ཉིན་ཐོ། སངས་རྒྱས་ཚེ་རིང་།
རུས་མིང་། སངས་རྒྱས་ཚེ་རིང་།
འཛིན་གྲྭ། ལོ་རིམ་དགུ་བ།(12)
2018ལོའི་ཟླ9ཚེས18ཉིན། གཟའ་ལྷག་པ། གནམ་གཤིས་ཤིན་ཏུ་ལེགས།
དེ་རིང་ངས་ནམ་རྒྱུན་བཞིན་ཞོགས་སྦྱོང་གྲོལ་བ་ན་དཔེ་ཆ་ལག་ཏུ་བཟུང་ནས་རང་འཛིན་གྲྭའི་སློབ་མ་དག་གིས་བློར་འཛིན་སར་གཏན་འཁེལ་བྱས་པའི་གནས་དེར་སོང་སྟེ་དཔེ་ཆ་བློར་བཟུང་བ་ཡིན། ངའི་མཐའ་འཁོར་དུ་ཡོད་པའི་སློབ་གྲོགས་སྐོར་ཞིག་གིས་འཛིན་དགོས་པའི་དཔེ་ཆ་བློར་འཛིན་མི་བྱེད་པར་ཤབ་ཤུབ་སྒོས་གཏམ་བཤད་པ་དང་མ་རབས་པྲ་ཚགས་ཀྱི་ལས་བྱེད་ཀྱིན་ཡོད་པས་ང་ལ་བཤད་མི་ཤེས་པའི་སུན་སྣང་ཞིག་སྐྱེས་ཏེ་སློབ་གྲོགས་དེ་དག་དང་ཐག་རིང་སར་སོང་ནས་བོད་ཡིག་བློར་བཟུང་བ་ན་སྔོན་ཆད་ཤེས་མ་ཐུབ་པའི་རིག་གནས་མང་པོ་ཞིག་བློར་ཟིན་པ་མ་ཟད། སློབ་ཐུན་གྱི་སྐབས་སུ་དགེ་རྒན་གྱིས་ཀྱང་ང་ལ་བསྟོད་པ་བྱེད་དུས།སྔོན་ཆད་ང་དང་འགྲོགས་ཏེ་མ་རབས་པྲ་ཚགས་བྱེད་མཁན་གྱི་སློབ་གྲོགས་དག་གིས་ཧ་མི་གོ་བའི་མིག་ཟུང་གིས་ཡང་ཡང་ལྟ་བཞིན་ཡོད་པ་འདིས་རྒན་གྱིས་ང་ལ་བསྔགས་བརྗོད་བྱས་པར་ཕྲག་དོག་བྱེད་ཀྱིན་ཡོད་པ་རྟོགས། ཡིན་ན་ཡང་ངས་ཉིན་དེ་ནས་བཟུང་སློབ་གྲོགས་དེ་དག་དང་ཁ་བྲལ་ཏེ་རང་གི་སློབ་སྦྱོང་གི་ཆ་ལ་འབད་པ་གང་ཡོད་བཏོན་ཏེ་གཡུར་དུ་ཟ་བའི་འབྲས་བུ་ཞིག་ལེན་པར་དམ་བཅས་པ་ཡིན།