ཀ་ཕྲེང་དྲི་ཟའི་གླིང་བུ། འཚམས་པ་ངག་དབང་།
རྩོམ་པ་པོ།:འཚམས་པ་ངག་དབང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-06-04
ཀློག་གྲངས།:
རུས་མིང་། འཚམས་པ་ངག་དབང་།
འཛིན་གྲྭ། མཐོ་གཉིས་འཛིན་གྲྭ་ལྔ་བ།
ཀ་ཡེ་མཛའ་བཤེས་གྲོགས་ཀྱི་མདུན་ས་རུ།།
ཁ་ལག་བར་ནས་བརྡོལ་བའི་ཚིག་གསུམ་ལབ།།
ག་བུར་མདངས་འཛིན་གྲོགས་ཀྱི་བློ་གྲོས་ཀྱིས།།
ང་ཡི་ཚིག་དུམ་འདི་ལ་བཟོད་སྒོམ་གནོངས།།
ཅ་ཅོའི་བཟི་གཏམ་ཚིག་གི་མདུད་པ་རུ།།
ཆ་འཇོག་ཙམ་གྱི་རྒྱན་གྱིས་བཅངས་ན་ཡང་།།
ཇ་ལ་འོ་དྲི་འཐུལ་བའི་ངད་ཁའི་མདངས།།
ཉ་མོའི་གླུ་གར་ལས་ཀྱང་ཤིན་ཏུ་དཀོན།།
ད་ལྟའི་རང་གི་དབྱངས་གསལ་སོ་བཞི་དེ།།
ན་འཆིའི་མཚམས་ཀྱི་བགྲེས་པོ་མགོ་དཀར་བཞིན།།
པ་སངས་སྐར་མ་མཁའ་མཐར་ཡལ་ནས་བཟུང་།།
ཕ་ཁྱིམ་དྲོན་མོ་མུན་པའི་གུར་ཁང་ཕུབ།།
བས་མཐའི་ཁ་བ་རླུང་གིས་དེད་ཤུལ་དུ།།
མ་སྐད་གསོན་པོའི་ཁྲག་གི་སྙིང་རྩ་གས།།
ཙ་རིའི་སྒང་དྲུག་གཞུང་གི་སྦྲ་རྒན་དེ།།
ཛ་དྲག་གནས་ནས་སྐྱོབ་བྱེད་ཨ་ཇོ་དེ།།
ཝ་རྔ་མགུལ་ལ་བཅིངས་བཞིན་གང་དུ་བཞུད།།
ཞྭ་དམར་ཆོས་གོས་བཀླུབས་པའི་མི་བུ་དེ།།
ཟ་ཟུར་ལུང་བ་བརྒྱུད་ནས་གང་དུ་བཞུད།།
འ་ཅག་གར་ལ་རོལ་བའི་ངང་ཚུལ་འདི།།
ཡ་མཚན་ལྟད་མོ་ཙམ་ལས་གཞན་གང་ཞིག།
རྭ་ལྟར་གྱོང་བའི་མི་གཤིས་ངན་ངོན་དེ།།
ལ་ཁའི་མི་ཡི་རང་གཟུགས་རང་གིས་མངོན།།
ཤ་གསེང་རུས་ལ་འཐིམས་པའི་རུས་རྐང་དེ།།
ས་ཕྱོགས་གང་གི་རླུང་གི་དྲི་མས་བསླད།།
ཧ་རིའི་ཙན་དན་གསར་སྐྱེས་ལྗོན་པ་དེ།།
ཨ་རག་དུག་གིས་མྱོས་པའི་དུག་སྡོང་ཉིད།།
ཨ་བོ་ཁྱོད་ཀྱི་གཤིས་བཟང་སྒྲོ་གུར་དེ།།
ཧ་ལོའི་དུག་གི་འདབ་མ་ཕོགས་སམ་ཅི།།
ས་ཕྱོགས་གངས་ཀྱིས་བསྐོར་བའི་གནས་ཁམས་འདིར།།
ཤ་ཁྲག་གངས་ལ་ཞེན་པའི་མེས་པོ་འཁྲུངས།།
ལ་ལུང་རྒྱལ་ཁམས་འགྲིམས་པའི་དགེ་ཆོས་སོགས།།
ར་བ་གཞིས་ཁྱིམ་འདི་རུ་ངུ་སྐད་བསྒྲགས།།
ཡ་གིའི་མ་སངས་སྤུན་དགུའི་རལ་བ་དེ།།
འ་ཅག་རང་གི་དཔའ་བོའི་ཕྱག་རྟེན་ཡིན།།
