སེར་ཆེན་མེ་ཏོག སངས་རྒྱས་འཚོ།
སློབ་གྲྭ། བསང་ཆུ་རྫོང་རྒན་གྱ་སློབ་གྲྭ།
སློབ་རིམ། ལོ་རིམ་དྲུག་པ།
རུས་མིང་། སངས་རྒྱས་འཚོ།
སེར་ཆེན་མེ་ཏོག་ནི་ཨ་མདོའི་ཡུལ་དུ་སྐྱེས་པའི་མེ་ཏོག་ཅིག་ཡིན། དེའི་མདོག་སེར་པོ་ཡིན་ཞིང་སྐྱེས་སྟངས་མེ་ཏོག་རྒྱ་མེན་དང་འདྲ་སྟེ། གཞུང་རྟའི་རིང་ཚད་ལ་ཐུར་མའི་རིང་ཐུང་ཙམ་ཡོད་ལ། རྫ་མགོ་རུ་བཞད་པའི་མེ་ཏོག་ལ་འདབ་མ་བརྒྱད་ཅན་ཡོད། དེ་མིན་ད་དུང་སེར་ཆེན་མེ་ཏོག་ནི་སྨན་རྫས་ཤིག་ཀྱང་ཡིན། དབྱར་ཟླ་དྲུག་པར་རྩྭ་ཐང་སྟེང་དུ་སེར་ཆེན་མེ་ཏོག་ལྷུག་པོར་བཞད་ཡོད་ལ། དེ་དག་འབྲི་མཛོ་མོས་ཟས་ན་མར་འཕྱུར་རི་རབ་ལྟར་མང་པོ་ཐོན་ཐུབ། ད་དུང་བྱིས་པ་སྐྱེས་དུས་བྱིས་པའི་ཨ་མས་སེར་ཆེན་མེ་ཏོག་གདུས་པའི་ཁུ་བ་འཐུང་ན་བྱིས་པའི་ཤ་མདོག་དྭངས་པར་མ་ཟད། རིག་པ་ཡང་ཧ་ཅང་གསལ་བོ་ཡིན་ཟེར། འདབ་མ་ལྔ་ཅན་ནི་ན་ཁུགས་སུ་སྐྱེ་བར་མ་ཟད་རྩྭ་ཐང་དུ་སྐྱེ་བ་ཡིན། སེར་ཆེན་མེ་ཏོག་གིས་དབྱར་ཁར་མཐའ་ཡས་པའི་རྩྭ་ཐང་མཛེས་སྡུག་ལྡན་པར་བསྒྱུར་བར་མ་ཟད། མིའི་རིགས་ལ་ཡང་ཕན་ཐོགས་པས། ང་རང་སེར་ཆེན་མེ་ཏོག་ལ་ཧ་ཅང་དགའ་འོ། །
ཕ་ཡུལ་ལ་བསྟོད་པ།
ཡངས་པའི་རྒན་གྱའི་རྩྭ་ཐང་ན། །
རང་བྱུང་བྲག་རི་མཁའ་ལ་བསྙེགས། །
རྩྭ་ཆུ་འཛོམས་པའི་ས་ཆ་ནི། །
རྟ་ནོར་ལུག་གི་ཕ་ས་ཡིན། །
བྲག་དཀར་གནས་རིའི་ཉེ་འདབས་ན། །
སྔོ་ལྗང་ནགས་ཚལ་སྟུག་པོ་སྐྱེས། །
རྒྱུན་དུ་བྱ་བྱེའུས་སྐད་སྙན་སྒྲོག །
འདི་ནི་བདག་གི་ཕ་ཡུལ་ཡིན། །
སྐྱིད་པའི་དབྱར་ཟླ་དྲུག་པའི་ནང་། །
རྒྱུན་དུ་བུང་བས་འཕུར་ལྡིང་བྱེད། །
མེ་ཏོག་སྣ་ཚོགས་བཞད་པའི་དུས། །
ཕ་ཡུལ་སྐྱིད་ཅིང་མཛེས་སྡུག་ལྡན། །
མཛུབ་སྟོན་དགེ་རྒན་ནི་བླ་མ་ཚེ་རིང་ཡིན།