logo

སློབ་མའི་འཚོ་བ། བདེ་ཆེན་འཚོ།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2013-11-01 ཀློག་གྲངས།:

སློབ་གྲྭ། བསང་ཆུ་རྫོང་རྒན་གྱ་སློབ་གྲྭ།
སློབ་རིམ། ལོ་རིམ་དྲུག་པ།
རུས་མིང་། བདེ་ཆེན་འཚོ།

     ང་རང་ལོ་དགུ་ལ་སོན་པ་ནས་བཟུང་སློབ་གྲྭར་ཞུགས་ཏེ་སློབ་མའི་འཚོ་བ་རོལ་འགོ་བརྩམས། ལོ་དྲུག་ལྷག་ལ་རོལ་བའི་འཚོ་བ་ད་ལྟ་མཇུག་རྫོགས་ལ་ཉེ། འཚོ་བའི་ཁྲོད་དྲག་ཆར་དང་རླུང་འཚུབ་ཀྱིས་ང་ལ་བཟོད་དཀའ་བའི་ཤུགས་ཡང་ཡང་བསྩལ། འོན་ཀྱང་ང་རང་ཡིད་མ་ཆད་པར་དཀའ་བ་ཁྱད་དུ་གསད་ནས་སྔར་བཞིན་སློབ་མའི་འཚོ་བར་ཆགས། ང་རང་སློབ་མ་ཞིག་ཡིན་ན་ངེས་པར་དུ་སློབ་མའི་འཚོ་བ་མྱོང་དགོས་ལ་སློབ་སྦྱོང་ནི་སློབ་མའི་འཚོ་བའི་བརྗོད་བྱ་ཆེས་ལྕི་བའི་འགན་ཁུར་ཀྱང་ཡིན།
    ཨེ་མ། སློབ་མའི་འཚོ་བ་ཞེས་པ་ནི་འཇིག་རྟེན་འདིའི་སྟེང་གི་གལ་ཆེ་བའི་བསླབ་བྱའི་རང་བཞིན་ཞིག་ཡིན་པ་དང་སློབ་མ་རྣམས་སློབ་མའི་འཚོ་བ་ལ་རོལ་འདོད་ཧ་ཅང་ཆེན་པོ་ཞིག་སྐྱེས་བཞིན་ཡོད་དོ།།

མཛུབ་སྟོན་དགེ་རྒན་ནི་བླ་མ་ཚེ་རིང་ཡིན།


འབྲེལ་ཡོད་འོས་སྦྱོར།