ཟ་འོག་གོས་ཀྱི་རི་མོའི་རྒྱལ་མཚན་དེ།།
ཞྭ་སེར་བསྟན་བདག་དེ་ཚོའི་ཞབས་རྟེན་ཡིན།།
ཝ་སྐྱེས་སེང་གེར་འཐབ་པའི་ལོ་རྒྱུས་དེ།།
ཛ་བོའི་སེམས་ཀྱི་རྨ་ཁའི་རྨ་ཁ་ཉིད།།
ཚ་བའི་དམྱལ་བར་ལྷུང་བའི་རིག་གཞུང་དེ།།
ཙ་རའི་སེམས་ཅན་སྐྱོང་བའི་སྲིད་ཐབས་ཡིན།།
མ་ལོའི་ངག་ལས་བརྡོལ་བའི་སྐྱབས་འགྲོ་དེ།།
བ་ལང་རྫི་བོའི་ཁ་དོན་ཁོ་ན་མིན།།
ཕ་ནོར་རྒྱ་ལ་ཤོར་བའི་འཁུན་སེམས་དེ།
པ་པོ་བ་ཡིས་བསྒྲུབས་པའི་འགྱོད་གདུང་ཡིན།།
ན་རོའི་དབྱངས་ཀྱི་སྦྱོར་བའི་ཀློག་འགྲེལ་དེ།།
ད་ལྟའི་བུ་ལ་བཞག་པའི་ལེགས་སྐྱེས་ཡིན།།
ཐ་མག་ཆང་ལ་ཆགས་པའི་སྙན་ངག་པ།།
ཏྰ་ར་ན་ཐའི་མདུན་གྱི་རྡུལ་དུ་ལྷགས།།
ཇ་ཤའི་བེམ་རོར་རྔམ་པའི་དཔོན་རིགས་ལ།།
ཇ་མར་གོས་ཀྱི་མགྲོནབསུ་མ་བྱེད་ཨང་།།
ཆ་ལུགས་མི་མཐུན་རིག་ཀྱི་ངོ་ལོག་པར།།
ཅ་ཅོའི་ཚིག་གིས་ཁ་ཡག་མ་བཤད་ཨང་།།
ང་ཡིས་བྲིས་པའི་ཡི་གེ་ནག་ཆུང་འདིར།།
ག་བུར་དྲི་ཡི་མདངས་ནི་མ་མཆིས་ཀྱང་།།
ཁ་ལག་བར་ནས་བརྡོལ་བའི་ཁ་མཐུན་ཚིག།
ཀ་ཁའི་བདག་པོ་ཞིག་གི་ངོས་ནས་ཕུལ།།
འཛིན་གྲྭ། མཐོ་གཉིས་འཛིན་གྲྭ་ལྔ་བ།
ཀ་ཡེ་མཛའ་བཤེས་གྲོགས་ཀྱི་མདུན་ས་རུ།།
ཁ་ལག་བར་ནས་བརྡོལ་བའི་ཚིག་གསུམ་ལབ།།
ག་བུར་མདངས་འཛིན་གྲོགས་ཀྱི་བློ་གྲོས་ཀྱིས།།
ང་ཡི་ཚིག་དུམ་འདི་ལ་བཟོད་སྒོམ་གནོངས།།
ཅ་ཅོའི་བཟི་གཏམ་ཚིག་གི་མདུད་པ་རུ།།
ཆ་འཇོག་ཙམ་གྱི་རྒྱན་གྱིས་བཅངས་ན་ཡང་།།
ཇ་ལ་འོ་དྲི་འཐུལ་བའི་ངད་ཁའི་མདངས།།
ཉ་མོའི་གླུ་གར་ལས་ཀྱང་ཤིན་ཏུ་དཀོན།།
ད་ལྟའི་རང་གི་དབྱངས་གསལ་སོ་བཞི་དེ།།
ན་འཆིའི་མཚམས་ཀྱི་བགྲེས་པོ་མགོ་དཀར་བཞིན།།
པ་སངས་སྐར་མ་མཁའ་མཐར་ཡལ་ནས་བཟུང་།།
ཕ་ཁྱིམ་དྲོན་མོ་མུན་པའི་གུར་ཁང་ཕུབ།།
བས་མཐའི་ཁ་བ་རླུང་གིས་དེད་ཤུལ་དུ།།
མ་སྐད་གསོན་པོའི་ཁྲག་གི་སྙིང་རྩ་གས།།
ཙ་རིའི་སྒང་དྲུག་གཞུང་གི་སྦྲ་རྒན་དེ།།
ཛ་དྲག་གནས་ནས་སྐྱོབ་བྱེད་ཨ་ཇོ་དེ།།
ཝ་རྔ་མགུལ་ལ་བཅིངས་བཞིན་གང་དུ་བཞུད།།
