དགེ་རྒན་ནི་འདུལ་བ་ཞིག་གི་མིང་ཡིན་ནམ། བསེ་ཀུན་དོང་།
རྩོམ་པ་པོ།:བསེ་ཀུན་དོང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-09-20
ཀློག་གྲངས།:
གྲྭ་བ་ཞེས་འབོད་དུས་འདུལ་བ་སྲུང་མཁན་ཞིག་དང་ཉེན་རྟོག་པ་ཟེར་དུས་ཁྲིམས་ལ་སྦྱོར་མཁན་ཞིག་ཏུ་གོ་ཡོང་ན། དགེ་རྒན་ཟེར་དུས་མི་གཞི་གསོ་མཁན་ཞིག་ཏུ་ཅི་ལ་མི་གོ དགེ་རྒན་གྱིས་སྐྱོན་བཟོས་ན་ཁྱོད་རང་དགེ་རྒན་ཞིག་མིན་ནམ་ཟེར་ནས་བཅུར་ཡོང་བ་མ་ཡིན་ནམ།
ང་རང་སློབ་ཆུང་ཡིན་དུས་དགེ་རྒན་ཕོའི་མིང་ལ་ཨ་ཁུ་བཀྲ་ཤིས་དང་དགེ་རྒན་བུད་མེད་རྣམས་ལ་ཨ་ནེ་སྒྲོལ་མ་སོགས་སུ་འབོད་སྲོལ་ཡོད། ཉིན་ཞིག་དགེ་རྒན་གསར་བ་ཞིག་ང་ཚོའི་སློབ་ཆུང་དུ་ལས་བགོས་བྱས་ནས་ཐོན་པ་རེད། ང་ཚོས་དགེ་རྒན་གསར་བར་ཨ་ཁུ་བླ་མ་ཞེས་བོས་པ་ན། ཁོ་ཁྲོ་བའི་ཉམས་ཀྱིས་ང་རང་ཁྱོད་ཚོའི་དགེ་རྒན་ཡིན་པ་ལས་ཨ་ཁུ་མིན་ཟེར་ནས་སྡིགས་མོ་བཏང་། ཉིན་དེ་ནས་བཟུང་དགེ་རྒན་ལ་ཨ་ཁུ་དང་ཨ་ནེ་ཞེས་པའི་འབོད་སྲོལ་བསྐྱུར་ཏེ་དགེ་རྒན་ཞེས་པའི་མིང་འདི་བཀོལ་བ་ཡིན། ཐོག་མར་དེ་ལྟར་བོས་ན་འབྱོར་མོ་ཞིག་མིན་པར་སྣང་ཡང་རྗེས་ནས་ཇེ་བདེ་ནས་ཇེ་བདེར་སོང་ཞིང་ཉམས་མ་བཞག་ན་མི་ཡོད་ཚད་ལ་འབོད་ཉེན་ཡོད་པ་ཞིག་ཏུ་གྱུར།
ང་རང་སློབ་མ་ཡིན་དུས་དགེ་རྒན་ཡིན་ན་དགེ་བའི་ལས་ལ་སྤྲོ་མཁན་དང་འགན་ཁུར་མཁན་ཞིག་ཏུ་བརླམས་པ་ལས་དོན་གཞན་ཅི་ལའང་བསམ་གཞིག་བཏང་མ་མྱོང་ལ། རང་ཉིད་ཆེས་དགའ་སའི་དགེ་རྒན་ཅི་ཞིག་ལ་དགའ་ན་ང་ཚོ་ཡང་དེ་ལ་དགའ་བར་འགྱུར་བ་ཞིག་ཡིན་པ་ལས་གཞན་དགེ་སློབ་བར་ལ་འགལ་བ་ཅི་ཞིག་བྱུང་ཡང་གནས་སྐབས་ཙམ་ལས་ཡིད་ལ་བརྣགས་མྱོང་མེད། དུས་རྒྱུན་དགེ་རྒན་རྣམས་ཀྱི་ཁ་ཏ་ལས་ཀྱང་དགེ་སློབ་གཉིས་ཀྱི་འགལ་བ་ནི་གནས་སྐབས་ཙམ་ཡིན་པར་བཤད་ལ་རང་ཉིད་ཀྱིས་ཀྱང་དེ་ལྟར་དུ་བྱས་ཏེ་སློབ་མཐར་ཕྱིན་པ་ཡིན། ད་ལྟ་ཕྱིར་འདང་ཞིག་རྒྱབ་ན་ང་རང་བྱིས་པ་པྲ་ཚག་ཅིག་ཡིན་པར་གདོན་མི་ཟ་མོད། ཞེ་ནག་ཅིག་གཏན་ནས་མིན་པའི་ངེས་ཤེས་འདྲོངས་ཐུབ།
ང་རང་དངོས་སྦྱོང་དགེ་རྒན་བྱེད་པའི་དུས་སུ་སློབ་མ་ཚོས་ང་ལ་དགེ་རྒན་ཞེས་བོས་ན་སེམས་སྐྱིད་པོ་ཞིག་དང་གཟི་བརྗིད་ཅིག་ཏུ་རློམ་པ་མ་ཟད་དགེ་རྒན་གྱི་ལས་ལ་ཧ་ཅང་སྤྲོ། རྗེས་སུ་རང་ཉིད་དངོས་སུ་ཁྲིད་སྟེགས་སུ་བུད་དེ་དགེ་རྒན་གྱི་ལས་ལ་ཞུགས་པ་ན་དཀའ་ཁག་གང་མང་ཞིག་གིས་ཁད་ཀྱིས་རང་གི་མདུན་བསུས་ཏེ་ངའི་བསམ་གཞིག་གི་སྒོ་མོ་ཡང་ཡང་བརྡུང་བ་རེད། དགེ་རྒན་ནི་ཤེས་བྱ་ཁྲིད་སྟོན་བྱེད་མཁན་ཞིག་ཡིན་པ་མ་ཟད་ཀུན་སྤྱོད་ཀྱི་མིག་དཔེར་འགྱུར་འགྲོ་བ་ཧ་གོ་འོང་། དགེ་རྒན་གྱིས་ལྭ་བ་ཚོང་རྟགས་ཅན་གང་གྱོན་ན་སློབ་མའི་ཡང་དེ་གྱོན་ལ། ལག་པར་དང་སྐྲ་ཚུགས་སོགས་ཀྱི་ལད་མོ་བྱེད་པ་མ་ཟད། ཁ་བརྡ་གློད་སྟངས་དང་ལབ་རྒྱག་སྟངས། ཐ་ན་འགྲོ་འདུག་སྤྱོད་གསུམ་གང་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་ཕྱིར། དགེ་རྒན་ཞིག་ཡིན་ན་རང་ཉིད་ཀྱིས་གྱོན་བསམ་པའི་དུས་རབས་ཀྱི་ལྭ་བ་དང་ཞྭ་མོ། མིག་ཤེལ་ཞིག་ཀྱང་གྱོན་མི་ཐུབ་ལ། འཇོག་བསམ་པའི་སྐྲ་ཚུགས་དང་། བརྗོད་པར་དགའ་བའི་སྤྱང་རྟུག་ཅིག་ཀྱང་འཕེན་པར་ཁེགས་པོ་འདུག མ་མཐར་འགྲོ་ལས་འདུག་སྟངས་སོགས་ལ་གཟབས་ནས་ལས་གང་ཞིག་སྒྲུབ་པར་མནོ་བསམ་གཏོང་དགོས་པའི་གཞན་དབང་ཅན་ཞིག་ཏུ་གྱུར་འདུག་ལ། ད་ལྟ་ལང་ཚོ་ཡོལ་ནས་འགྲོ་དུས་དགེ་རྒན་གྱིས་བློས་བཏང་བ་མང་དྲགས་པའི་ཞར་ལ་དགེ་རྒན་ཞེས་པའི་མིང་འདི་ནི་ཁྲིམས་སུ་མ་བཅོས་པའི་འདུལ་བ་ཞིག་ཡིན་པ་རྟོགས་འོང་།
