས་སུ་བཏང་ན། དུས་གཏན་དུ་ཁ་བྲལ་བ་ལས་ལོ་ཟླ་ཕྱིར་འོང་མེད་པ་གསལ་བར་བསྟན། དེ་ལྟར་མཁས་པ་མང་པོའི་གསུངས་ལས་ཀྱང་ལོ་ཟླ་ནི་རྩ་ཆེ་བ་དང་། ཡུན་ཐུང་བ། དམ་འཛིན་བྱེད་དགོས་པ་སོགས་ཀྱི་བསླབ་བྱ་ནན་གྱིས་གནང་ཡོད།
འདས་སོང་གི་ལོ་ཟླ་མཐའ་དག་ལ་ཕྱིར་དྲན་དང་ཕྱིར་མིག་ཙམ་བྱེད་པ་ལས། སྔོན་གྱི་དུས་སུ་གཏན་ནས་ལྡོག་མི་ནུས། རྒྱུ་མཚན་ནི་སྔོན་ཆད་དམིགས་ཡུལ་དང་རྩ་དོན་མེད་པར་ལོ་ཟླ་མང་པོ་ཕར་ལ་སྐྱེལ། ད་ནི་དེ་དག་ཕྱིར་འོངས་མེད་པ་ནི་ཅིས་ཀྱང་ཤེས་དགོས་པ་ཞིག་གོ །