logo

ཉིན་ཐོ། རྣམ་རྒྱལ་མཚོ།

རྩོམ་པ་པོ།:རྣམ་རྒྱལ་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-11-01 ཀློག་གྲངས།:

རུས་མིང་། རྣམ་རྒྱལ་མཚོ།
འཛིན་གྲྭ། དམའ་གསུམ་བཅུ་གཉིས།
   2018ལོའི་ཟླ9བའི་ཚེས18ཉིན། གནམ་གཤིས་ཤིན་ཏུ་ལེགས།
   དེ་རིང་ནི་གཞན་དང་བསྡུར་ན་མི་འདྲ་བ་མེད་ཅིང་ཁ་སང་སློབ་གྲྭ་ཚོགས་པའི་རྐྱེན་གྱིས་དགོང་མོ་དེར་ང་གཉིད་གཏན་ནས་མ་ཁུག།མདང་དགོང་གཉིད་མ་ཁུག་པའི་རྐྱེན་གྱིས་སྔ་དྲོའི་སློབ་ཁྲིད་ལ་གཟབ་ནན་སྒོས་ཉན་མ་ཐུབ་པས་དགེ་རྒན་གྱིས་དམིགས་བསལ་སྒོས་ངའི་མིང་དུ་བཟུང་ནས་སློབ་ཁྲིད་སྐབས་སུ་བློ་རིག་མི་གསལ་ཞིང་ནན་ཏན་མིན་པའི་ང་ལ་སྐྱོན་བརྗོད་བྱས་པ་རེད། ཕྱི་དྲོའི་སློབ་ཁྲིད་སྐབས་སུ་ཡང་སྔ་དྲོ་ནང་བཞིན་རང་ནུས་གང་ཡོད་སྒོས་སློབ་ཁྲིད་ལ་ཉན་རུང་རྒན་གྱིས་ཞལ་ལས་གནང་བཞིན་པའི་རིན་ཆེན་ནོར་བུ་འདྲ་བའི་ཤེས་རིག་མང་པོ་ཞིག་གི་གོ་བ་ལོན་ཐབས་མ་བྱུང་བ། རྒྱུ་མཚན་དེའི་དབང་གིས་བོད་ཡིག་དགེ་རྒན་གྱིས་ང་ཚོ་སློབ་གྲོགས་དག་གི་སྡོད་གནས་བརྗེ་དགོས་པའི་གནས་ལུགས་བཤད་པ་རེད། སློབ་ཁྲིད་གྲོལ་བ་ན་ང་རང་སྔོན་གྱི་ཚོ་ཆུང་དང་ཁ་བྲལ་ནས་ཚོ་ཆུང་གསར་བ་ཞིག་ཏུ་སྡོད་དགོས་སོང་། ཚོ་ཆུང་གསར་བའི་སློབ་གྲོགས་དག་ནི་ད་སྔ་ང་རང་སྡོད་པའི་ཚོ་ཆུང་དང་གཏན་ནས་མི་འདྲ་བར་རང་རྟོགས་སྒོས་སློབ་སྦྱོང་བྱེད་པ་དང་མི་ཤེས་པའི་གནད་དོན་དགེ་རྒན་དང་སློབ་གྲོགས་ལ་དྲིས་ནས་ཐག་གཅོད་བྱེད་པ། དུས་ཚོད་སྐར་ཆ་གཅིག་ཀྱང་ཆུད་ཟོས་སུ་མི་གཏོང་བར་དུས་ཚོད་དམ་འཛིན་སྒོས་སློབ་སྦྱོང་ལ་རང་ནུས་གང་ཡོད་སྒོས་འབད་པ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་པ་འདིས་ངའི་བསམ་བློ་ལ་སྔ་ན་མེད་པའི་འགྱུར་ལྡོག་ཆེན་པོ་ཞིག་བྱུང་དུ་བཅུག་པ་རེད། དེ་རྐྱེན་གྱིས་ངས་ཀྱང་སློབ་གྲོགས་དེ་དག་དང་འདྲ་བར་སློབ་སྦྱོང་ལ་འབད་བརྩོན་བྱེད་མགོ་ཚུགས་པ་ཡིན་པས་ཉིན་དེའི་དོན་དག་ཆུང་ཆུང་དེས་ངའི་མི་ཚེ་གཅིག་གི་འགྲོ་རིམ་ལ་ཁ་ཕྱོགས་གསལ་བོ་ཞིག་བསྟན་བྱུང་བ་རེད།

 
 
འབྲེལ་ཡོད་འོས་སྦྱོར།