ལས་དབང་། སྐལ་བཟང་སྒྲོལ་མ།
རུས་མིང་། སྐལ་བཟང་སྒྲོལ་མ།
འཛིན་གྲྭ། མཐོ་གཉིས་བདུན་འཛིན་གྲྭ།
ང་དང་འདྲ་བ་མང་པོས། སྨུག་མདོག་གི་ཕ་ས་འདི་ནས་རོ་དྲུག་འཛོམས་པའི་ལས་དབང་སྣུམ་པོ་ཁུར་ཏེ། མ་འོངས་པའི་འཇིག་རྟེན་འདིའི་གྲོང་ལ་འགྲུལ་བཞུད་པ་ཞིག་གི་མིང་བྱང་ཁྱེར་ནས་མི་འདོད་པའི་ལས་སྣ་ཚོགས་ལ་རོལ་ཞིང་དེ་དག་གི་ཁ་ལོ་བསྒྱུར་བཞིན་མཆིས་སོ། །
“སྐྱེ་རྒ་ན་འཆིའི་བརྒྱུད་རིམ་འདི། སྐྱེ་དགུ་ཡོངས་ཀྱི་མི་ཚེ་ཉིད།། ཚད་དང་ཚོད་འཛིན་བློས་མི་དཔོག།མཚན་ཐུན་ཞིག་གི་རྨི་ལམ་ཉིད།། ”ཞེས་པ་ལྟར། མི་ཚེ་ནི་དུས་ཡུན་ཐུང་ངུ་ཞིག་རེད། མི་རེ་རེ་ལ་མཚོན་ན་རང་ཉིད་ཀྱི་མི་ཚེ་ནི་རང་ཉིད་ཀྱིས་འབྲི་བཞིན་པའི་དཔེ་ཆ་ཞིག་ཡིན་ལ། མི་ཚེའི་བརྒྱུད་རིམ་རེ་རེ་ནི་རྫོགས་མི་ཚར་བའི་གཏམ་རྒྱུད་རིང་མོ་ཞིག་རེད། གཏམ་རྒྱུད་རེ་རེ་ལ་ལས་དབང་སྣུམ་པོ་ཞིག་གི་ཚོན་གྱིས་སྤུད་ཡོད་པ་སྨྲ་མི་དགོས།
དཔེར་ན། ཉམས་རྨས་སུ་འགྲོ་བཞིན་པའི་རང་རིགས་ཀྱི་སྐད་ཡིག་འདིའི་སྐྱེས་རྒྱུན་རྒྱུན་མཐུད་ན་ལོས་ཆོག
དྲང་བདེན་དང་འདྲ་མཉམ་མིན་པའི་སྤྱི་ཚོགས་བསྒྱུར་ན་ལོས་ཆོག རྨོངས་སྤྲིད་ཀྱི་རང་གཤིས་སྟུག་པོ་ཡང་བོར་བསྒྱུར་ན་ལོས་ཆོག ང་ཚོ་ནི་ལས་དབང་ལ་གཏན་དུ་མགོ་མི་སྒུར་བའི་མི་བུ་དེ་ཡིན་ཕྱིར། མི་བཟོད་པའི་གཏམ་རྒྱུད་མང་པོ་ཞིག་གི་མཇུག་འབྲས་གདོང་གིས་བསུ་བཞིན། གོ་མེད་ཚོར་མེད་ཀྱིས་དུས་ཚོད་འདའ་ཐབས་བྱེད་པའི་གཤིས་སྤྱོད་དེ་དོར་ཏེ། རང་རང་གི་མི་ཚེའི་ལས་དབང་སྣུམ་པོ་ཞིག་གི་བྲོ་ཁ་དེ་རང་གིས་བསྒྲིག་བཞིན། སྡུག་བསྔལ་ཐམས་ཅད་བདེ་ལ་བསྒྱུར་ཏེ། སྐད་ཡིག་དང་འབྲེལ་བའི་མི་ཚེ་རེ་རེ་རིང་དུ་གཏོང་མི་ཐུབ་རུང་། དོན་སྙིང་ལྡན་པའི་ལམ་བུ་ཞིག་བསྐྲུན་ན་ཅིས་མི་ཆོག
ངེད་ཅག་ནི་རང་རིགས་ཀྱི་དུས་རབས་གསར་བའི་ན་གཞོན་དག་ཡིན་པས། རིག་གནས་དང་འབྲེལ་བའི་ལས་དབང་འདི། དར་རྒུད་དང་འབྲེལ་བའི་འགན་འཁྲི་འདི། ཅིས་ཀྱང་ཕྲག་སྟེང་དུ་བླངས་ནས་མཚར་སྡུག་གི་མདུན་ལྗོངས་ཤིག་ཏུ་ཆས་འགྲོ