དོན་དངོས་དང་འཕྲད་དུས་ངས་ནམ་ཡང་གདོང་གཏད་མ་མྱོང་། རྡོ་རྗེ་རིན་ཆེན།
རྩོམ་པ་པོ།:
ཡོང་ཁུངས།:
དུས་ཚོད།:2013-10-13
ཀློག་གྲངས།:
རུས་མིང་། རྡོ་རྗེ་རིན་ཆེན།
འཛིན་གྲྭ མཐོ་གཉིས་འཛིན་གསུམ།
ཁ་བྱང་འདི་འབྲི་དུས་ཀྱང་དངོས་གནས་རང་ཉིད་ཀྱི་འདོད་པ་ཡིན་མིན་ལ་བསམས་མ་མྱོང་། འདི་ངའི་སེམས་ཀྱི་རང་སྒྲ་ཡིན་ཡང་སྲིད། ང་ནི་གསར་བུ་ཞིག་ཡིན་ནའང་། ང་ནི་ངོ་ཆུང་ཞིག་ཡིན། ཐེ་ཆུང་ཞིག་ཡིན། མི་མང་ཚོགས་ས་ནས་མང་ཚོགས་ཀྱིས་མ་གྲོས་རང་མཐུན་གྱིས་ངའི་གདོང་ལ་ཅེར་དུས། ང་ལ་དོགས་མི་བདེ་བའམ་ཕ་རོལ་པར་བལྟ་མི་ཕོད་པའི་འདུ་ཤེས་ཤིག་གིས་ང་རང་བག་འཁུམ་པར་བྱེད་ངེས། དེ་བས་ཁྱིམ་མིས་ང་ལ་ཁྱོད་ཀྱི་ངོར་ཁྱི་སྐྱག་བསྐུས་ཡོད་པ་མིན་ནམ་ཞེས་སྡིགས་མོ་བྱེད། ད་དུང་ང་རང་མ་གཞི་ནས་མི་གཞུག་མི་ཆོད་པའི་མི་ཞིག་ཡིན། ལོ་གསར་སྐབས་སུ་ཨ་ཕྱིའི་ཤ་ཉེ་ཚང་ལ་སོང་ནས། ཕུ་བོ་ཞིག་གིས་ངེད་སྤུན་གཉིས་ལ་བཟང་བསྟོད་ཀྱི་ཕྱོགས་ནས་སྒྲོ་འདོགས་མང་པོ་བྱས་ནའང་། འོན་ཀྱང་ང་རང་ལ་ཁོང་གིས་ཁ་ཡག་བཤད་ནས་བཀུག་བྱུང་།
དེ་ནས་བཟུང་ང་རང་ཉིད་ལ་ཡིད་ཚིམ་ནས་དུས་ཚོད་གང་མང་འགོར། ད་དུང་ངས་སློག་རྒྱག་མི་ཐུབ། འདི་ནི་ལོ་བཅོ་བརྒྱད་ལ་བུད་པའི་བུ་ཞིག་ལ་མཚོན་ན་ཅི་འདྲའི་ངོ་ཚ་ཆེ་བ་ལ། ངས་ང་རང་ཉིད་མི་སྟོབས་ལྡན་ཞིག་ཏུ་བསྒྱུར་བའི་ཐབས་མི་ཤེས། འདི་དག་ཚང་མ་ནི་ངས་རང་མགོ་རང་གིས་གཡོགས་པའི་མཇུག་འབྲས་ཡིན་ནམ། སློབ་གྲྭའི་ནང་དུ་ཡོད་དུས་དགེ་རྒན་གྱི་འདྲི་ཚིག་ལ་སྐྲག་ནས་སྙིང་རྩ་འདར་འདར་བྱེད། རང་ཉིད་ཀྱིས་དྲིས་ལན་ཕལ་ཆེར་ཤེས་ནའང་། ཡར་ལངས་བ་དང་མཉམ་དུ་སྐྲག་སྣང་དང་འཚབ་པས་རང་གིས་བཤད་འདོད་པ་ཡང་ཁ་ནང་དུ་མི་ཡོང་གི དེ་བས་ཁ་གཡར་ས་ཞིག་བཙལ་ནས་མགོ་སྒུར་ནས་བསྡད་པ་ལས་གཞན་ཅི་ཡང་མ་བྱས། རང་ཉིད་དེའདྲའི་ནུས་མེད་ཅིག ངས་ད་བར་དུ་ཅི་ཡང་བློས་བཏང་རུང་དགའ་འོས་པའི་གྲུབ་འབྲས་ནས་འབྲུ་ཙམ་ཡང་མ་ཐོབ། ངས་ཅི་ཡང་བཙལ་ཀྱང་ཅི་ཡང་མ་རྙེད་ནའང་། ངས་ནམ་ཡང་རང་སེམས་ལ་གཤག་བཅོས་ཐེངས་གཅིག་ཀྱང་བྱས་མ་མྱོང་། ང་ནི་ཅི་འདྲའི་རང་ཉིད་ལ་འགན་མི་འཁུར་བའི་མི་ཞིག་རེད་ཨང་།
འདི་ལྟར་མུ་མཐུད་དུ་སོང་ན། ང་ནམ་ཉི་མ་ཞིག་ལ་ཚར་ངེས་ཁོ་ཐག་ཡིན། གྲོགས་པོ་སྡུག་ལ་གཏོད་དུས་ཀྱང་རང་ཉིད་ལྟད་མོ་བ་ཇི་བཞིན་འདུག་པ་དེ་ཡང་ང་ཡིན། སྐབས་འདིར་རང་ཉིད་ལ་ནུས་པ་མེད་རུང་ཤུགས་ཤིག་བཏོན་ནའང་འདི་གྲོགས་པོར་མཚོན་ན་དྲོད་ཁོལ་ལྡན་པའི་ལེགས་སྐྱེས་ཤིག་ཅི་ལ་མིན། ད་དུང་ངས་ང་ལ་རང་ཚུགས་མེད་པར་ཡང་འདོད། འདི་དག་ཚང་མ་ནི་ངས་དོན་དངོས་ལ་གདོང་མ་གཏད་པའི་མཇུག་འབྲས་ཁོ་ན་རེད་འདོད།

མཛུབ་སྟོན་དགེ་རྒན། གུ་རུ་དོན་གྲུབ།
འབྲེལ་ཡོད་འོས་སྦྱོར།