ང་ཚོས་གཅན་ཚའི་ཡུལ་གྱི་མདའ་རྩེད་ལ་ལྟ་ཞོར་ལྟ་ཞོར་ལོ་རྡོ་རྗེ་བྲག་ལ་མཇལ་སྐོར་དུ་ཆས་སོང་།
ཁོ་ཚོས་ང་ལ་ལོ་རྡོ་རྗེ་བྲག་གི་ལོ་རྒྱུས་རྒྱུན་ཤེས་འགའ་ལབ་པའི་རེ་བ་བཏོན་བྱུང་། ང་རང་ལོ་རྒྱུས་ལ་དགའ་བ་ངོ་མ་ཡིན་ཡང་། འདིའི་སྐོར་གྱི་གསལ་ཆ་དང་ཞིབ་འཇུག་མེད་སྟབས་ཡག་པོ་ཞིག་བཤད་མ་ཐུབ་ཀྱང་། རང་གི་ཐོས་པ་སྣ་ཟིན་སྤུ་ཟིན་ཙམ་ཞུས་པ་ལ། ལོ་རྡོ་རྗེ་བྲག་ནི་བཙན་པོའི་རྒྱལ་རབས་ལ་ལུགས་ལྡོག་གི་འགྱུར་བ་གཏོང་མཁན་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྒྲུབ་ཕུག་སྟེ། མཁས་པ་མི་གསུམ་དང་ཞལ་མཇལ་བྱུང་སྐབས། ལྷ་ལུང་དཔལ་གྱི་རྡོ་རྗེར་རང་ཉིད་རྒྱལ་པོ་བཀྲོངས་པའི་སྡིག་ཅན་དང་དམེ་ཅན་དུ་བལྟས་ནས་ཅུང་རྒྱང་རིང་དུ་བསྡད་ཅིང་། རྒྱལ་པོ་དགྲོང་བྱེད་ཀྱི་མདའ་གཞུ་སྒྲུབ་ཕུག་གི་འདབས་སུ་སྦས་པ་དང་། དེང་སང“འབུམ་ཁང་འཇའ་འོད་མ”ཞེས་འབོད་པ་འདི་ཡིན་འདུག་ལ། དེ་ནས་བཟུང་ལྷ་ལུང་དཔལ་གྱི་རྡོ་རྗེས་མཁས་པ་མི་གསུམ་གྱི་སྐུ་སྲུང་མཛད་ཕྱིར་མར་གཡོ་གཙང་གསུམ་གྱི་སྒྲུབ་ཕུག་མཐོང་བའི་ཤ་མ་ལུང་པའི་བྲག་ཕུག་ཏུ་རྒྱུན་བཞུགས་གནང་བ་དང་། ཕྱིས་སུ་མདོ་སྨད་རྫོང་གསུམ་མམ་རྫོང་བཞིའི་ཡ་གྱལ་ཨ་ཆུང་གནམ་རྫོང་དུ་ཕེབས་ཏེ་ལོ་ངོ་ཉི་ཤུ་རྩ་སྟོད་ཅིག་ལ་སྒྲུབ་པའི་རྒྱལ་མཚན་བསྒྲེངས་ཤིང་། དེང་སང་ཡང་མཁས་པ་མི་གསུམ་དང་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྒྲུབ་ཕུག་སོགས་མཇལ་རྒྱུ་ཡོད་ཟེར།