ཞྭ་དམར་ཆོས་གོས་བཀླུབས་པའི་མི་བུ་དེ།།
ཟ་ཟུར་ལུང་བ་བརྒྱུད་ནས་གང་དུ་བཞུད།།
འ་ཅག་གར་ལ་རོལ་བའི་ངང་ཚུལ་འདི།།
ཡ་མཚན་ལྟད་མོ་ཙམ་ལས་གཞན་གང་ཞིག།
རྭ་ལྟར་གྱོང་བའི་མི་གཤིས་ངན་ངོན་དེ།།
ལ་ཁའི་མི་ཡི་རང་གཟུགས་རང་གིས་མངོན།།
ཤ་གསེང་རུས་ལ་འཐིམས་པའི་རུས་རྐང་དེ།།
ས་ཕྱོགས་གང་གི་རླུང་གི་དྲི་མས་བསླད།།
ཧ་རིའི་ཙན་དན་གསར་སྐྱེས་ལྗོན་པ་དེ།།
ཨ་རག་དུག་གིས་མྱོས་པའི་དུག་སྡོང་ཉིད།།
ཨ་བོ་ཁྱོད་ཀྱི་གཤིས་བཟང་སྒྲོ་གུར་དེ།།
ཧ་ལོའི་དུག་གི་འདབ་མ་ཕོགས་སམ་ཅི།།
ས་ཕྱོགས་གངས་ཀྱིས་བསྐོར་བའི་གནས་ཁམས་འདིར།།
ཤ་ཁྲག་གངས་ལ་ཞེན་པའི་མེས་པོ་འཁྲུངས།།
ལ་ལུང་རྒྱལ་ཁམས་འགྲིམས་པའི་དགེ་ཆོས་སོགས།།
ར་བ་གཞིས་ཁྱིམ་འདི་རུ་ངུ་སྐད་བསྒྲགས།།
ཡ་གིའི་མ་སངས་སྤུན་དགུའི་རལ་བ་དེ།།
འ་ཅག་རང་གི་དཔའ་བོའི་ཕྱག་རྟེན་ཡིན།།
ཟ་འོག་གོས་ཀྱི་རི་མོའི་རྒྱལ་མཚན་དེ།།
ཞྭ་སེར་བསྟན་བདག་དེ་ཚོའི་ཞབས་རྟེན་ཡིན།།
ཝ་སྐྱེས་སེང་གེར་འཐབ་པའི་ལོ་རྒྱུས་དེ།།
ཛ་བོའི་སེམས་ཀྱི་རྨ་ཁའི་རྨ་ཁ་ཉིད།།
ཚ་བའི་དམྱལ་བར་ལྷུང་བའི་རིག་གཞུང་དེ།།
ཙ་རའི་སེམས་ཅན་སྐྱོང་བའི་སྲིད་ཐབས་ཡིན།།
མ་ལོའི་ངག་ལས་བརྡོལ་བའི་སྐྱབས་འགྲོ་དེ།།
བ་ལང་རྫི་བོའི་ཁ་དོན་ཁོ་ན་མིན།།
ཕ་ནོར་རྒྱ་ལ་ཤོར་བའི་འཁུན་སེམས་དེ།
པ་པོ་བ་ཡིས་བསྒྲུབས་པའི་འགྱོད་གདུང་ཡིན།།
ན་རོའི་དབྱངས་ཀྱི་སྦྱོར་བའི་ཀློག་འགྲེལ་དེ།།
ད་ལྟའི་བུ་ལ་བཞག་པའི་ལེགས་སྐྱེས་ཡིན།།
ཐ་མག་ཆང་ལ་ཆགས་པའི་སྙན་ངག་པ།།
ཏྰ་ར་ན་ཐའི་མདུན་གྱི་རྡུལ་དུ་ལྷགས།།
ཇ་ཤའི་བེམ་རོར་རྔམ་པའི་དཔོན་རིགས་ལ།།
ཇ་མར་གོས་ཀྱི་མགྲོནབསུ་མ་བྱེད་ཨང་།།
ཆ་ལུགས་མི་མཐུན་རིག་ཀྱི་ངོ་ལོག་པར།།
ཅ་ཅོའི་ཚིག་གིས་ཁ་ཡག་མ་བཤད་ཨང་།།
ང་ཡིས་བྲིས་པའི་ཡི་གེ་ནག་ཆུང་འདིར།།
ག་བུར་དྲི་ཡི་མདངས་ནི་མ་མཆིས་ཀྱང་།།
ཁ་ལག་བར་ནས་བརྡོལ་བའི་ཁ་མཐུན་ཚིག།
ཀ་ཁའི་བདག་པོ་ཞིག་གི་ངོས་ནས་ཕུལ།།
འབྲེལ་ཡོད་འོས་སྦྱོར།