logo

བྲག་དཀར་གནས་རི། མཁར་མོ་སྐྱིད།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2013-11-01 ཀློག་གྲངས།:

སློབ་གྲྭ། བསང་ཆུ་རྫོང་རྒན་གྱ་སློབ་གྲྭ།
སློབ་རིམ། ལོ་རིམ་བཞི་བ།
རུས་མིང་། མཁར་མོ་སྐྱིད།
     ཕ་ཡུལ་རྒན་གྱ་ན་ཆེས་མཐོ་བ་ནི་བྲག་དཀར་དགོན་པའི་རྒྱབ་རི་སྟེ་བྲག་དཀར་གནས་རི་ཟེར་བ་དེ་ཡིན། བྲག་དཀར་གནས་རི་ལ་རྒྱང་ནས་བལྟས་ཚེ། དེ་ནི་ལག་རྩལ་མཁན་པོ་ཞིག་གིས་ལག་པས་བརྩིགས་པ་དང་ཀུན་ནས་མཚུངས་སོ། །
     ད་དུང་གནས་རིའི་མགོ་ན་སྐྱེས་པའི་གནས་ཤུག་དེ་ནི་ཐང་ཆད་པའི་ལམ་འགྲོ་བ་ཞིག་གིས་ངལ་གསོ་བྱེད་བཞིན་པ་དང་ཨ་ན་མ་ན་ཡིན། བྲག་དཀར་གནས་རིའི་ཞབས་ན་བྲག་ཁུང་ཞིག་ཡོད་པ་དེའི་མིང་ལ་གནས་ཁང་ཟེར། དེའི་ནང་ན་རང་བྱུང་སྣང་ཚུལ་མང་བོ་ཡོད་ལ། དེའི་ནང་དུ་སོང་ཚེ་དེའི་ནང་ན་མཚོ་གསུམ་ཡོད་པ་དེའི་མིང་ལ་ལྷ་མོའི་བླ་མཚོ་དང་བདེ་མཆོག་ཡབ་ཡུམ་གྱི་བླ་མཚོ་ཟེར། ད་དུང་རྡོ་རིགས་མི་གཅིག་པ་མང་བོ་ཡོད།
     དབྱར་ཁར། བྲག་དཀར་གནས་རིའི་ཉེ་འདབས་ན་སྔོ་ལྗང་ལྗང་གི་ནགས་ཚལ་སྟུག་པོ་སྐྱེས་ཡོད། དེའི་ནང་དུ་བྱ་བྱེའུ་སྣ་ཚོགས་ཀྱིས་སྐད་སྙན་སྒྲོག་བཞིན་འཕུར་ལྡིང་བྱེད་བཞིན་ཡོད་ལ། ས་འདིའི་ཆུ་ཚང་མ་སྨན་ཆུ་ཡིན།
ཨེ་མ། བྲག་དཀར་གནས་རི་ནི་ཅི་འདྲའི་བརྗིད་ཉམས་ལྡན་ཞིང་ཅི་འདྲའི་མཛེས་སྡུག་ལྡན་པའི་གནས་མཆོག་ཅིག་རེད་ཨང་།

མཛུབ་སྟོན་དགེ་རྒན་བསྟན་འཛིན་ཡིན།


འབྲེལ་ཡོད་འོས་སྦྱོར།