ཡར་བའི་དཀར་ཆག་ལས“ལྷ་ལུང་དཔལ་གྱི་རྡོ་རྗེའི་མིང་སྐྱའི་མིང་སྟག་ཉ་བཟང་ཞུ་བ་ལགས། འབྲོམ་སྟོད་དགུང་མོ་ཆེར་སྐུ་སྐྱེ་བ་བཞེས། རྒྱ་བོད་ཀྱི་ས་མཚམས་བསྲུངས་ཏེ་རྒྱ་བོད་བྱེ་མའི་ཐོག་ཏུ་རྒྱའི་དམག་རྣམས་བཏུལ་ལོ། ”འདི་ལས་ཁོང་བཙན་པོའི་དམག་སྤྱི་ཆེན་མོ་ཞིག་ཡིན་འདུག་ལ། མདའ་དང་འཕང་ལས། “ལྷ་ལུང་དཔལ་རྡོར་ནི་བསམ་ཡས་མཁན་རབས་དགུ་བ་ཡིན་པར་བཤད”པས་བཙན་པོའི་དབུ་བླ་ཡིན་འདུག
གང་ལྟར་ལྷ་ལུང་དཔལ་རྡོར་ནི་ཆོས་སྲིད་གཉིས་ཀྱི་བླ་མཐོ་ཞིང་རིགས་རུས་ཀྱི་རྫོང་མཐུག་པར་མ་ཟད། བཙན་པོའི་རྒྱལ་རབས་བརྗེས་པར་གསར་བརྗེ་བྱེད་མཁན་ཐ་མ་དེ་ཆགས་འདུག མདའ་རྩེ་ནི་ཐོག་མ་བཙན་པོའི་དམག་མཚོན་ནས་ད་ལྟ་དམངས་སྲོལ་གྱི་རིག་རྩེད་ཅིག་ཏུ་གྱུར་ཅིང་། བཙན་པོའི་རྒྱལ་རབས་འཇིག་ནས་མི་ལོ་སྟོང་ཕྲག་འདས་ཀྱང་མདའ་དང་བོད་མི་འགྲོགས་ནས་མི་ལོ་ག་ཚོད་ཅིག་འགྲོ་བཏུབ་པ་སུས་ཀྱང་ཚོད་དཔག་བྱེད་དཀའ།

ལོ་རྡོ་རྗེ་བྲག་དང་མཇལ་བའི་ཟིན་བྲིས།
ས་ཁྱི་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་ཉིན། དགེ་གྲོགས་རྒྱལ་མཚན་རྡོ་རྗེས་ཆང་ས་རྒྱབ་སྟེ་ངེད་དགེ་གྲོགས་ཁག་ཅིག་གཅན་ཚ་མདའ་མོ་གཡང་རྫོང་ནས་འཛོམས།ང་ཚོས་གཅན་ཚའི་ཡུལ་གྱི་མདའ་རྩེད་ལ་ལྟ་ཞོར་ལྟ་ཞོར་ལོ་རྡོ་རྗེ་བྲག་ལ་མཇལ་སྐོར་དུ་ཆས་སོང་།
ཁོ་ཚོས་ང་ལ་ལོ་རྡོ་རྗེ་བྲག་གི་ལོ་རྒྱུས་རྒྱུན་ཤེས་འགའ་ལབ་པའི་རེ་བ་བཏོན་བྱུང་། ང་རང་ལོ་རྒྱུས་ལ་དགའ་བ་ངོ་མ་ཡིན་ཡང་། འདིའི་སྐོར་གྱི་གསལ་ཆ་དང་ཞིབ་འཇུག་མེད་སྟབས་ཡག་པོ་ཞིག་བཤད་མ་ཐུབ་ཀྱང་། རང་གི་ཐོས་པ་སྣ་ཟིན་སྤུ་ཟིན་ཙམ་ཞུས་པ་ལ། ལོ་རྡོ་རྗེ་བྲག་ནི་བཙན་པོའི་རྒྱལ་རབས་ལ་ལུགས་ལྡོག་གི་འགྱུར་བ་གཏོང་མཁན་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྒྲུབ་ཕུག་སྟེ། མཁས་པ་མི་གསུམ་དང་ཞལ་མཇལ་བྱུང་སྐབས། ལྷ་ལུང་དཔལ་གྱི་རྡོ་རྗེར་རང་ཉིད་རྒྱལ་པོ་བཀྲོངས་པའི་སྡིག་ཅན་དང་དམེ་ཅན་དུ་བལྟས་ནས་ཅུང་རྒྱང་རིང་དུ་བསྡད་ཅིང་། རྒྱལ་པོ་དགྲོང་བྱེད་ཀྱི་མདའ་གཞུ་སྒྲུབ་ཕུག་གི་འདབས་སུ་སྦས་པ་དང་། དེང་སང“འབུམ་ཁང་འཇའ་འོད་མ”ཞེས་འབོད་པ་འདི་ཡིན་འདུག་ལ། དེ་ནས་བཟུང་ལྷ་ལུང་དཔལ་གྱི་རྡོ་རྗེས་མཁས་པ་མི་གསུམ་གྱི་སྐུ་སྲུང་མཛད་ཕྱིར་མར་གཡོ་གཙང་གསུམ་གྱི་སྒྲུབ་ཕུག་མཐོང་བའི་ཤ་མ་ལུང་པའི་བྲག་ཕུག་ཏུ་རྒྱུན་བཞུགས་གནང་བ་དང་། ཕྱིས་སུ་མདོ་སྨད་རྫོང་གསུམ་མམ་རྫོང་བཞིའི་ཡ་གྱལ་ཨ་ཆུང་གནམ་རྫོང་དུ་ཕེབས་ཏེ་ལོ་ངོ་ཉི་ཤུ་རྩ་སྟོད་ཅིག་ལ་སྒྲུབ་པའི་རྒྱལ་མཚན་བསྒྲེངས་ཤིང་། དེང་སང་ཡང་མཁས་པ་མི་གསུམ་དང་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྒྲུབ་ཕུག་སོགས་མཇལ་རྒྱུ་ཡོད་ཟེར།
ཡར་བའི་དཀར་ཆག་ལས“ལྷ་ལུང་དཔལ་གྱི་རྡོ་རྗེའི་མིང་སྐྱའི་མིང་སྟག་ཉ་བཟང་ཞུ་བ་ལགས། འབྲོམ་སྟོད་དགུང་མོ་ཆེར་སྐུ་སྐྱེ་བ་བཞེས། རྒྱ་བོད་ཀྱི་ས་མཚམས་བསྲུངས་ཏེ་རྒྱ་བོད་བྱེ་མའི་ཐོག་ཏུ་རྒྱའི་དམག་རྣམས་བཏུལ་ལོ། ”འདི་ལས་ཁོང་བཙན་པོའི་དམག་སྤྱི་ཆེན་མོ་ཞིག་ཡིན་འདུག་ལ། མདའ་དང་འཕང་ལས། “ལྷ་ལུང་དཔལ་རྡོར་ནི་བསམ་ཡས་མཁན་རབས་དགུ་བ་ཡིན་པར་བཤད”པས་བཙན་པོའི་དབུ་བླ་ཡིན་འདུག
གང་ལྟར་ལྷ་ལུང་དཔལ་རྡོར་ནི་ཆོས་སྲིད་གཉིས་ཀྱི་བླ་མཐོ་ཞིང་རིགས་རུས་ཀྱི་རྫོང་མཐུག་པར་མ་ཟད། བཙན་པོའི་རྒྱལ་རབས་བརྗེས་པར་གསར་བརྗེ་བྱེད་མཁན་ཐ་མ་དེ་ཆགས་འདུག མདའ་རྩེ་ནི་ཐོག་མ་བཙན་པོའི་དམག་མཚོན་ནས་ད་ལྟ་དམངས་སྲོལ་གྱི་རིག་རྩེད་ཅིག་ཏུ་གྱུར་ཅིང་། བཙན་པོའི་རྒྱལ་རབས་འཇིག་ནས་མི་ལོ་སྟོང་ཕྲག་འདས་ཀྱང་མདའ་དང་བོད་མི་འགྲོགས་ནས་མི་ལོ་ག་ཚོད་ཅིག་འགྲོ་བཏུབ་པ་སུས་ཀྱང་ཚོད་དཔག་བྱེད་དཀའ།
འབྲེལ་ཡོད་འོས་སྦྱོར།